གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྡ་བརྒྱུད་ནང་ གནས་ཚུལ་འཛོལ་ཏེ་བྲིས་མི་ལུ་ བློན་ཆེན་གྱིས་དོགས་སེལ།

བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ 
རུ་པིའི་དཀའ་ངལ་གྱི་སྐོར་ལས་ གསལ་བཤད་གནང་པའི་བསྒང་།
 ༢༧/༠༧/༢༠༡༢། ༉ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ བརྡ་བརྒྱུད་ཀྱི་བར་ན་ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱལ་ཡོངས་ཚོགས་འདུ་ནང་ རྒྱལ་ཁམས་ཀྱི་ སྙན་ཞུ་ཕུལ་མི་དང་འབྲེལ་ གནས་ཚུལ་གསར་ཤོག་ཅིག་ནང་ བློན་ཆེན་གྱིས་ རུ་པིའི་དཀའ་ངལ་ཐོན་དགོ་མི་དེ་ དངུལ་ཁང་ཚུ་ལུ་བརྟེན་ཏེ་ཨིན་ཟེར་ སླབ་ཡོདཔ་སྦེ་ བྲིས་མི་དེ་ འཛོལ་བ་ཨིན་ཟེར་གསུངས་ཡི།

གལ་སྲིད་ རྒྱལ་ཁམས་ཀྱི་སྙན་ཞུ་དེ་ ལོག་སྟེ་ལྷག་པ་ཅིན་ ཁོ་གིས་ རུ་པིའི་དཀའ་ངལ་བྱུང་དགོ་པའི་ རྒྱུ་རྐྱེན་དག་པ་ཅིག་ ཐོ་བཀོད་འབད་དེ་ཡོད་མིའི་ནང་ དངུལ་ཁང་ཚུ་གིས་ ཚད་ལས་བརྒལ་ཏེ་ སྐྱིན་འགྲུལ་བྱིན་ནུག་ཟེར་མི་དེ་ ཚུད་ཚུདཔ་ར་ མེད་ཟེར་ཨིན་པས།
དེ་མ་ཚད་ རུ་པའི་དཀའ་ངལ་བསལ་ནིའི་དོན་ལུ་ གཞུང་གིས་བཏོན་མི་ འཛིན་སྐྱོང་གི་ ཐབས་ལམ་ཚུའི་སྐོར་ལས་ ཞུ་བའི་སྐབས་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་བྱིན་ནི་ཚུ་ དམ་འཛིན་འབད་མི་དེ་ གཞུང་གིས་ ཐབས་ལམ་བཏོན་བཏོནམ་ཅིག་ མེན་ཟེར་ཨིནམ་ད་ ཐབས་ལམ་དེ་ དངུལ་ཁང་ཚུ་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ མོས་མཐུན་ཐོག་ལས་ འགོ་འདྲེན་འཐབ་ནུག་ཟེར་མི་དེ་ གསལ་ཏོག་ཏོ་སྦེ་ ཞུ་ཡི་ཟེར་ཨིན་པས།
དེ་མ་ཚད་ གནས་ཚུལ་གསར་ཤོག་ཅིག་ནང་ བློན་ཆེན་གྱིས་ རུ་པིའི་དཀའ་ངལ་ཐོན་མི་དེ་ དངུལ་ཁང་ཚུ་ལུ་བརྟེན་ཏེ་ ཨིན་ཟེར་ སླབ་ཡོདཔ་སྦེ་ འཛོལ་ཏེ་བྲིས་མི་དང་འཁྲིལ་ དངུལ་ཁང་ཚུ་གིས་ གདོང་ལེན་འབད་མི་ལུ་ལྟ་བ་ཅིན་ རྒྱལ་ཁམས་ཀྱི་སྙན་ཞུ་དེ་ རིངམོ་འབད་ནི་དེ་གིས་ དེ་ལུ་ དངུལ་ཁང་ཚུ་གིས་ མ་ཉནམ་བཟུམ་ཅིག་ འདུག་ཟེར་ཨིན་པས།
སྙན་ཞུའི་སྐབས་ དེ་སྦེ་སླབ་དགོ་མི་དེ་ཡང་ གཙོ་བོ་ར་ མི་ཚུ་གི་སེམས་ཁར་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་མ་བྱིན་མི་དེ་ གཞུང་གི་བཀའ་རྒྱ་དང་འཁྲིལ་ཏེ་ཨིན་པའི་ འཆར་སྣང་བྱུང་མི་ལུ་བརྟེན་ཏེ་ཨིན་ཟེར་ བློན་ཆེན་གྱིས་གསུངས་ཡི།
མ་གཞི་ གནད་དོན་དེ་ལུ་ དོགས་སེལ་འབད་དགོཔ་སྦེ་ མཐོང་ཡོདཔ་ཨིན་རུང་ དོགས་སེལ་ཚུ་ འབད་མ་བཏུབ་ད་ བརྡ་བརྒྱུད་ཚུ་གིས་ འཛོལ་བའི་སྙན་ཞུ་འབད་མི་དེ་ གཞུང་ལུ་ དོ་འགྲན་ཅན་ཅིག་ཨིནམ་ལས་ དེམ་ཅིག་སྦེ་ར་ བཞག་ཡི་ཟེར་ཨིན་པས།
བློན་ཆེན་གྱིས་གསུངས་མིའི་ནང་ འཛོལ་བའི་གནད་དོན་དེ་ལུ་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་མེད་པར་ རྒྱལ་ཁབ་ནང་ གོང་འཕེལ་གྱིས་ལས་སྣ་ཚུ་ ག་ཅི་ཡང་ འབད་མི་ཚུགས་ཟེར་ སླབ་ཡོད་མི་ལུ་ བློན་ཆེན་གྱིས་འབད་བ་ཅིན་ སྐྱིན་འགྲུལ་མེད་པ་ཅིན་ གཞུང་གི་ ལས་རིམ་དང་འཁྲིལ་བའི་ གོང་འཕེལ་གྱི་ལས་སྣ་ཚུ་མ་ཚད་ མི་སེར་རང་ར་ སོ་སོ་དང་ སྒེར་སྡེའི་གནས་རིམ་ཚུ་ནང་ དཔལ་འབྱོར་གོང་འཕེལ་ཚུ་ཡང་ བྱུང་མི་ཚུགས་ནི་ཨིནམ་ལས་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་དམ་འཛིན་འབད་དགོ་པའི་ གྲོས་འཆར་དེ་ བློན་ཆེན་ང་ར་གིས་འབད་རུང་ བཀོད་མི་ཚུགས་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ རུ་པིའི་དཀའ་ངལ་དེ་གི་སྐོར་ལས་ ཞིབ་འཚོལ་དང་ དབྱེ་དཔྱད་ཚུ་འབད་བའི་སྐབས་ དངུལ་ཁང་ཁོང་ར་གིས་ གོ་ཡངས་ཐོག་ལས་ སྐྱིན་འགྲུལ་བྱིན་མི་ལུ་བརྟེན་ དངུལ་ཁང་ཚུ་ ཉེན་ཁ་ཅན་གྱི་ གནས་སྟངས་ནང་ ལྷོད་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ མོས་མཐུན་ཐོག་ལས་ སྐྱིན་འགྲུལ་དམ་འཛིན་འབད་ནིའི་ ཐབས་ལམ་ ལག་ལེན་འཐབ་ཡོདཔ་ལས་ དམ་འཛིན་གྱི་ཐབས་ལམ་དེ་ གཞུང་དང་འབྲེལ་བ་ རྩ་ལས་ར་ མེད་ཟེར་ཨིན་པས།
དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་འབྱིན་ནི་དེ་ དངུལ་ཁང་ཚུ་གི་ ཚོང་འབྲེལ་ངོ་མ་ཅིག་ཨིནམ་ལས་ སྐྱིན་འགྲུལ་བྱིན་མ་ཚུགས་པ་ཅིན་ དངུལ་ཁང་ཚུ་ འཚོ་འཐབ་འབད་མི་ཚུགས་ཟེར་མི་དེ་ བདེན་ཟེར་ གསུངས་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

 

No comments:

Post a Comment