གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགའ་སྐྱིད་དང་ཕན་བདེ་ ཡུན་བརྟན་གོང་འཕེལ་གྱི་དོན་ལུ་གལ་ཆེཝ།

༢༢/༠༦/༢༠༡༢   ༉ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ བ་རཱ་ཟིལ་ལུ་ རིའོ་+༢༠ ཟེར་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡུན་བརྟན་གོང་འཕེལ་གྱི་ ཞལ་འཛོམས་འགོ་འབྱེད་སྐབས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱལ་ཁམས་དང་ གཞུང་གི་དབུ་ཁྲིད་༡༠༠ ལྷགཔ་ཅིག་ འཛོམས་མི་ཚུ་ལུ་ འགྲོ་བ་མིའི་དོན་ལུ་ ཚུལ་ལྡན་དང་ ཉེན་སྲུང་ཅན་ དེ་ལས་ ཡུན་བརྟན་གོང་འཕེལ་གྱི་ ལམ་ཕྱོགས་ལུ་ ཞུགས་ནི་གི་ ཕྱག་ལཱ་མཛད་དགོ་པའི་ ཞུ་སྐུལ་གནང་ནུག།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ བ་རཱ་ཟིལ་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡུན་བརྟན་གོང་འཕེལ་གྱི་ ཞལ་འཛོམས་འགོ་འབྱེད་ནང་ གསུང་བཤད་གནང་པའི་བསྒང་།


རྒྱལ་སྤྱི་མི་སྡེ་གིས་ ཞལ་འཛོམས་ཀྱི་ གྲོས་བཅུད་གསལ་བཀོད་འབད་མི་ མང་ཤོས་ཅིག་ལུ་ མོས་མཐུན་བྱུང་མ་ཚུགས་མི་ལུ་ ཐུགས་ཕམ་ཡོད་ལུགས་ བཤདཔ་དང་འབྲེལ་ཏེ་ བློན་ཆེན་གྱིས་ འཐུས་མི་རྒྱལ་ཁབ་ཚུ་ལུ་ རང་སོའི་རྒྱལ་ཁབ་ཚུ་ནང་ ལྷག་པར་དུ་ བརྩོན་ཤུགས་ཐེབས་ བསྐྱེད་དགོ་པའི་ཁར་ འཛམ་གླིང་གཅིག་གྱུར་དང་ སྐྱེ་ལྡན་གྱི་མཚམས་མེད་པའི་ འཛམ་གླིང་ནང་ རང་སོའི་རྒྱལ་ཡོངས་མཐའ་དོན་གོང་འཕེལ་གྱི་དོན་ལུ་ རང་ལས་སྐྱོ་མི་ཚུ་ལུ་ ཆ་རོགས་མཛད་དགོ་པའི་ ཞུ་སྐུལ་གནང་ཡོདཔ་ཨིན་པས།
ཞལ་འཛོམས་ཀྱི་ གྲོས་བཅུད་ཚུ་ནང་ གསལ་བཀོད་འབད་མི་ཚུ་ དམིགས་དོན་འགྲུབ་དགོཔ་ལེ་ཤ་ཡོད་མི་ལས་ ལེ་ཤ་གིས་ མི་ཚང་དོ་ཡོདཔ་ཨིན་རུང་ འཐུས་མི་རྒྱལ་ཁབ་ཚུ་གིས་ ཡུན་བརྟན་གོང་འཕེལ་ལུ་ བརྩོན་ནི་དང་ ཚུལ་ལྡན་ལམ་ཕྱོགས་ལུ་ སྣ་ཁྲིད་འབད་ནིའི་དོན་ལུ་ དབུ་ཁྲིད་ཚུ་ལུ་ མི་སེར་ལས་ བློ་གཏད་དང་ ཡིད་ཆེས་འདྲོངས་ཚུགསཔ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་དགོ་ཟེར་ བློན་ཆེན་གྱིས་ གསུངས་ཡོདཔ་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ཞལ་འཛོམས་ནང་ ཡུན་བརྟན་གོང་འཕེལ་གྱི་ དམིགས་དོན་ཚུ་ལུ་ རྒྱབ་སྣོན་ཆ་འཇོག་འབད་ནི་དེ་ གལ་ཆེཝ་བཞིན་དུ་ དམིགས་དོན་དེ་ཚུ་ འགྲོ་བ་མིའི་ དགའ་སྐྱིད་དང་ ཕན་བདེ་ལུ་ གཞི་བཟུང་དགོ་ཟེར་ཨིནམ་ད་ ཡུན་བརྟན་དང་ ཕན་བདེ་ དགའ་སྐྱིད་ཀྱི་གནས་སྟངས་༣ ཕན་ཚུན་གཅིག་གིས་གཅིག་ལུ་བརྟེན་ དགོ་མི་དེ་ཡང་ དགའ་སྐྱིད་མེད་པ་ཅིན་ མི་ཚེའི་གནས་སྟངས་དང་ ང་བཅས་རའི་ རང་བཞིན་གྱིས་ཕྱུག་པའི་ འཛམ་གླིང་འདི་ ག་དེམ་ཅིག་ར་ མཛེས་ཏོག་ཏོ་དང་ རྩ་ཆེ་ཏོག་ཏོ་ཡོད་རུང་ དེ་ལུ་ ཡིད་ཆེས་ངལ་རངས་མི་འབྱུང་ནི་དང་ ཕན་བདེ་མེད་པ་ཅིན་ དགའ་སྐྱིད་མི་འོང་ཟེར་ བློན་ཆེན་མཆོག་གིས་ གསུངས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཕན་བདེ་དེ་ ཡུན་བརྟན་དང་ དགའ་སྐྱིད་གཉིས་ཟུང་སྦྲེལ་ཐོག་ འབྱུང་ཚུགས་ཟེར་ གསུངས་གནང་ཡོདཔ་ཨིན་པས།

བློན་ཆེན་མཆོག་གིས་ ཞལ་འཛོམས་ནང་ འབྲུག་གིས་ ཡུན་བརྟན་གོང་འཕེལ་ལུ་ ཁས་ལེན་འབད་དེ་ཡོད་མི་དེ་ ཡུན་བརྟན་དང་ འདྲ་མཉམ་ འགྲོ་བ་མིའི་བརྩི་མཐོང་ སྐྱེ་ལྡན་བསྐྱར་གསོ་ ལེགས་ལྡན་གཞུང་སྐྱོང་ཚུ་ཚུད་པའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ གཞི་གནད་བཟུང་བའི་ གོང་འཕེལ་གྱི་ ལྟ་བ་དེ་ཨིན་ཟེར་ གསུངས་ཡོདཔ་ད་ འབྲུག་གི་ཡུན་བརྟད་གོང་འཕེལ་གྱི་ མཚོན་དཔེ་དེ་ རྒྱལ་སྤྱི་མི་སྡེ་གིས་ ངོས་ལེན་འབད་མི་གིས་མ་དོ་བར་ སྤྱི་ལོ་༢༠༡༡ ཟླཝ་༧ པའི་ནང་ འཛམ་གླིང་སྤྱི་ཚོགས་ཡོངས་ཁྱབ་ཚོགས་འདུ་གིས་ཡང་ ཕན་བདེ་དང་ དགའ་སྐྱིད་དེ་ གོང་འཕེལ་གྱི་ གྲོས་གཞི་ནང་ བཙུག་ནི་སྦེ་ མགྲིན་དབྱངས་གཅིག་གི་ཐོག་ལས་ ཆ་འཇོག་གྲུབ་ཅི་ཟེར་ གསུངས་ཡོད་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment