གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་གུ་ ཚོགས་ཁང་གོང་འོག་ ལྷན་བཞུགས་ཐོག་ལས་ གསུང་གྲོས་གནང་ནི།

༢༩/༠༦/༢༠༡༢   ༉ རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་གི་ དོན་ཚན་༨ ལུ་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་གཉིས་ ལྷན་བཞུགས་ཐོག་ལས་ གསུང་གྲོས་ཞིབ་ཞིབ་སྦེ་ གནང་ནི་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་གིས་ འདས་པའི་བདུན་ཕྲག་ནང་ རྐྱེན་ངན་འཛིན་སྐྱོང་གི་ དོན་ཚན་༦༡ ལེགས་བཅོས་འབད་མི་དང་ གཞན་མི་ དོན་ཚན་གསརཔ་༥ རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་འབད་བའི་ཤུལ་ལུ་ ལྷན་བཞུགས་ཀྱི་གསུང་གྲོས་གནང་ནི་ལུ་ གྲོས་ཐག་བཅད་ཡོདཔ་ཨིན་པས། 



རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་ དོན་ཚན་༡༠ ཆ་འཇོག་མ་འབདཝ་མ་ཚད་ དོན་ཚད་༢ དེ་ རེས་གཟའ་མིག་དམར་ལུ་ གྲོས་བསྡུར་འབད་ནི་ཨིན་པས།
མ་གཞི་ རྒྱལ་ཡོངས་ཚོགས་སྡེ་གིས་ རྫོང་ཁག་ཚུ་ནང་ རྐྱེན་ངན་འཛིན་སྐྱོང་གི་ ཡིག་ཚང་དང་ འགོ་དཔོན་ཅིག་ གསར་བསྐོ་འབད་ནིའི་དོན་ལུ་ ཆ་འཇོག་འབད་ཡོད་རུང་ རྒྱལ་ཡོངས་ཚོགས་འདུ་གིས་ འབད་བ་ཅིན་ དེ་སྦེ་ གཞི་བཙུགས་འབད་བ་ཅིན་ ས་གནས་ནང་ རྐྱེན་ངན་ཆུང་ཀུ་ཅིག་ཐོན་རུང་ གྲོགས་རམ་དགོ་པའི་སྐོར་ལས་ ཞུ་བ་ཐོན་འོང་ཟེར་ཞུ་ཡི།
ཀྲོང་གསར་འཐུས་མི་ དངོས་གྲུབ་བཟང་པོ་གིས་ ཞུ་དོ་བཟུམ་འབད་བ་ཅིན་ ད་ལྟོའི་རྐྱེན་ངན་ཐོན་པའི་སྐབས་ལུ་ རྫོང་ཁག་འགོ་དཔོན་ཚུ་ མཉམ་རུབ་ཐོག་ལས་ ལཱ་ཚུ་འབད་དང་འབད་བཞིན་པ་སྦེ་ཡོདཔ་ལས་ ཤུལ་ལས་ རྐྱེན་ངན་གྱི་འགོ་དཔོན་ཅིག་ ལོགས་སུ་སྦེ་ བཀལ་བ་ཅིན་ རྐྱེན་ངན་བྱུང་བའི་སྐབས་ལུ་ གཞན་མི་འགོ་དཔོན་ཚུ་གིས་ མཉམ་འབྲེལ་འབད་མི་བཏུབ་ཟེར་ཞུ་ཡི།
ལཱ་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ ཞུ་མི་དང་འཁྲིལཝ་ད་ རྫོང་ཁག་ནང་ རྐྱེན་ངན་འཛིན་སྐྱོང་འགོ་དཔོན་བཀལ་མི་གིས་ གཞུང་ལུ་ཟད་འགྲོ་ཐེབས་གནས་ནི་ཨིནམ་ལས་ དེ་ལུ་ རྒྱབ་སྐྱོར་མེད་ཟེར་ཞུ་ཡི།
བཅའ་ཁྲིམས་དེ་ གཞུང་གིས་ གཞི་བཙུགས་འབད་དོ་ཡོདཔ་ལས་ རྐྱེན་ངན་གནད་དོན་སྐོར་ལས་ དབྱེ་ཁག་སོ་སོར་མ་ཕྱེ་བར་བཞག་པ་ཅིན་ ཤུལ་ལས་ གཞུང་ལུ་དཀའ་ངལ་བྱུངམ་མས་ཟེར་ གསོ་བའི་བློན་པོ་བཟང་ལེགས་འབྲུག་པ་གིས་ཞུ་ཡི།
སྤུ་ན་ཁའི་འཐུས་མི་གིས་ ཞུ་མི་དང་འཁྲིལཝ་ད་ རྐྱེན་ངན་འཛིན་སྐྱོང་དེ་ དབྱེ་བ་ཕྱེ་དགོཔ་ཁག་ཆེ་བས་ཟེར་ཨིནམ་ད་ ཁོ་གི་འདེམས་ཁོངས་ནང་ལུ་ ཁྱིམ་གུང་༡༥༠ དེ་ཅིག་གི་ ལོ་ཐོག་ སེརཝ་གིས་མེདཔ་བཏང་ཡོདཔ་ཨིན་རུང་ ད་ཚུན་གྱི་བར་ན་ རྒུད་འཐུས་ སོན་མ་གཏོགས་ གཞན་ག་ཅི་ཡང་ ཐོབ་མ་ཚུགས་པར་ལུས་ཏེ་ཡོད་ཞུ་ཡི།
ག་དེམ་ཅིག་སྦེ་ རྐྱེན་ངན་གྱི་ དབྱེ་བ་ཕྱེ་སྟེ་ཡོདཔ་འདྲཝ་ཅིག་འབད་བ་ཅིན་ མི་ཚུ་གིས་ ཁོང་ར་ལུ་ རྒུད་འཐུས་ག་ཅི་བཟུམ་ཅིག་ ཐོབ་ནི་ཨིན་ན་ ཧ་གོ་ཚུགས་པས་ཟེར་ ཞུ་ཡོད་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།

No comments:

Post a Comment