གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་རུད་དང་ ཆུ་རུད་ཀྱིས་ མགར་སའི་གཞུང་ལམ་ཆད་ཡོདཔ།

སྤུ་ན་ཁ་དང་ མགར་སའི་བར་ན་ སྤྲིངས་ཟམ་༡ རྩིས་ཏེ་ ཟམ་༣ འཕྱགས་བདའ་ཡོདཔ།

སྤུ་ན་ཁ་དང་ མགར་སའི་བར་ན་ སྤྲིངས་ཟམ་༡ རྩིས་ཏེ་ ཟམ་༣ འཕྱགས་བདའ་ཡོདཔ།
༢༢/༠༦/༢༠༡༢   ༉ ཁ་ཙ་དྲོ་པར་ཆུ་ཚོད་༣ དེ་ཅིག་ཁར་ སྤུ་ན་ཁ་དང་ མགར་སའི་གཞུང་ལམ་བདའ་སྟེ་ ས་གནས་ཐདམ་ཐད་ཁ་ལས་ཕར་ ས་རུད་ཆད་ཡོདཔ་མ་ཚད་ གཙང་ཆུ་དང་ རོང་ཆུ་ཚུ་ བྲེས་ནི་དེ་གིས་ རྩི་སའི་ཟམ་༢ དང་ སྤྲིངས་ཟམ་༡ དེ་ལས་ འཁོར་ལམ་འཕྱགས་བདའ་མི་ལུ་བརྟེན་ མགར་ས་དེ་ རྫོང་ཁག་གཞན་དང་ རྒྱུན་འབྲེལ་འཐབ་མ་ཚུགསཔ་ ཐལ་ཡོདཔ་ཨིན་པས།


དེ་ཡང་ འདམ་སྦྱིས་ཀྱི་ སྦོ་ལོགས་ཁར་ ཕུན་ཚོགས་སྒང་རྒྱབ་ལུ་ རྩི་སའི་ཟམ་༡ དང་ འདམ་སྦྱིས་ལས་ ཁ་མར་བལྟ་སྟེ་ ཀི་ལོ་མི་ཊར་༢ དེ་ཅིག་གི་ས་གནས་ལུ་ རྩི་སའི་ཟམ་༡ དང་ གྱེན་ཐལ་ན་སྤྲིངས་ཟམ་དེ་ རྩ་བ་ལས་ འཕྱགས་བདའ་ཡོདཔ་ད་ དཀར་སྦིས་ན་གཡུས་ཚན་གྱི་འོག་ལུ་ འཁོར་ལམ་ ཆད་ཡོདཔ་ཨིན་པས།
ཁ་སྨད་རྒེད་འོག་བདག་སྐྱོང་འགོ་དཔོན་ ཚེ་རིང་དཔལ་ལྡན་གྱིས་ སླབ་མིའི་ནང་ འདམ་སྦྱིས་འབྲིང་རིམ་སློབ་གྲྭ་གོང་མའི་ ཉེ་འདབས་ལུ་ རོང་ཆུ་བྲེས་མི་ལུ་བརྟེན་ སློབ་ཕྲུག་ཚུ་ ལོ་ཕྱེད་ཀྱི་ ཆོས་རྒྱུགས་རྐྱབ་པའི་ ནམ་དུས་ལུ་ སློབ་གྲྭ་སྒོ་བསྡམས་བཞག་དགོཔ་ བྱུང་ནུག་ཟེར་ཨིན་པས།
སྟར་ཤིང་ཐང་ལུ་ མོ་ཆུའི་མཐའ་མར་ ཚོང་ཁང་བཙུགས་སྡོད་མི་ སྐྱེས་ལོ་༤༦ ལང་མི་ སངས་རྒྱས་ལྷ་མོ་དེ་ ཚ་གྱང་ལང་ཡོད་མི་དེ་ཡང་ མོ་གི་རྨགཔ་དེ་ ས་གནས་དེ་ཁ་ལས་ ཉིན་ལམ་ཅིག་ ལམ་འགྱོ་དགོ་པའི་ས་གནས་ ཁ་སྨད་རྒེད་འོག་ལུ་ ཁོ་རའི་ཁྱིམ་ནང་ སོང་ཡོདཔ་ལས་ ལམ་བཀག་མི་དང་ ཁ་ཐུག་རྐྱབ་ཡོདཔ་ལས་ ལོག་མ་ལྷོད་ནི་དེ་གིས་ཨིན་པས།
ལམ་བདའ་སྟེ་ ས་རུད་དང་ ཆུ་རུད་ཐོན་ནི་དེ་གིས་ མོ་ཆུ་བྲེས་ཏེ་ ཉ་སྟོང་ཕྲག་ལས་བཅད་དེ་ ཤི་ཡོདཔ་ད་ ནགས་ཚལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ མི་ཚུ་གིས་ གཙང་ཆུའི་མཐའམ་བདའ་སྟེ་ ཉ་དང་ ཤིང་དེ་ཚུ་ བསྡུ་བསྒྱོམ་འབདཝ་མས་ཟེར་ཨིན་པས།
སྤུ་ན་ཁ་ བཞེང་གོ་རྩེ་ལས་ སྐྱེས་ལོ་༢༨ ལང་མི་ དངོས་གྲུབ་ཀྱིས་ ཉ་ཀེ་ཇི་༣༠༠ དེ་ཅིག་ བསྡུ་བསྒྱོམ་འབད་ཡོདཔ་ལས་ ཐིམ་ཕུ་ཚོད་བསྲེ་ཁྲོམ་ཁར་ འབག་འོང་སྟེ་ བཙོང་ནི་གི་ འཆར་གཞི་ཡོད་ཟེར་ཨིནམ་ད་ ཁོ་གི་ཆ་རོགས་ཅིག་གིས་ ཉ་ཕད་ཙེ་༤ དེ་ཅིག་ ཁྱིམ་ནང་འབག་སོང་ཡི་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ མི་ལུ་ གནོད་སྐྱོན་བྱུང་པའི་ ལོ་རྒྱུས་མེད་རུང་ འདམ་སྦྱིས་ལུ་ ནོར་གྱི་བྱང་ས་དང་སྦྲགས་ བ་༡ འཕྱགས་བདའ་ཡོད་པའི་གནས་ཚུལ།

སྟར་ཤིང་ཐང་ལས་ ཚེ་རིང་རྣམ་རྒྱལ་དང་ ཡེ་ཤེས་སྒྲོལ་མ།

No comments:

Post a Comment