གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་འཁྲུགས་པའི་ལྷ་ཁང་ནང་གི་ ནང་རྟེན་མང་ཤོས་ཅིག་ལུ་ ཉམས་སྐྱོན་མེདཔ།

དུས་མཆོད་འབུམ་སྡེ་ཚུ་ གྲྭ་ཤག་གསརཔ་གི་ རྡོ་གཅལ་ནང་ འགོ་འདྲེན་འཐབ་ནི་དང་ རྫོང་ཁག་བདག་སྐྱོང་ཡིག་ཚང་དེ་ བ་འཇོ་ཐང་ཁྲོམ་གྱི་ལྟག་ལུ་ མཆོད་ཁང་ནང་ གཞི་བཙུགས་འབད་ནི།

སྤྱི་ཟླ་༦ པའི་ཚེས་༢༤ གི་ ཕྱི་རུ་ཁམས་ཅིག་ཁར་ དབང་འདུས་ཕོ་བྲང་རྫོང་གི་ དབུ་རྩེ་གུ་ མེ་འབར་བའི་མཐོང་སྣང་།
༢༧/༠༦/༢༠༡༢   ༉ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ མེ་མཆོད་བཞེས་མི་ དབང་འདུས་ཕོ་བྲང་རྫོང་ནང་ ཁ་ཙ་ དམག་མི་ཚུ་གིས་ དབྱེ་ཞིབ་འབད་བའི་སྐབས་ མི་འཁྲུགས་པའི་ལྷ་ཁང་ལུ་ གནོད་སྐྱོན་ག་ཅི་ཡང་ མ་བྱུངམ་སྦེ་ མཐོང་ཡོདཔ་ཨིན་པས།
རབ་སྡེ་གྲྭ་ཚང་གི་ འགོ་དཔོན་ལ་ལུ་ཅིག་གིས་འབད་བ་ཅིན་ ལྷ་ཁང་དེ་ནང་ལས་ མཆོད་ཆས་དག་པ་ཅིག་ གནོད་སྐྱོན་ག་ཅི་ཡང་མ་བྱུང་པར་ ལོག་ཐོབ་ཡོདཔ་མ་ཚད་ དྭངས་ཆུ་ཁ་ཐུག་ཡོད་མི་ ལྷ་ཁང་དེ་ནང་ མར་ཊིན་ཀེ་ཇི་༢ བཞག་ཡོད་མི་དེ་ཡང་ མ་བཞུ་བར་ ལུས་ཡོདཔ་མཐོང་ཅི་ཟེར་ཨིན་པས།

སྤུ་ན་གཙང་ཆུ་དང་ དྭངས་ཆུ་གཉིས་འཛོམས་པའི་སྦུག་ལུ་ གླངམོ་ཆེ་ཉལ་འདྲ་བའི་ ལྟག་ལྐོག་གུ་བཞེངས་མི་ དབང་འདུས་ཕོ་བྲང་རྫོང་ མེ་མཆོད་བཞེས་པའི་བསྒང་།
མེ་མཆོད་བཞེས་པའི་ཤུལ་ལུ་ གྱང་འཁོགས་སྦེ་མཇལ་མི་ དབང་འདུས་ཕོ་བྲང་རྫོང་།


ལྷ་ཁང་དེ་ནང་ལས་ རོལམོ་སྤོ་སང་ཆ་༡ དང་ མི་འཁྲུགས་པའི་དཔེ་ཆ་ བླ་མའི་བཞུགས་ཁྲི་ ཅོག་སྒྲོམ་ མཆོད་པའི་ཏིང་ཕུད་རྡོག་༣ འབད་མི་ཚུ་ཡང་ ཨ་རྟག་ག་ཨིནམ་སྦེ་ ལོག་ཐོབ་ཡོདཔ་ད་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་འབད་བ་ཅིན་ ལྷ་ཁང་གི་ ལྡེབས་རིས་ཚུ་ལུ་ཡང་ གནོད་སྐྱོན་ག་ནི་ཡང་ མ་བྱུང་པས་ཟེར་ཨིན་པས།
གྲྭ་ཚང་གི་ མི་ཤི་བླམ་ ཟླ་བ་གྲགས་པ་གིས་འབད་བ་ཅིན་ ལྷ་ཁང་དེ་ནང་ སྤུ་ན་གཙང་ཆུ་ཁ་ཐུག་ལུ་བཞག་མི་ ལྕགས་སྒྲོམ་ཅིག་ མེའི་དྲོད་ཀྱིས་ ཚ་ཏོག་ཏོ་ཐལ་སོ་ནུག་ཟེར་ཨིནམ་ད་ ལྕགས་སྒྲོམ་དེ་ནང་ དུར་ཁྲོད་ནང་ ལག་ལེན་འཐབ་མི་ཅ་ཆས་ མཆོད་པའི་ཏིང་དང་ ཁྲོ་བོ་ དེ་ལས་ གང་གཟར་གང་བླུག་ཚུ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྷ་ཁང་དེ་ནང་ ཀ་པ་ལི་དང་ རྟེན་ཁེབས་ཚུ་ཡང་ཡོདཔ་ལས་ དེ་ཚུ་ བཏོན་ཚུགས་མ་ཚུགས་ སླབ་མ་ཤེས་རུང་ མི་འཁྲུགས་པའི་ སྐུ་འདྲ་ཚུ་ ཧེ་མ་ལས་ ཕྱི་ཁར་བཏོན་ཚུགས་ནུག་ཟེར་ཨིན་པས།
ཨིན་རུང་ དགེ་སློང་ཞལ་གྲངས་༥༠ དེ་ཅིག་ཤོང་བའི་ ལྷ་ཁང་དེ་ནང་ ཆོ་ག་ཚུ་ གནང་པའི་སྐབས་ མཆོད་ཆས་ཚུ་ མཆོད་དཔོན་གྱིས་ ལྷ་ཁང་གཞན་ཚུ་ནང་ལས་ འབག་འོང་དགོཔ་ལས་ སྐུ་རྟེན་དང་ ཅ་རྙིང་གཞན་ག་ཅི་ཡང་ མི་འོང་ཟེར་ གྲྭ་ཚང་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ལྷ་ཁང་དེ་ལུ་ མེ་རྐྱེན་གྱིས་ གནོད་སྐྱོན་ག་ཅི་ཡང་ མ་བྱུང་མི་དེ་ཡང་ གཙོ་བོ་ར་ རྫོང་གི་ཁང་མིག་གཞན་ཚུ་ནང་བཟུམ་སྦེ་ ཨེན་ཏ་མ་འཐིང་པར་ དང་ཕུའི་ལུགས་སྲོལ་ཐོག་ལས་ ཨཔ་ས་ཀུ་ས་ཟེར་མི་ ས་གིས་བཟོ་བཀོད་འབད་དེ་ཡོད་མི་ལུ་བརྟེན་ ཨིནམ་འོང་ནི་མས་ཟེར་ཨིནམ་ད་ ཨཔ་ས་ཀུ་ས་དེ་གིས་ མེ་དང་ཆུ་༢ ཆ་ར་ལས་ ཐུབ་ཚུགསཔ་ཨིན་པས།
མ་གཞི་ ཧེ་མ་འབད་བ་ཅིན་ ལྷ་ཁང་གི་ ཁང་མིག་ག་རའི་ནང་ ཨེན་ཏ་མེན་པར་ ས་ཀུ་ས་ སའི་རིགས་ཀྱིས་ བཟོ་བཀོད་འབད་ཡོདཔ་ཨིན་རུང་ ཤུལ་ལས་ ཉམས་གསོ་ཞུ་བའི་སྐབས་ ཨེན་ཏ་འཐིང་ཡོདཔ་ཨིན་པས།
མི་འཁྲུགས་པའི་ལྷ་ཁང་དེ་ དྭངས་ཆུ་ཁ་ཐུག་ལུ་ དབུ་རྩེ་དང་ འདུ་ཁང་གི་བར་ན་ ཐོག་ཚད་༢ པའི་ནང་ཡོདཔ་ཨིན་པས།
ད་ལྟོའི་གནས་སྟངས་ནང་ མི་མང་ཤོས་ཅིག་གིས་ ནང་རྟེན་ཚུ་ ག་ར་ཚངམ་སྦེ་ ཐོབ་ཡོདཔ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ ནང་སྲིད་ལྷན་ཁག་འོག་གི་ ལམ་སྲོལ་ལས་ཁུངས་ལས་ འགོ་དཔོན་ཚུ་འོང་སྟེ་ ཞིབ་དཔྱད་རྐྱབ་པའི་བསྒང་ཡོདཔ་ལས་ ད་ལྟོ་ ག་ཅི་ར་ མ་ཚངམ་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིན་པས།
རྫོང་ཁག་གི་ རྟེན་གསུམ་ཐོ་བཀོད་དང་འཁྲིལཝ་ད་ རྫོང་གི་ལྷ་ཁང་༡༤ འི་ནང་ སྨན་སྐུ་༢༣༩ དང་ ལི་སྐུ་༢༡༩ ཐང་ཀ་༡༦༧ དངུལ་དང་ ཟངས་ ཤིང་གིས་བཞེངས་པའི་ མཆོད་རྟེན་༣༥ ཕུར་པ་༧ གསུང་རྟེན་གསེར་བྲིས་མ་༤ བཀའ་འགྱུར་དང་ བསྟན་འགྱུར་ དེ་ལས་ བཀའ་འབུམ་བཅས་༤ གླངམོ་ཆེའི་ཆེཝ་༢༤ བསི་ལི་རྭ་༡ དང་ འཇིམ་སླ་བསྲེས་ཆེཝ་༡ གཟི་༡༨ གཡུ་༥༥ བྱུ་རུ་དང་ ཕྲེང་འཁོར་གསུམ་༧༥ ཚེམས་རིང་བསྲེལ་༤ དེ་ལས་ མཆོད་ཆས་སྣ་ཚོགས་༦༢ ཡོདཔ་ཨིན་པས།
ནང་སྲིད་བློན་པོ་གིས་འབད་བ་ཅིན་ ད་རེས་ གནས་སྐབས་ཅིག་གི་དོན་ལུ་ དུས་མཆོད་འབུམ་སྡེ་ཚུ་ཡང་ རྫོང་གི་ཉེ་འདབས་ལུ་ཡོད་པའི་ གྲྭ་ཤག་གསརཔ་གི་ རྡོ་གཅལ་ནང་ འགོ་འདྲེན་འཐབ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ནང་སྲིད་བློན་པོ་དང་ རྫོང་ཁག་འགོ་དཔོན་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་པའི་ཤུལ་ལུ་ རྫོང་ཁག་གི་ བདག་སྐྱོང་ཡིག་ཚང་དེ་ ད་རེས་ནངས་པ་ བ་འཇོ་ཐང་ཁྲོམ་གྱི་ལྟག་ལུ་ ཆོས་བཤད་ཀྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ མཆོད་ཁང་དེ་ནང་ བཅད་ཚུ་རྐྱབ་ཐོག་ལས་ གཞི་བཙུགས་འབད་ནི་སྦེ་ གྲོས་ཐག་བཅད་ནུག།
མཆོད་ཁང་དེ་ ལེགས་ཤོམ་སྦེ་ མ་བསྒྲུབ་ཚུན་ཚོད་ གནམ་འབྱ་གི་ སློབ་གྲྭའི་ངལ་གསོ་སྐབས་ ཉིན་གྲངས་༡༥ འི་རིང་ ལས་སྡེ་༢༢ འབད་མི་ རྫོང་ཁག་ཡིག་ཚང་དེ་ བ་འཇོ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ ལག་ལེན་འཐབ་ནི་ཨིན་ཟེར་ ནང་སྲིད་བློན་པོ་གིས་ བཤདཔ་ཨིན་པས།
ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ རྫོང་ཐལ་བར་བརླགས་བཏང་མིའི་ ས་ཁོངས་ནང་ ནན་བསྐྱར་དུ་ གཟིགས་ཞིབ་གནང་ཡོདཔ་ད་ དེ་བསྒང་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ པ་ཝཱན་ ཀེ་བར་མ་གིས་ འབྲུག་གི་རྒྱལ་རབས་ཅན་གྱི་ དབང་འདུས་ཕོ་བྲང་རྫོང་མེ་མཆོད་བཞེས་མི་ལུ་ རྒྱ་གར་གཞུང་དང་ མི་སེར་ཚུ་གི་ ཁ་ཐུག་ལས་ སེམས་ཕམ་ཡོད་ལུགས་ ཞུ་ཡོད་པའི་གནས་ཚུལ།

དབང་འདུས་ཕོ་བྲང་ལས་ ཉི་མ་དབང་འདུས།

No comments:

Post a Comment