གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྱངས་ཁ་ཚངམ་རྐྱངམ་གཅིག་གིས་ མི་བཏུབ་ནི།

༢༣/༠༦/༢༠༡༢   ༉ ད་རེས་ནངས་པ་ གཞི་བཙུགས་འབད་བའི་བསྒང་ཡོད་མི་ སྲིད་དོན་ཚོགས་པ་ཚུ་ རང་སོའི་འདེམས་ངོ་འཚོལ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་བཞིན་དུ་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྲིད་ཚོགས་ཚུ་ལུ་ འདེམས་ངོ་༤༧ ཆ་མཉམ་ཚང་དགོ་མི་གིས་མ་ཚད་པར་ གལ་སྲིད་ བཙག་འཐུ་གྲུབ་སོ་པ་ཅིན་ རྒྱལ་ཡོངས་གནས་རིམ་གྱི་ དབུ་ཁྲིད་མཛད་ཚུགས་པའི་ ལྕོགས་གྲུབ་ཡོད་མི་ཚུ་ཡང་ཡོདཔ་ ངེས་བརྟན་བཟོ་དགོ་ཟེར་ཨིན་པས།


འབྲུག་ལུ་ སྲིད་དོན་ཚོགས་པའི་ དམིགས་དོན་གཙོ་བོ་ར་ སྤྱི་ཚོགས་ནང་ མི་སེར་གྱི་ སྐུ་ཚབ་སྦེ་ འབྲེལ་གཏོགས་འབད་ནི་དང་ གལ་སྲིད་ བཙག་འཐུའི་ནང་ལས་ མཐར་འཁྱོལ་བྱུང་པ་ཅིན་ གནས་ཡུན་༡ འབད་མི་ དུས་ཡུན་ལོ་ངོ་༥ གི་རིང་ གཞུང་སྐྱོང་གི་ ཕྱག་འགན་འབག་ནི་དེ་ཨིན་ཟེར་ འབྲུག་གི་བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་ཨིན་པས།
སྲིད་ཚོགས་དེ་གིས་ དམིགས་དོན་འགྲུབ་ནིའི་དོན་ལུ་ ཤེས་ཡོན་གྱི་ ཁྱད་ཚད་ལྡན་མི་དང་ སྤྱི་ཚོགས་ཀྱི་ འཐུས་མི་དང་ བློན་པོ་འབད་འདོད་ཡོད་མི་ ཉུང་ཤོས་འདེམས་ངོ་༤༧ གྱིས་ སྲིད་ཚོགས་བཟོ་ནི་དེ་ གལ་ཆེ་ཟེར་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ བཤདཔ་ཨིན་པས།
བཙག་འཐུའི་བཅའ་ཁྲིམས་དང་འཁྲིལཝ་ད་ སྲིད་ཚོགས་ཅིག་གིས་ བཙག་འཐུའི་ནང་ དོ་འགྲན་འབད་ནིའི་ དང་འདོད་ཡོད་ལུགས་ཀྱི་ ཡི་གུ་བཙུགཔ་ད་ སྤྱིར་བཏང་བཙག་འཐུའི་ནང་ བཅའ་མར་གཏོགས་ནི་གི་ འོས་འབབ་ཡོད་མི་ ཏན་ཏན་མེད་པའི་ འདེམས་ངོ་ཚུ་གི་ཐོ་ཅིག་ བཙུག་དགོཔ་ཨིན་པས།
དེ་འབདཝ་ད་ སྲིད་དོན་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཚོགས་པ་གཞི་བཙུགས་ཐོག་ ཐོ་བཀོད་ཀྱི་ བྱ་རིམ་ཚུ་ སྒྲིག་པའི་བསྒང་ཡོད་མི་ཚུ་གིས་འབད་བ་ཅིན་ འདེམས་ངོ་ལེགས་ཤོམ་འཐོབ་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
ལྟ་རྟོག་པ་ལ་ལུ་ཅིག་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ སྲིད་ཚོགས་གྱངས་ཁ་ལེ་ཤ་སྦེ་མེན་པར་ འོས་འབབ་ཅན་དང་ གྱངས་ཁ་རན་ཏོག་ཏོ་ འོང་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་ཚུ་གི་ ཁྱད་ཚད་དང་ འཇོན་སྟངས་ཚུ་ དགག་བཤེར་འབད་ནི་གི་ ཐབས་ལམ་ཅིག་ ལག་ལེན་འཐབ་དགོ་ཟེར་ཨིན་པས།
དེ་ཡང་ སྲིད་ཚོགས་ཅིག་ལུ་ འདེམས་ངོ་༤༧ ཆ་མཉམ་ར་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་ཚརཝ་འབད་མི་དང་ ཉམས་མྱོང་མེད་མི་ཨིན་པ་ཅིན་ ག་དེ་སྦེ་འབད་ནི་སྨོ་ཟེར་ ལས་འཛིན་གྱི་ གྲོས་སྟོན་པ་ ཚེ་དབང་གིས་ བཤད་པའི་ཁར་ ཕྱིར་སེལ་རྐྱབ་ནིའི་ ཐབས་ལམ་ཡོད་པ་ཅིན་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ སྲིད་ཚོགས་འོས་ལྡན་ཚུ་ གདམ་ཁ་རྐྱབ་ནི་གི་ གོ་སྐབས་འཐོབ་ཟེར་ སླབ་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment