གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐའ་ཟུར་གྱི་ སློབ་ཕྲུག་ཚུ་ལུ་ སློབ་གྲྭ་ཐག་རིང་བའི་དཀའ་ངལ།

ཨ་ལུ་ཚུ་གི་དོན་ལུ་ བཞེས་སྒོ་འབད་སྡོད་མི་ ཨང་རྒས་སྲམ་ཅུམ་དང་ སློབ་ཕྲུག་ཨ་ལུ་ཚུ།
༢༦/༠༦/༢༠༡༢   ༉ སྤུ་ན་ཁ་ལས་ མགར་ས་ལུ་བལྟ་སྟེ་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ སྣུམ་འཁོར་ནང་འགྱོ་བའི་ལམ་ཁར་ དགོན་ཤར་རི་ལུ་ མི་སྡེ་སློབ་གྲྭ་ཆུང་བ་ཅིག་ ཆགས་ཡོད་མི་དེ་ སྤུ་ན་ཁ་དང་ མགར་ས་རྫོང་ཁག་༢ ཀྱི་འོག་ལུ་ཡོད་མི་ གཡུས་ཚན་དག་པ་ཅིག་གི་དོན་ལུ་ གལ་ཅན་ཅིག་ཨིན་མས།


ཨིན་རུང་ སློབ་གྲྭ་དེ་ གཡུས་ཚན་དག་པ་ཅིག་གི་དོན་ལུ་ ལམ་ཐག་རིང་མི་ལུ་བརྟེན་ ས་ཐག་རིང་སར་ལས་ཨིན་མི་ སློབ་ཕྲུག་གི་ཕམ་ཚུ་ལུ་ དཀའ་སྡུག་སྦོམ་སྦེ་ར་ མྱོང་དོ་ཡོདཔ་ཨིན་པས།
སློབ་གྲྭ་དེ་ ལམ་ཐག་རིང་མི་ལུ་བརྟེན་ ཁྱིམ་ཚང་ཚུ་ནང་ལས་ བདག་འཛིན་འབད་མི་ མི་སྦོམ་རེ་རེ་ཐོན་ཏེ་ ཨ་ལུ་ཚུ་ལུ་ ལྟོ་འབད་ བཀབ་གོ་ལ་ཚུ་ ཆུ་འཁྱུ་སྟེ་ བྱིན་སྡོད་དོ་ཡོདཔ་ཨིན་པས།
ལ་ལུ་ཅིག་གིས་ ཁྱིམ་ཁང་གླར་ལེན་ཏེ་ སྡོད་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ སློབ་གྲྭའི་ས་ཁོངས་ནང་ རང་སོའི་ སྦ་སྒོར་ཚུ་ རྐྱབ་སྡོདཔ་ཨིན་པས།
ཤར་རི་གཡུས་ཚན་ལས་ སློབ་གྲྭའི་རྩ་བ་ ཁོང་ར་ སྒེར་གྱི་ཐོག་ལས་རྐྱབ་མི་ སྦ་སྒོར་ཆུང་ཀུ་ཅིག་ནང་ སློབ་རིམ་༡ པ་དང་༢ པ་ དེ་ལས་༣ པའི་ནང་ དཔེ་ཆ་ལྷབ་མི་ མོ་རའི་ཚབོ་༢ དང་ཚམོ་༡ ལུ་ ལྟོ་འབད་བྱིན་སྡོད་མི་ཅིག་ སྐྱེས་ལོ་༧༠ ལང་མི་ སྲང་ཅུམ་ཨིནམ་ད་ མོ་གིས་ སླབ་མིའི་ནང་ ཨ་ལུ་ཚུ་དང་གཅིག་ཁར་ ལྟོ་འབད་སྡོད་ནི་དེ་ སྤྲོ་བ་ཡོད་རུང་ ལམ་ཐག་རིང་མི་ལུ་བརྟེན་ དཀའ་སྡུག་མྱོངམ་མས་ཟེར་ཨིན་པས།
དགོན་ཤར་རི་གཡུས་ཚན་དེ་ སློབ་གྲྭ་དེ་ནང་ལས་ ཁ་ཡར་བལྟ་ དུས་ཡུན་ཆུ་ཚོད་ཕྱེད་དང་༤ དེ་ཅིག་ རྐང་སྟོང་འགྱོ་དགོཔ་ད་ མོ་གིས་ བདུན་མཐའ་ཚུ་ནང་ ལམ་འགྱོ་མ་ཚུགས་མི་ལུ་བརྟེན་ བཟའ་ཚང་ནང་གི་ མི་གཞན་ཚུ་ལུ་ རྒྱགས་སྐལ་ཚུ་ཡང་ གཡུས་ཁའི་མི་ཚུ་ལུ་ བསྐྱལ་གནང་ཟེར་ སླབ་དོ་ཟེར་ཨིནམ་ད་ མོ་གིས་འབད་བ་ཅིན་ སློབ་གྲྭ་དེ་ ཐག་རིང་རུང་ ཨ་ལུ་ཚུའི་ མ་འོངས་པ་ལུ་བལྟ་སྟེ་ སྡོད་དོ་ཟེར་ཨིན་པས།
གཞལ་ངོ་ས་གཡུས་ཚན་ལས་ སྐྱེས་ལོ་༥༦ འབད་མི་ དམ་ཆོས་དབང་མོ་ཡང་ སློབ་གྲྭའི་མཐའ་འཁོར་ལུ་ སྒེར་གྱི་ཁྱིམ་ཅིག་ནང་ ཟླ་རིམ་བཞིན་དུ་ ཁང་གླ་དངུལ་ཀྲམ་༣༠༠ རེ་སྤྲོད་དེ་ མོ་རའི་ ཚབོ་དང་ ཚམོ་ཚུ་ལུ་ བཞེས་སྒོ་འབད་བྱིན་ཏེ་ སྡོད་དོ་ཡོདཔ་ད་ མོ་གིས་ བདུན་མཐའ་ཚུ་ནང་ དུས་ཡུན་ཆུ་ཚོད་༢ ལྷགཔ་ཅིག་ ལམ་འགྱོ་དགོ་པའི་གཡུས་ཁར་སོང་སྟེ་ རྒྱགས་སྐལ་ལེན་པར་ འགྱོ་དོ་ཡོདཔ་ད་ དེ་སྦེ་ དུས་རྒྱུན་དུ་ རྒྱགས་སྐལ་ལེན་པ་འགྱོ་ནི་དེ་ དཀའ་སྡུག་ཅན་ཅིག་འདུག་ཟེར་ བཤདཔ་ཨིན་པས།
སྤྱི་ལོ་༡༩༩༠ དེ་ཅིག་ལས་ འགོ་བཙུགས་མི་ མི་སྡེ་སློབ་གྲྭ་ཆུང་བའི་ནང་ སློབ་ཕྲུག་༩༥ དང་ སློབ་དཔོན་༨ དེ་ཅིག་ཡོདཔ་ད་ སློབ་གྲྭའི་དོན་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ གྲོགས་རམ་ཐོག་ལས་ དྲོ་མཛར་དང་ ཉི་མའི་ལྟོ་འབདཝ་ད་ ལྟོ་དུས་ཕོག་༢ ཡོདཔ་ད་ ཕྱི་རུའི་ལྟོ་དེ་ རང་གིས་འབད་བཟའ་དགོཔ་བཞིན་དུ་ སྲང་ཅུམ་དང་ དམ་ཆོས་དབང་མོའི་ ཨ་ལུ་ཚུ་བཟུམ་སྦེ་ ཕྱི་རུའི་ལྟོ་ རང་གིས་འབད་ཟ་སྡོད་མི་ སློབ་ཕྲུག་༣༠ ལྷགཔ་ཅིག་ཡོདཔ་ད་ གཞན་མི་ཚུ་ རྒེད་འོག་དང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བའི་ ལས་བྱེདཔ་ཚུ་ལུ་ བརྟེན་སྡོད་མི་ཚུ་ཨིན་པས།
སློབ་གྲྭ་དེ་ གཙོ་བོ་ དགོན་ཤར་རི་རྒེད་འོག་གི་ སྤྱི་འོག་༥ གི་དོན་ལུ་ གཞི་བཙུགས་འབད་ཡོདཔ་ད་ སྤྱི་འོག་ཆ་མཉམ་ར་ དུས་ཡུན་ཆུ་ཚོད་༡ དང་༤ གི་བར་ན་ ལམ་འགྱོ་དགོ་དོ་ཡོདཔ་ད་ ས་གནས་ཀྱི་ མི་སེར་ཚུ་གིས་ སླབ་མིའི་ནང་ སློབ་གྲྭ་དེ་ སྤྱི་འོག་ཚུ་གི་དོན་ལུ་ ལམ་ཐག་རིང་ནི་དེ་གིས་ སྤོ་བཤུད་འབད་དགོ་པའི་སྐོར་ལས་ ལོ་རྒྱུས་ཚུ་གོ་ཡོད་རུང་ ད་ལྟོ་ ག་དེ་སྦེ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
སྤུ་ན་ཁ་ རྫོང་ཁག་ཤེས་རིག་འགོ་དཔོན་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ སློབ་གྲྭ་དེ་ ལམ་ཐག་རིང་མི་ལུ་བརྟེན་ ས་གནས་ཀྱི་མི་སེར་ཚུ་དང་གཅིག་ཁར་ ཤར་རི་དང་ གཞལ་ངོ་ས་ལུ་ ས་གནས་ཁག་༢ ནང་ རྒྱ་བསྐྱེད་སློབ་ཁང་ བཙུག་ནིའི་དོན་ལུ་ འཆར་ལོ་༡༠ པའི་ནང་ མ་དངུལ་ས་ཡ་༦ དེ་ཅིག་ བཞག་ཐོག་ལས་ ཐེངས་༢ དེ་ཅིག་ མི་སེར་ཚུ་དང་གཅིག་ཁར་ འཛོམས་འདུ་རྐྱབ་ཅི་ཟེར་ཨིན་པས།
དེ་བསྒང་ སློབ་གྲྭ་དེ་ རྒེད་འོག་གི་ སྤྱི་འོག་ཚུ་གི་དོན་ལུ་ ས་མཚམས་ནང་ཕོག་མི་ལུ་བརྟེན་ མི་ཚུ་གིས་ ཁ་བཟེད་མ་བཏུབ་ལས་ མ་དངུལ་དེ་གིས་ ད་ལྟོ་ རྩིག་གྱང་ཚུ་རྐྱབ་སྟེ་ རྩེད་ཐང་ལེགས་བཅོས་འབད་ནི་ འགོ་བཙུགས་ཡོདཔ་ད་ ད་རུང་ མཐའ་འཁོར་དང་ འཁོར་ལམ་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ ལཱ་ཚུ་འགོ་བཙུགས་ཏེ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment