གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མདའ་རྩེདཔ་ཚུ་ དྲོ་པ་དུས་ཚོད་ཁར་མ་ལྷོད་པ་ཅིན་ སྐུགས་བཏོགས་བཏང་དོ་ཡོདཔ།

མདའ་ལུ་སྤྲོ་བ་ཡོད་མི་ ཨ་རྒས་ཅིག་གིས་ མ་ཎི་བགྱངམ་དང་འབྲེལ་ མདའ་ལྟདམོ་ལྟ་སྡོད་པའི་བསྒང་།
༢༢/༠༦/༢༠༡༢   ༉ ད་ལྟོ་ རྩེད་འགྲན་འབད་བའི་བསྒང་ཡོད་པའི་ མདའ་རྩེད་འགྲན་བསྡུར་དེ་ སྤྱི་ཟླ་༦ པའི་ཚེས་༡༩ རེས་གཟའ་ཕུར་པ་ལུ་ འོག་གི་འབའ་སྐྱོར་ནང་ རྩེད་འགྲན་འབད་མི་ གེ་སར་གླིང་སྡེ་ཚན་དང་ རྒྱ་ཕབ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ ཁ་ཙ་ འཕྲོ་མཐུད་རྩེད་འགྲན་འབད་ཡི།
དེ་ཡང་ ཁ་ཙ་ འཕྲོ་མཐུད་རྩེད་འགྲན་འབད་ནིའི་དོན་ལུ་ གེ་སར་གླིང་སྡེ་ཚན་ལས་ མདའ་རྩེདཔ་༢ དྲོ་པའི་དུས་ཚོད་ཁར་ ལྷོད་མ་ཚུགསཔ་ལས་ སྐུགས་༢ བཏོགས་བཏང་ཡོདཔ་ཨིན་པས།



ཉིནམ་དང་པའི་སྐབས་སུ་ སྐུགས་དང་པ་དེ་ རྒྱ་ཕབ་སྡེ་ཚན་གྱིས་ཆོད་རུང་ སྐུགས་གཉིས་པམ་དེ་ ཆོད་མ་ཚུགསཔ་ལས་ ཁ་ཙ་ འཕྲོ་མཐུད་རྩེད་འགྲན་འབད་བའི་སྐབས་ རྒྱ་ཕབ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི།
རྒྱ་ཕབ་སྡེ་ཚན་གྱིས་ སྐུགས་༢ པ་དེ་ཆོད་པའི་སྐབས་ལུ་ གེ་སར་གླིང་སྡེ་ཚན་གྱིས་ སྐུགས་༢༤ ལུ་ལྷོད་ཡོདཔ་ལས་ མདའ་རྩེདཔ་ཚུ་ཕན་ཚུན་ནང་འཁོད་ལུ་ལོ་རྒྱུས་སླབ་མིའི་ནང་ ང་བཅས་ཀྱི་མདའ་རྩེདཔ་གཉིས་ཀྱིས་ དུས་ཚོད་ཁར་ ལྷོདཔ་འདྲཝ་ཅིག་འབད་བ་ཅིན་ སྐུགས་དེ་ ང་བཅས་ཀྱིས་ཆོད་ཆོདཔ་འོང་ དེ་འབདཝ་ད་ ཁོང་གཉིས་ཀྱིས་ ཚགས་ཁ་མ་ཚུད་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ འབའ་སྐྱོར་ལྟགམ་ནང་ ཌི་ཇི་དང་ དགའ་བའི་ཆ་རོགས་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ དགའ་བའི་ཆ་རོགས་ཀྱིས་ སྐུགས་དང་པ་ཆོད་རུང་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ རྩེད་འགྲན་འཕྲོ་མཐུད་འབདཝ་ད་ དགའ་བའི་ཆ་རོགས་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི།
སྡེ་ཚན་གཉིས་ཆ་ར་གིས་ སྐུགས་༢༡ འདྲན་འདྲ་ཐོབ་པའི་སྐབས་སུ་ རྩེད་འགྲན་འབད་མི་ཚུ་ལུ་ འགན་ཁུར་ཐེབས་ཕོག་པའི་ཁར་ ལྟདམོ་བལྟ་མི་ཚུ་ལུ་ཡང་ སྤྲོ་བ་ཐེབས་བྱུང་ཡོདཔ་ཨིན་པས།
ཕྱི་རུའི་ཆུ་ཚོད་༥ ལུ་ དགའ་བའི་ཆ་རོགས་སྡེ་ཚན་གྱི་ སྐུགས་༢༢ ཐོབ་པའི་སྐབས་སུ་ ཌི་ཇི་སྡེ་ཚན་གྱིས་ སྐུགས་༢༣ ཐོབ་ཡོདཔ་ལས་ དེ་གིས་ སྡེ་ཚན་གཉིས་ཆ་ར་ལུ་ སེམས་འཚུབས་སྦོམ་བྱུང་རུང་ སྡེ་ཚན་གྱི་ ཉིནམ་གཅིག་གི་ རླུང་རྟ་ལུ་བརྟེན་ ཕྱི་རུའི་ཆུ་ཚོད་༥ དང་སྐར་མ་༣༠ ལུ་དུས་ཚོད་ཚང་རནམ་ད་ དགའ་བའི་ཆ་རོགས་ཀྱིས་ བཀག་རེག་༥ རྐྱབ་མི་ལས་ བཀག་རེག་༡ སྒོར་ཐིག་གུ་ཕོག་ཡོདཔ་ད་ གཞན་མི་སྡེ་ཚན་གྱིས་ བཀག་རེག་༤ ལས་བརྒལ་ཕོག་མ་ཚུགསཔ་ལས་ དགའ་བའི་ཆ་རོགས་སྡེ་ཚན་གྱིས་ སྐུགས་ཆོད་ཡོདཔ་ཨིན་པས།
འཕྲོ་མཐུད་རྩེད་འགྲན་ནང་ ཉིན་མའི་ཆུ་ཚོད་༢ དང་སྐར་མ་༣༠ ལུ་ དགའ་བའི་ཆ་རོགས་སྡེ་ཚན་གྱིས་སྐུགས་ཆོད་པའི་སྐབས་ ཌི་ཇི་སྡེ་ཚན་གྱིས་ སྐུགས་༡༡ ལས་བརྒལ་ ཐོབ་མ་ཚུགས་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment