གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དར་དཀར་ནང་ལུ་ ནང་འཁོད་ཚོད་བསྲེ་ཚོང་བསྒྱུར།

སོ་ནམ་འགོ་དཔོན་ཚུ་གིས་ ཚོད་བསྲེ་གི་གོང་ཚད་ ཐོ་བཀོད་འབད་བའི་བསྒང་།
༢༣/༠༦/༢༠༡༢   ༉ འདས་པའི་བདུན་ཕྲག་ནང་ དར་དཀར་ནང་ལུ་ ཚོད་བསྲེ་ཁྲོམ་འགོ་འབྱེད་འབད་མི་ལུ་བརྟེན་ མི་སེར་སོ་ནམ་པ་ཚུ་གིས་ ནང་འཁོད་ཀྱི་ ཐོན་སྐྱེད་ཚུ་ བཙོང་ཐོག་ལས་ འོང་འབབ་བཟོ་ནི་གི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།


བདུན་ཕྲག་དང་པའི་ནང་ ཚོད་བསྲེ་ཁྲོམ་འགོ་འབྱེད་དང་འབྲེལ་ རྩེ་བཟང་རྒེད་འོག་དང་ དར་དཀར་དཔལ་ལ་ དེ་ལས་ རྫོང་གི་ཉེ་འདབས་ལུ་སྡོད་མི་ མི་སེར་སོ་ནམ་པ་༤༠ དེ་ཅིག་གིས་ ཚོད་བསྲེ་དང་ ཐོན་སྐྱེད་གཞན་མ་འདྲཝ་༢༠ ལྷགཔ་ཅིག་ ཚོང་འབྲེལ་གྱི་དོན་ལུ་ འབག་འོང་ཡོདཔ་ཨིན་པས།
གནམ་འབྱ་གི་ཚོད་བསྲེ་ ཧོན་ཚོད་དང་ ཨེ་མ་ ཀེ་བ་ ཀོ་པི་ ལ་ཕུག་ སྒོགཔ་ལ་སོགས་པ་ཚུ་ བཙོང་དོ་ཡོདཔ་ཨིན་པས།
རྫོང་ཁག་ སོ་ནམ་འགོ་དཔོན་ པ་སངས་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ མ་གཞི་ ཚོད་བསྲེ་ཁྲོམ་གཞི་བཙུགས་འབད་ནི་དེ་ ཧེ་མ་ལས་ར་ གྲོས་འཆར་བཙུགས་ཏེ་ཡོད་ཟེར་ཨིན་པས།
ཚོད་བསྲེ་ཁྲོམ་གཞི་བཙུགས་འབད་མ་ཚུགས་མི་དེ་ཡང་ རྒྱ་གར་གྱི་ཚོད་བསྲེ་ནང་འདྲེན་འབད་ནི་དེ་གིས་ཨིན་ཟེར་ བཤད་པའི་ཁར་ ནང་འདྲེན་འབད་མི་ ཚོད་བསྲེ་ཚུ་ གོང་ཚད་འཇམ་ཏོང་ཏོ་ཡོདཔ་ལས་ ས་གནས་ནང་གི་ ཚོད་བསྲེ་ཚོང་འབྲེལ་འཐབ་ནི་ལུ་ ལཱ་ཁག་བཏང་ནི་དེ་གིས་ དེ་ལུ་ ཤུགས་མ་བཏོན་པར་ ལུས་ཡོདཔ་ཨིན་པས།
ཚོད་བསྲེ་ཁྲོམ་ནང་ ཚོད་བསྲེ་རྒྱུན་མ་ཆད་པ་ར་ འབག་འོང་ནིའི་དོན་ལུ་ གཡུས་མི་སོ་ནམ་ལས་ཁུངས་ཀྱིས་ སོ་ནམ་པ་སྡེ་ཚན་ཅིག་ བཟོ་ཞིནམ་ལས་ ཨ་རྟག་ར་ ཁྲོམ་ཁར་ ཚོད་བསྲེ་གསརཔ་ཚུ་ སྐྱེལ་དགོཔ་སྦེ་བཟོ་ཡི་ཟེར་ སོ་ནམ་འགོ་དཔོན་གྱིས་ བཤདཔ་ཨིན་པས།
མི་སེར་སོ་ནམ་པ་ ཀརྨ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་གནས་ནང་ ཚོད་བསྲེ་ཁྲོམ་གཞི་བཙུགས་འབད་མི་གིས་ མ་འོངས་པ་ལུ་ སོ་ནམ་ཐོན་སྐྱེད་ རིགས་མ་འདྲཝ་ལེ་ཤ་ ཐོབ་ཚུགས་ནི་དང་ ཕན་ཐོགས་ཡང་ འབྱུང་ནི་མས་ཟེར་ཨིན་པས།
སོ་ནམ་པ་རྐྱངམ་གཅིག་ལུ་ ཕན་ཐོགས་ནི་མེན་པར་ ས་གནས་ནང་སྡོད་མི་ མི་སེར་ཡོངས་ལུ་ སོ་ནམ་ཐོན་སྐྱེད་བཅུད་ཅན་ཚུ་ འཐོབ་ཚུགས་ནི་ལུ་ ཁེ་ཕན་སྦོམ་ར་ འོང་ནི་མས་ཟེར་ ཀརྨ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment