གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལགཔ་གིས་ ལོག་སྤྱོད་འབད་བའི་བཙོན་ཁྲིམས་ལོ་༡ བཀལ་ཡོདཔ།


༉ ཐིམ་ཕུ་ ཁྲིམས་ཀྱི་འདུན་སའི་ ཁྲིམས་ཁྲི་དང་པ་གིས་ སྤྱི་ཟླ་༦ པའི་ཚེས་༡༨ ལུ་ དར་དཀར་ནང་ལས་ཨིན་མི་ ཉེས་ཅན་རཱ་ཇེསི་ སུ་ནར་གྱི་ བུམོ་ཅིག་ལུ་ བརྡབ་གསིག་རྐྱབ་སྟེ་ འཁྲིག་ཆགས་འབད་མི་དེ་ལུ་ བཙོན་ཁྲིམས་ལོ་༡ བཀལ་ཡོདཔ་ཨིན་པས།


འཁྲུན་ཆོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༢ ཟླ་༥ པའི་ཚེས་༡༢ ལུ་ ཕྱི་རུའི་ཆུ་ཚོད་༣ དང་ སྐར་མ་༣༠ དེ་ཅིག་ཁར་ རཱ་ཇེསི་ སུ་ནར་དང་ ཁོ་གི་ཆ་རོགས་ཚུ་ ཐིམ་ཕུ་ ཧོང་ཀོང་མར་ཀེཌ་གི་ ཆང་ཁང་ཅིག་ནང་ ཆང་འཐུང་སྡོདཔ་ད་ ཆ་རོགས་ཅིག་གིས་ ཁོ་གི་ བུམོ་རོགས་ཨིན་ཟེར་ བུམོ་༡ ཁྱིད་འོང་ཞིནམ་ལས་ ཆ་རོགས་གཞན་མི་༤ ལུ་ ངོ་སྤྲོད་འབད་བའི་ཤུལ་ལས་ ཆང་གཅིག་ཁར་ འཐུང་ནུག་ཟེར་ཨིན་པས།
ཁོང་ཆ་ཁྱབ་ ཆང་འཐུང་པའི་ཤུལ་ལས་ ཉམས་རྒུདཔ་བུམོ་དེ་ ཆང་གིས་འགྲངས་ཏེ་ ཆབ་གསང་ནང་ འགྱོ་བའི་ལམ་ཁར་ རྦོབ་རིལ་ཡར་སོཔ་ལས་ ཉེས་ཅན་ཕོ་སྐྱེས་དེ་གིས་ ཉམས་རྒུདཔ་བུམོ་དེ་ ལྷོང་ཞིནམ་ལས་ གླ་འཁོར་༡ ནང་བཙུགས་ཏེ་ ཁོ་ར་སྡོད་ས་ ལྕང་ཟམ་ཏོག་ལུ་ ཁྱིད་སོང་ནུག་ཟེར་ཨིན་པས།
ཉེས་ཅན་རཱ་ཇེསི་ སུ་ནར་གྱིས་ ཉམས་རྒུདཔ་བུམོ་དེ་ ཁོ་གི་ཁྱིམ་ནང་ ཁྱིད་ཞིནམ་ལས་ བུམོ་དེ་གི་ གཟུགས་ཀྱི་ཡན་ལག་ཚུ་ལུ་ ལགཔ་གིས་ ལོག་སྤྱོད་འབད་ཡོདཔ་ཨིན་པས།
ཐིམ་ཕུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གསོ་བའི་བརྟག་དཔྱད་སྙན་ཞུ་དང་འཁྲིལ་རུང་ ཉམས་རྒུད་པའི་གཟུགས་ཁར་ ལགཔ་གིས་ ལོག་སྤྱོད་འབད་བའི་ ངོས་འཛིན་ བྱུང་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་གིས་ བུམོ་དེ་ལུ་ ལོག་སྤྱོད་འབད་ཡོད་པའི་ ཁ་བཟེད་མི་ལུ་བརྟེན་ འབྲུག་གི་ཉེས་འགེལ་ཁྲིབས་དེབ་ཀྱི་ དགོངས་དོན་དང་འཁྲིལ་ཏེ་ བརྡབ་གསིག་རྐྱབ་སྟེ་ འཁྲིག་ཆགས་འབད་ཡོད་པའི་ གནོད་འགེལ་གྱི་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment