གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སའི་ཚད་གཞི་ ས་ཆ་བསྐྱར་འཇལ་གྱི་ཤུལ་ལས་ ལག་ལེན་འཐབ་ཚུགས་ནི།

སའི་ཚད་གཞི་དེ་ སྤྱི་ལོ་༢༠༠༨ ལས་ ལག་ལེན་འཐབ་དགོཔ་ཨིན་རུང་ ས་ཆ་བསྐྱར་འཇལ་མཇུག་མ་བསྡུ་བར་ཡོད་མི་ལུ་བརྟེན་ལུས་ཡོདཔ་ཨིན་པས།

༢༡/༠༦/༢༠༡༢   ༉ འབྲུག་པའི་མི་སེར་༡ གིས་ ས་ཆ་ཨེ་ཀར་༢༥ ལས་ལྷག་ བདག་དབང་འབད་མ་ཆོགཔ་བཟོ་མི་དེ་ གནད་དོན་གསརཔ་ཅིག་མེན་ཟེར་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་དྲུན་ཆེན་ དྲགོས་སངས་རྒྱས་མཁའ་འགྲོ་གིས་ བཤདཔ་ཨིན་པས།


དྲུན་ཆེན་གྱིས་འབད་བ་ཅིན་ ས་ཆ་བདག་དབང་འབད་ཆོག་པའི་ཚད་གཞི་ ཨེ་ཀར་༢༥ ཨིན་མི་དེ་ སྤྱི་ལོ་༡༩༧༩ ལུ་ ཆ་འཇོག་གྲུབ་མི་ སའི་བཅའ་ཁྲིམས་དང་པའི་ནང་ལས་ར་ཡོད་ཟེར་ཨིནམ་ད་ ཨིན་རུང་ སྤྱི་ལོ་༡༩༧༩ གི་བཅའ་ཁྲིམས་ནང་ ཤིང་ཐོག་ལྡུམ་ར་ དཔེར་ན་ ཨེ་པཱལ་དང་ ཚལ་ལུ་ ཨ་ལཱན་ཅི་ཚུ་ ཨེ་ཀར་༢༥ གི་ཚད་གཞིའི་གྲངས་སུ་ བརྩི་འཇོག་མེད་ཟེར་ཨིན་པས།
སྤྱི་ལོ་༢༠༠༧ གྱི་ སའི་བཅའ་ཁྲིམས་ནང་ ལྡུམ་ར་དང་ ཆུ་ཞིང་ལ་སོགས་པ་ག་ར་བསྡོམས་ཏེ་ མི་ངོ་༡ དང་ ཡང་ཅིན་ བཟའ་ཚང་ཅིག་གིས་ ས་ཆ་ཨེ་ཀར་བསྡོམས་༢༥ ལས་ འཆང་མ་ཆོགཔ་སྦེ་ བཟོ་ཡོདཔ་ལས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ ཚད་གཞི་ལས་ལྷག་སྟེ་ བདག་དབང་འབད་མི་ ས་ཆའི་ཇོ་བདག་ཚུ་ལུ་ ས་ཐེབས་ཚུ་ བཙོང་ནི་དང་ ཡང་ཅིན་ བཟའ་ཚང་འཐུས་མི་དང་ ཉེ་ཚན་ཚུ་གི་ མིང་ཐོ་ཁར་ ཁྲམ་སྤོ་སོར་འབད་དགོ་པའི་ ཞག་དུས་དེ་ སྤྱོ་ལི་༢༠༠༨ ཟླཝ་༡༢ པ་ཚུན་ བྱིན་ཡོདཔ་ད་ དེ་མིན་ གཞུང་བཞེས་གཏང་ནི་ཟེར་ བརྡ་བསྐུལ་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ ཞག་དུས་དེ་ བསྒྱུར་བཅོས་སོང་མི་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཞག་དུས་ཡར་སེང་གནང་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༨ ཟླཝ་༦ པའི་ནང་ འགོ་བཙུགས་མི་ ས་ཆ་བསྐྱར་འཇལ་ལས་རིམ་དང་གཅིག་ཁར་ སའི་ཚད་གཞི་ལག་ལེན་འཐབ་དགོཔ་སྦེ་ བཀའ་སློབ་གནང་ནི་དེ་གིས་ བསྟར་སྤྱོད་མ་འབད་ཟེར་ དྲགོས་སངས་རྒྱས་མཁའ་འགྲོ་གིས་ བཤདཔ་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ སྤྱི་ལོ་༢༠༠༧ གྱི་ སའི་བཅའ་ཁྲིམས་ཆ་འཇོག་གྲུབ་མི་དང་བསྟུན་ ས་ཆ་ཨེ་ཀར་༢༥ ལས་ལྷག་སྟེ་ཡོད་མི་ མི་ངོ་སོ་སོ་དང་ བཟའ་ཚང་གིས་ བདག་དབང་འབད་མིའི་ ལམ་ལུགས་དེ་ བསྒྱུར་བཅོས་ཡར་སོ་ཡི་ཟེར་ཨིནམ་ད་ དེ་ལས་ཚུར་ བཟའ་ཚང་ནང་འཁོད་ལུ་ ཁྲམ་སྤོ་སོར་འབད་ནི་ཚུ་ འགོ་བཙུགས་ཡོད་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ ས་ཆ་བསྐྱར་འཇལ་གྱི་ལཱ་ཚུ་ རྫོང་ཁག་༡༦ ནང་ མཇུག་བསྡུ་སྟེ་ ད་རེས་ནངས་པ་ དར་དཀར་ནང་དང་ རྩི་རང་རྫོང་ཁག་གཉིས་ནང་ འབད་བའི་བསྒང་ཡོདཔ་བཞིན་དུ་ དེ་གི་ཤུལ་ལས་ གཞལམ་སྒང་དང་ གསར་སྤང་རྫོང་ཁག་༢ ནང་ འགོ་བཙུག་ནི་ཨིནམ་ད་ ཁྲོམ་སྡེ་ནང་འབད་བ་ཅིན་ ཕུན་ཚོགས་གླིང་དང་ ཐིམ་ཕུའི་ཁྲོམ་གྱི་ ས་ཁོངས་ཚུ་ནང་ བསྐྱར་འཇལ་མ་འབད་བར་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༣ ཟླཝ་༦ པའི་ནང་ལས་ ས་འཇལ་གྱི་ ལཱ་མཇུག་བསྡུ་ཚུགས་ནི་དང་ སའི་ཚད་གཞི་དེ་ཡང་ དེ་བསྒང་ལས་ རྫོང་ཁག་༢༠ ཆ་མཉམ་གྱི་ནང་ ལག་ལེན་འཐབ་ནི་གི་ རེ་བ་ཡོད་ཟེར་ དྲགོས་སངས་རྒྱས་མཁའ་འགྲོ་གིས་ སླབ་ཨིན་པས།
གློག་རིག་ཐོག་ལས་ མི་ངོ་སོ་སོའི་ས་ཁྲམ་དང་ མི་རྩིས་ཚུ་ གཅིག་ཁར་མཐུད་སྦྲེལ་འབད་བའི་བསྒང་ལས་ མི་ག་དང་ག་གིས་ ས་ཆ་ཨེ་ཀར་༢༥ ལས་ལྷག་སྟེ་ འཆངམ་ཨིན་ན་ ཧ་གོ་ཚུགས་ཟེར་ དྲུང་ཆེན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment