འཐུས་མི་ཚུ་གིས་ ཚོགས་དཔོན་དང་ ཚོགས་འདུའི་འཐུས་མི་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ད་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ བི་ཧར་གྱི་ འཐུས་མི་ཚུ་གིས་ འབྲུག་ལུ་ལྟ་སྐོར་ལུ་འོང་མི་ལུ་ དགའ་ཚོར་དང་ ངལ་རངས་སྦོམ་བྱུང་ཡི་ ཟེར་བཤདཔ་ཨིན་པས།
ཤྲི་ཨུ་དྷེ་ནཱ་ར་ཡཱན་ཅའུ་དཱ་རི་གིས་ བཤད་མིའི་ནང་ ཁོང་ཆ་ཁྱབ་ མཛེས་ཆ་ལྡན་པའི་ འབྲུག་རྒྱལ་ཁབ་དང་ འདི་ནང་ཡོད་པའི་ མི་སེར་ཚུ་ནང་གཅིག་ཁར་ཕྱད་པར་ འོང་ནི་འཐོབ་མི་ལུ་ སྐལ་བ་བཟང་ནུག་ཟེར་ཨིནམ་ད་ དུས་ཅི་ལོའི་ སྔ་ཆ་ལུ་ རྒྱལ་ཡོངས་ཚོགས་འདུའི་དབུལ་ཕོངས་མར་ཕབ་ཚོགས་ཆུང་གིས་ བུ་ཧར་ལུ་ ལྟ་སྐོར་ལུ་འོང་མི་གིས་ མཐུན་ལམ་ཚུ་ ལྷག་པར་དུ་ དམ་ཟབ་བྱུང་ཡི་ཟེར་ཨིན་པས།
དེ་མ་ཚད་ འབྲུག་གི་བློན་ཆེན་ འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ བི་ཧར་ལུ་ གཟིགས་སྐོར་ལུ་བྱོན་མི་དང་ བི་ཧར་གྱི་ གཙོ་འཛིན་བློན་པོ་ ཤྲི་ནི་ཏཱིཤ་ཀུ་མར་གིས་ འབྲུག་ལུ་ལྟ་སྐོར་ལུ་ འོང་མི་གིས་ཡང་ མཐུན་ལམ་ཚུ་ལྷག་པར་དུ་ རྩ་བརྟན་དང་ སྒྲིང་སྒྲིང་བཟོ་ཡི་ཟེར་ ཁོ་གིས་བཤདཔ་ཨིན་པས།
ལྟ་སྐོར་ལུ་འོང་མི་ཚུ་གིས་ བློན་ཆེན་གྱི་འགན་འཛིན་ བློན་པོ་ཡེ་ཤེས་སྦྱིན་པ་མཆོག་དང་ རྒྱལ་ཡོངས་ཚོགས་ཁང་གི་འཐུས་མི་ཚུ་དང་གཅིག་ཁར་ གསུངས་གྲོས་གནང་ཡོདཔ་ད་ ཉིནམ་༩ གི་རིང་ལུ་ ལྟ་སྐོར་ལུ་འོང་མི་ཚུ་ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ ལོག་ བི་ཧར་ལུ་འགྱོ་ནི་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment