གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མའི་ཀོ་རོ་སཱོཕཊི་གི་ འཐུས་མི་སྡེ་ཚན་གྱིས་ འབྲུག་ལུ་ལྟ་སྐོར་འབད་ནི།

བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རིའོ་ ཌི་ ཇེ་ནི་རོ་ལུ་སྦེ་ མའི་ཀོ་རོ་སཱོཕཊི་ལས་སྡེའི་ འཛིན་སྐྱོང་མདོ་ཆེན་ ཕེ་རེནཀི་ མེག་ཀཱོསི་ཀར་དང་གཅིག་ཁར་ གྲོས་བསྟུན་འབད་བའི་བསྒང་།
༢༣/༠༦/༢༠༡༢   ༉ དུས་ཅི་ སྤྱི་ཟླ་༩ པའི་ནང་ མའི་ཀོ་རོ་སཱོཕཊི་ལས་སྡེའི་ ཆེ་རིམ་གནས་ཚད་ཅན་གྱི་ འཐུས་མི་སྡེ་ཚན་ཅིག་གིས་ མཉམ་འབྲེལ་གནད་དོན་གྱི་ ལས་སྣ་ཚུ་གི་སྐོར་ལས་ འབྲུག་གཞུང་དང་ དམིགས་བསལ་དུ་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་དང་གཅིག་ཁར་ གྲོས་བསྟུན་འབད་ནིའི་དོན་ལས་ འབྲུག་ལུ་ འོང་ནི་ཨིན་པས།


དེ་ཡང་ བདུན་ཕྲག་འདི་ནང་ རིའོ་ ཌི་ ཇེ་ནི་རོ་ལུ་ རིའོ+༢༠ ཟེར་མི་ ཞལ་འཛོམས་ཀྱི་ཞོར་ཁར་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་དྲུང་ཆེན་ དྲགོས་ཀུན་ལེགས་རྡོ་རྗེ་གིས་ མའི་ཀོ་རོ་སཱོཕཊི་ལས་སྡེའི་ འཛིན་སྐྱོང་མདོ་ཆེན་ ཕེ་རེནཀི་ མེག་ཀཱོསི་ཀར་དང་གཅིག་ཁར་ གསུང་གྲོས་གནང་བའི་ གྲུབ་འབྲས་ཅིག་ཨིན་པས།
ལས་སྣ་ཚུ་གི་གྲངས་སུ་ མའི་ཀོ་རོ་སཱོཕཊི་མཉེན་ཆས་ཀྱི་དོན་ལུ་ ཞིབ་འཚོལ་དང་ གཞུང་སྐྱོང་ འགྲུལ་འཕྲིན་ལག་ལེན་ དེ་ལས་ དམིགས་བསལ་དུ་ གློག་རིག་གི་ མཐུད་སྦྲེལ་ལྷོད་མ་ལྷོད་ཚུ་ཨིནམ་མ་ཚད་ ཁོང་གིས་ འབྲུག་ལུ་ མའི་ཀོ་རོ་སཱོཕཊི་གཞི་བཙུགས་དང་ མཉེན་ཆས་གོང་འཕེལ་གཏང་ནིའི་ འོས་འབབ་ཀྱི་ གྲོས་བསྟུན་ཚུ་འབད་ཡོདཔ་ཨིན་པས།
བློན་ཆེན་གྱིས་ མའི་ཀོ་རོ་སཱོཕཊི་གི་ ཡོངས་ཁྱབ་འཛིན་སྐྱོང་པ་ལུ་ གསུངས་མིའི་ནང་ འབྲུག་གིས་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་གོང་འཕེལ་གྱི་ གཞི་རྟེན་ཤེས་ཡོན་དང་ལྡན་པའི་ མི་སྡེ་ཅིག་སྦེ་ བཟོ་ནིའི་དམིགས་ཡུལ་ཨིནམ་ལས་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་གོང་འཕེལ་ནང་ མ་རྩ་བཙུག་སའི་ ལྟེ་བ་བཟུམ་ཅིག་སྦེ་ བཟོ་ནི་གི་ གྲ་སྒྲིག་རྐྱབ་པའི་བསྒང་ཡོད་ཟེར་ཨིན་པས།
དྲགོས་ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ མའི་ཀོ་རོ་སཱོཕཊི་ལས་སྡེ་གིས་ འབྲུག་གི་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་གི་ ཚོང་འབྲེལ་ནང་ རྒྱ་ཆེ་དྲགས་སྦེ་ མཉམ་རོགས་འབད་ཚུགས་པའི་ ལྕོགས་གྲུབ་ཡོད་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment