གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གོང་འཕེལ་དངུལ་ཁང་ གྲོང་གསེབ་གོང་འཕེལ་ དངུལ་ཁང་ལུ་ཁ་སྒྱུར།

༢༣/༠༦/༢༠༡༢   ༉ འབྲུག་གོང་འཕེལ་ལས་འཛིན་ལས་ འབྲུག་གོང་འཕེལ་དངུལ་ཁང་དང་ ད་ལྟོ་ འབྲུག་ཚོང་འབྲེལ་ལས་དོན་ལས་ གྲོང་གསེབ་གོང་འཕེལ་ལས་དོན་ལུ་ གཙོ་རིམ་བཟུང་སྟེ་ དངུལ་འབྲེལ་གཙུག་སྡེ་ཅིག་ལུ་ ཁ་འགྱུར་འབད་དེ་ མིང་ཡང་ གྲོང་གསེབ་གོང་འཕེལ་དངུལ་ཁང་ཟེར་ བསྒྱུར་བཅོས་འབད་ནི་ཨིན་པས།


དེ་ཡང་ འདས་པའི་བདུན་ཕྲག་ནང་ འབྲུག་གཞུང་གིས་ ཤུལ་མའི་ལོ་༥ འི་འཆར་གཞི་དེ་ གྲོང་གསེབ་གོང་འཕེལ་ལུ་གཙོ་རིམ་བཟུང་སྟེ་ བརྩོན་ཤུགས་བསྐྱེད་ནི་ཨིན་པའི་ གྲོས་ཆོད་དང་བསྟུན་ཏེ་ཨིན་པས།
འབྲུག་གོང་འཕེལ་དངུལ་ཁང་གི་ འཛིན་སྐྱོང་མདོ་ཆེན་བགྲེསཔ་ ད་ལྟོ་ དངུལ་ཁང་གི་གྲོས་སྟོན་པ་ཨིན་མི་ ངག་དབང་རྒྱལ་མཚན་གྱིས་སླབ་མིའི་ནང་ གཞུང་གིས་ དངུལ་ཁང་དེ་ལུ་ དངུལ་འབྲེལ་རྒྱབ་སྐྱོར་མེད་པར་ ཚོང་འབྲེལ་ལག་ལེན་ བཤོལ་བཞག་འབད་དགོ་པ་ཅིན་ དངུལ་ཁང་གི་ ཡུན་བརྟན་ལུ་ཉེན་ཁ་ཡོད་ཟེར་ཨིན་པས།
དངུལ་རྩིས་དྲུང་ཆེན་གྱིས་འབད་བ་ཅིན་ གཞུང་གིས་ དངུལ་ཁང་དེ་ལུ་ དངུལ་འབྲེལ་རྒྱབ་སྐྱོར་ འབད་དང་མི་འབད་ སླབ་མི་ཚུགས་ཟེར་ཨིནམ་ལས་ ཧེ་མ་ར་ དངུལ་ཁང་གིས་ གཞུང་ལུ་ ལག་ལེན་ལམ་ལུགས་ཀྱི་ གྲོས་འཆར་ཚུ་བཀོད་དགོ་ཟེར་ཨིན་པས།
ངག་དབང་རྒྱལ་མཚན་གྱིས་ སླབ་མི་དང་འཁྲིལཝ་ད་ རྫོང་ཁག་༢༠ འི་ནང་ དངུལ་ཁང་དེ་གི་ཡན་ལག་༢༠ གཞི་བཙུགས་འབད་ཡོད་མི་ཚུ་གི་གྲས་ལས་༩ གིས་ རང་སོའི་ཟད་འགྲོ་ལང་ཚུགསཔ་ཅིག་ཨིན་རུང་ མང་ཤོས་ར་ གྱོང་རྒུད་ཐོག་ལུ་འབད་དོ་ཟེར་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ འབྲུག་གོང་འཕེལ་དངུལ་འབྲེལ་ལས་འཛིན་གྱིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལས་ ཚོང་འབྲེལ་སྐྱིན་འགྲུལ་ལམ་ལུགས་འགོ་བཙུགས་ཆོག་པའི་ ཆོག་ཐམ་ཐོབ་སྟེ་ དངུལ་ཁང་ཅིག་གི་གནས་ཚད་ཐོག་ ཁེ་སང་ཡོད་པའི་སྐྱིན་འགྲུལ་ལམ་ལུགས་ཚུ་འགོ་བཙུགས་སྟེ་ གྲོང་གསེབ་སྐྱིན་འགྲུལ་ལུ་བརྟེན་པའི་ གྱོང་རྒུད་ཚུ་ ཐབས་ལམ་དེ་གིས་ འགབ་ཚུགསཔ་སྦེ་ ལག་ལེན་འཐབ་ཡོད་ཟེར་ཨིན་པས།
དངུལ་རྩིས་དྲུང་ཆེན་གྱིས་སླབ་མིའི་ནང་ གྲོང་གསེབ་ གཡུས་མི་ཚུ་ལས་ སྐྱིན་འགྲུལ་གྱི་སྐྱིན་ཚབ་ ལོག་དུས་ཚོད་ཁར་ཐོབ་ཚུགས་ནི་ལུ་ལཱ་ཁག་ཡོད་པའི་ཁར་ སྐྱིན་ཚབ་སྤྲོད་མ་ཚུགས་མི་ཡང་ ལེ་ཤ་ཐོན་དོ་ཡོདཔ་ལས་ དངུལ་ཁང་གཞན་མི་ཚུ་གིས་ གྲོང་གསེབ་སྐྱིན་འགྲུལ་ལུ་ དང་འདོད་མི་བསྐྱེད་པས་ཟེར་ཨིན་པས།
འབྲུག་གོང་འཕེལ་དངུལ་ཁང་དེ་ གྲོང་གསེབ་སྐྱིན་འགྲུལ་ལུ་གཙོ་བོར་བཏོན་དགོ་པའི་གསལ་སྒྲགས་དེ་གིས་ དངུལ་ཁང་གཞན་མི་ཚུ་ལུ་ གནས་ཚུལ་བཟང་པོ་ཅིག་འོང་ནི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment