གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡང་སྦ་རིའི་ ས་ཁོངས་ནང་ ཉ་བཟུང་ནི་བཀག་དམ།

༢༣/༠༦/༢༠༡༢   ༉ པདྨ་དགའ་ཚལ་ངང་ལམ་ཁྲོམ་ལས་ ཉིན་གྲངས་༢ ལམ་འགྱོ་དགོ་པའི་ས་གནས་ གཡང་སྦ་རིའི་ འོག་ལུ་ཚུད་མི་ སྒར་པོ་ལ་དང་ ཀི་རུང་གི་ ས་ཁོངས་ཚུ་ནང་ ཁྱབ་བསྒྲགས་མ་འབད་ཚུན་ཚོད་ ཉ་བཟུང་མ་ཆོགཔ་ བཟོ་ཡོདཔ་ཨིན་པས།


བཀག་དམ་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༨ ལུ་ སྤ་རོ་དཔོན་སློབ་ཀྱི་ ཡིག་ཚང་ལས་ བཀའ་རྒྱ་ཅིག་ ཐོབ་མི་དང་འཁྲིལ་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱིས་ འབད་ཡོདཔ་ད་ བཀའ་རྒྱའི་ནང་ ཉ་བཟུང་ནི་ བཀག་དམ་འབད་མི་དེ་ རྒྱལ་སྲས་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ གཙང་ཆུའི་ནང་ སོན་བཙུགས་གནང་མི་ མཱ་སེར་ཟེར་མི་ ཉ་དེ་གི་ ཞིབ་འཚོལ་འབད་ནིའི་ ཕན་ཐབས་འབྱུང་ཐབས་ལུ་ཨིན་ཟེར་བཀོད་ནུག།
བཀག་དམ་དེ་ བསམ་གྲུབ་ལྗོངས་མཁར་གྱི་ ནགས་ཚལ་སྡེ་ཚན་དང་ ཉེ་འདབས་ཀྱི་ རྒྱལ་ཡོངས་མ་ནཱསི་གླིང་ཁའི་ འགོ་དཔོན་ཚུ་གིས་ ལྟ་རྟོག་འབད་དགོཔ་སྦེ་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ རྫོང་ཁག་ནགས་ཚལ་འགོ་དཔོན་ ཀ་ཀ་ཚེ་རིང་གིས་ སླབ་མིའི་ནང་ མཱ་སེར་ཉ་དེ་ ཉ་རིགས་མ་འདྲཝ་ཅིག་ཨིན་མི་དེ་ཡང་ ཉ་དེ་ གནམ་བྱཱར་གི་སྐབས་ལུ་ མ་ནཱསི་གཙང་ཆུ་ལས་སྦེ་ ཁ་ཡར་བལྟ་སྟེ་ འོང་དོ་ཡོདཔ་མ་ཚད་ གནམ་དགུན་ལུ་ ལོག་སྟེ་ར་ མ་ནཱསི་གཙང་ཆུ་ནང་ འགྱོཝ་ཨིན་ཟེར་ིཨན་པས།
དེ་བཟུམ་མའི་ ཉ་རིགས་དེ་ འབྲུག་གི་གཙང་ཆུ་གཞན་ཚུ་ནང་ རེ་གཉིས་མ་གཏོགས་ མཐོང་ནི་མེད་ཟེར་ རྫོང་ཁག་ནགས་ཚལ་འགོ་དཔོན་གྱིས་ བཤད་པའི་ཁར་ སྤྱི་ལོ་༢༠༠༣ ལུ་ སཱུན་ཀོཤ་གཙང་ཆུ་ནང་ལས་ ལྗིད་ཚད་ཀེ་ཇི་༢༥ འབད་མི་ཉ་ཅིག་ བཟུང་མི་དེ་ འབྲུག་ལུ་ སྦོམ་ཤོས་ཅིག་ཨིན་ཟེར་ སླབ་ཨིན་པས།
ངང་ལམ་ནགས་ཚལ་གླིང་འཛིན་འགོ་དཔོན་ བཀྲིས་ལ་གིས་ སླབ་མིའི་ནང་ ཀི་རུང་དེ་ སྐུ་འཁོར་ཚུ་གི་ ཉ་བཟུང་སའི་ས་གོ་ཅིག་ཨིནམ་ལས་ དེ་ནང་ ཉ་བཟུང་མ་ཆོགཔ་བཟོ་སྟེ་ ཡུན་རིངམོ་ཡར་སོ་ཡི་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment