གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུན་ཚོགས་གླིང་ལུ་ ལས་སྡེ་ཚུ་ལུ་ ཉེས་བྱ་བཀལ་ཡོདཔ།

ཞིབ་དཔྱད་སྡེ་ཚན་གྱིས་ ལས་འཛིན་གྱི་ ཡིག་ཚང་ཅིག་ནང་ ཉེས་བྱ་བཀལ་བའི་བསྒང་།
༢༣/༠༦/༢༠༡༢   ༉ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ ཕུན་ཚོགས་གླིང་ལུ་ གཞུང་གི་ལས་སྡེ་༡ དང་ ཕུན་ཚོགས་གླིང་གི་ ཁྲོམ་སྡེ་ཡིག་ཚང་ བརྡ་བརྒྱུད་ལས་སྡེ་༢ གློག་མེ་ལས་འགུལ་ཡིག་ཚང་གི་ ལཱ་འབད་མི་ རྒྱ་གར་གྱི་ བཟོ་སྐྲུན་ལས་སྡེ་༡ དེ་ལས་ ཟ་ཁང་༧ དང་ མི་༢ ལུ་ ཏམ་ཁུའི་བཅའ་ཡིག་དང་ སྒྲིག་གཞི་ཚུ་ལས་འགལ་བའི་ ཉེས་བྱ་བཀལ་ཡོདཔ་ཨིན་པས།


དེ་ཡང་ འབྲུག་ཏམ་ཁུ་བཀག་འཛིན་ལས་སྡེ་གིས་ ཁྲིམས་སྲུང་འགག་པ་དང་ ཅ་དམ་ ཚོང་འབྲེལ་འགོ་དཔོན་ཚུ་ འགོ་ཁྲིད་འབད་དེ་ མཉམ་འབྲེལ་ཞིབ་དཔྱད་ཅིག་ ཧང་སྟོང་མར་སྦེ་ འགོ་འདྲེན་འཐབ་པའི་སྐབས་ ཏམ་ཁུའི་བཅའ་ཁྲིམས་དང་འཁྲིལ་ ངོས་ལེན་མ་འབད་མི་ཚུ་ལུ་ ཉེས་བྱ་དངུལ་ཀྲམ་༡༢༡,༠༠༠ བཀལ་ནུག།
ཞབས་ཏོག་ལྷན་ཁག་འོག་གི་ ལམ་སེལ་ལས་ཁུངས་དང་ ཕུན་ཚོགས་གླིང་ཁྲོམ་སྡེ་ཡིག་ཚང་ འབྲུག་རྒྱང་བསྒྲགས་ལས་འཛིན་ ཀུན་གསལ་འབྲེལ་འཛིན་ཡིག་ཚང་ རྒྱ་གར་བཟོ་སྐྲུན་ལས་སྡེའི་ ཡིག་ཚང་ཚུ་ལུ་ རང་སོའི་ཡིག་ཚང་གི་ ས་ཁོངས་ཚུ་ནང་ ཏམ་ཁུ་འཐུང་མ་ཆོག་པའི་ བརྡ་བྱང་ཚུ་ མ་སྦྱར་བའི་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ རེ་ བཀལ་ཡོདཔ་ཨིན་པས།
དེ་མ་ཚད་ ཟ་ཁང་༧ ལུ་ཡང་ ཏམ་ཁུ་འཐུང་མ་ཆོག་པའི་ བརྡ་བྱང་དང་ ཏམ་ཁུ་འཐུང་ཆོག་པའི་ ས་གོ་མ་བཞག་པའི་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ རེ་བཀལ་ཡོདཔ་ད་ མི་༢ ལུ་ ཏམ་ཁུ་འཐུང་མ་ཆོག་པའི་ ཟ་ཁང་གི་ ཉེ་འདབས་ལུ་ ཏམ་ཁུ་འཐུང་པའི་ཉེས་བྱ་དངུལ་ཀྲམ་༥༠༠ རེ་བཀལ་ནུག།
མཉམ་འབྲེལ་ཐོག་ ཞིབ་དཔྱད་འབད་མི་ཚུ་ སྡེ་ཚན་༢ ལུ་ ཁག་དབྱེ་སྟེ་ ཕུན་ཚོགས་གླིང་ལུ་ གཞུང་དང་ ལས་འཛིན་ སྒེར་གྱི་ལས་སྡེ་ཚུ་ནང་ རྟོགས་མེད་ཞིབ་དཔྱད་རྐྱབ་མི་དེ་ ཐེངས་༣ པ་ཨིནམ་ད་ དེ་གི་ཧེ་མར་ ཐིམ་ཕུ་དང་ བསམ་གྲུབ་ལྗོགས་མཁར་ལུ་ འབད་ཡོདཔ་ཨིན་པས།
མཉམ་འབྲེལ་སྡེ་ཚན་གྱིས་ ཕུན་ཚོགས་གླིང་གི་ཁྲོམ་ཁར་ཡོད་མི་ སྒྲ་དབྱངས་ཚུ་རྩིས་ཏེ་ ཟ་ཁང་༡༠༠ དང་ དྲུང་ཁག་ཡིག་ཚང་ ཁྲིམས་སྲུང་འགག་སྡེའི་ཡིག་ཚང་ དངུལ་འབྲེལ་ལས་ཁང་ གཞུང་གི་ཡིག་ཚང་ཚུ་ནང་ ནུབ་མོའི་ཆུ་ཚོད་༡༠ ཚུན་ ཞིབ་དཔྱད་རྐྱབ་ཡོདཔ་ཨིན་པས།
སྡེ་ཚན་གྱིས་ བསམ་གྲུབ་ལྗོངས་མཁར་ལུ་ ཟ་ཁང་དང་ ཡིག་ཚང་ཡུདཔ་ཅིག་ག་ར་གིས་ ཏམ་ཁུའི་བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་དང་འཁྲིལ་ ལག་ལེན་འཐབ་ཡོདཔ་ལས་ ལས་སྡེ་ཕུད་རྡོག་གཅིག་ལུ་ར་ ཉེས་བྱ་མ་བཀལ་རུང་ འདས་པའི་ཟླཝ་ནང་ ཐིམ་ཕུ་ལུ་ གཞུང་གི་ལས་སྡེ་༢ དང་ ཡིག་ཚང་གི་ཇ་ཁང་ཅིག་ བརྡ་བརྒྱུད་ལས་སྡེ་ཅིག་ དེ་ལས་ མི་ངོ་༦ ལུ་ ཉེས་བྱ་བསྡོམས་དངུལ་ཀྲམ་༤༠,༠༠༠ བཀལ་ཡོདཔ་ཨིན་པས།
ཏམ་ཁུ་ཚུ་ ཆང་ཁང་དང་ ཟ་ཁང་ཚུ་གིས་མ་ཚད་པར་ གཞུང་དང་ ལས་འཛིན་ སྒེར་གྱི་ཡིག་ཚང་ཆ་མཉམ་གྱི་ནང་ ལག་ལེན་འཐབ་མ་ཆོགཔ་ལས་ ཡིག་ཚང་གི་ ས་ཁོངས་ག་རའི་ནང་ ཏམ་ཁུ་འཐུང་མ་ཆོག་པའི་ བརྡ་བྱང་ཚུ་ ངེས་པར་དུ་ བཞག་དགོཔ་ཨིན་པས།
འབྲུག་ཏམ་ཁུ་བཀའ་འཛིན་ལས་སྡེའི་ ཁྲིམས་དོན་འགོ་དཔོན་ བསོད་ནམས་ཚེ་རིང་གིས་ སླབ་མིའི་ནང་ མི་མང་ཤོས་ཅིག་གིས་ར་ བརྡ་བྱང་ཚོན་བཏང་པར་ སྤྲོད་ཡོདཔ་སྦེ་ ཧད་འཕུལ་བའི་ཁར་ ལ་ལུ་ཅིག་གིས་ ཚོན་གཏང་ནིའི་དོན་ལུ་ ཞིབ་དཔྱད་མ་འབད་བའི་ ཉིནམ་དེ་གི་ཧེ་མར་ བརྡ་བྱང་ཚུ་སྤོག་ཡོདཔ་སྦེ་ སླབ་དེས་ཟེར་ཨིན་པས།
དག་པ་ཅིག་གིས་ ཏམ་ཁུའི་བཅའ་ཡིག་སྐོར་ལས་ ཧ་གོ་ཡོད་རུང་ བརྡ་བྱང་ཚུ་སྦྱར་ནི་ བརྗེད་སོ་ནུག་ཟེར་ སླབ་ཡོདཔ་ད་ ལ་ལུ་གིས་འབད་བ་ཅིན་ བཅའ་ཡིག་དེ་ ཏམ་ཁུ་བཟའ་སྤྱོད་འབད་མི་ཚུ་གི་དོན་ལུ་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
ཏམ་ཁུའི་བཅའ་ཡིག་དང་ སྒྲིག་གཞི་ཚུ་ལས་འགལ་མི་ ཆ་མཉམ་ལུ་ ཞིབ་དཔྱད་ཀྱི་ཤུལ་ལས་ དུས་ཡུན་ཆུ་ཚོད་༢༤ གི་ནང་འཁོད་ལུ་ ཉེས་བྱ་བཏབ་དགོཔ་སྦེ་ སླབ་ཡོད་རུང་ ལེ་ཤ་ཅིག་གིས་ ངོས་ལེན་ཚུལ་ལྡན་སྦེ་ མ་འབད་མི་ལུ་ལྟཝ་ད་ ཁྲིམས་ཡིག་ལུ་ སྣང་དག་མི་བསྐྱེདཔ་བཟུམ་མཐོངམ་མས་ཟེར་ བསོད་ནམས་ཚེ་རིང་གིས་ སླབ་ཨིན་པས།
ལས་འཛིན་གྱི་ ལས་བྱེདཔ་ཅིག་གིས་ སླབ་མིའི་ནང་ འབྲུག་ཏམ་ཁུ་བཀག་འཛིན་ལས་སྡེ་གིས་ ཁྲིམས་དང་འཁྲིལ་ དང་ལེན་འབད་མི་ལུ་ ཡིད་ཆེས་ངལ་རངས་ཡོད་རུང་ ཐད་ཀར་དུ་ ཉེས་བྱ་བཀལ་ནི་མེན་པར་ དང་པ་ར་ ཉེན་བརྡ་བྱིན་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment