༢༣/༔༦/༢༠༡༢ ༉ ད་རེས་ཁམས་ཅིག་ཁར་ ཐིམ་ཕུ་དཀར་སྦྱིས་ས་ལུ་ མདའ་ཕོག་སྟེ་ མདའ་རྩེདཔ་ཅིག་ལུ་ ཤི་རྐྱེན་བྱུང་མི་དེ་ མདའ་རྩེད་ནང་ གནད་དོན་གསརཔ་ཅིག་མེན་རུང་ མི་མང་ཤོས་ཅིག་གིས་ རྒྱལ་ཁབ་ནང་ མདའ་རྩེད་དེ་ ཉེན་ཁག་ཅན་སྦེ་མཐོང་གསལ་ཡོད་པའི་ བསམ་འཆར་ཚུ་ བཀོདཔ་ཨིན་པས།
དེ་བཟུམ་སྦེ་ འདས་པའི་ལོ་ཚུ་ནང་ཡང་ དེ་བཟུམ་མའི་ རྐྱེན་ངན་ཚུ་ ལེ་ཤ་ཅིག་ར་ བྱུང་ཡོདཔ་ཨིན་རུང་ ཐོ་བཀོད་བཞག་མི་ ལས་སྡེ་ ག་ཡང་མེདཔ་ལས་ ཀུན་གསལ་གྱིས་ རྐྱེན་ངན་ཚུ་གི་སྐོར་ལས་ གནས་ཚུལ་བྲིས་ཡོད་པའི་ ཐོ་དང་འཁྲིལཝ་ད་ སྤྱི་ལོ་༡༩༨༦ ལས་ ད་ཚུན་ལུ་ མི་ལུ་ མདའ་གིས་ གནོད་སྐྱོན་དང་ ཤི་རྐྱེན་བྱུང་མིའི་གྱངས་ཁ་༡༥ དེ་ཅིག་འདུག།
དེ་ཚུ་གི་གྲས་ལས་ ཕྱི་རྒྱལ་གྱི་ མདའ་གཞུ་ལུ་བརྟེན་ཏེ་ མི་༣ དང་ རང་ལུགས་སྤག་ཤིང་ལུ་བརྟེན་ མི་༢ འབདཝ་ད་ མི་༥ ལུ་མ་གཏོགས་ ཤི་རྐྱེན་མ་བྱུངམ་ད་ གཞན་ཚུ་ སྨན་བཅོས་འབད་དེ་ དྲག་ཡོདཔ་ཨིན་པས།
ཨིན་རུང་ ཀུན་གསལ་གྱིས་ དང་ཕུའི་ མདའ་རྩེདཔ་རྒན་ཤོས་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ ཀུན་གསལ་གྱི་ ཐོ་ནང་མ་ཚུད་པའི་ རྐྱེན་ངན་ལེ་ཤ་ཅིག་ བྱུང་མིའ་སྐོར་ལས་ སླབ་ནི་འདུག།
ཐོ་བཀོད་དང་འཁྲིལཝ་ད་ རྐྱེན་ངན་ཚུ་གི་གྲས་ལས་ ཐིམ་ཕུ་དང་ དབང་འདུས་ཕོ་བྲང་རྫོང་ཁག་༢ ནང་ མདའ་ཕོག་པའི་གནད་དོན་ཁག་༤ རེ་ ཐོན་ཡོད་མི་ཚུ་ རྒྱལ་ཁབ་ནང་ མཐོ་ཤོས་ཅིག་ཨིན་རུང་ དབང་འདུས་ཕོ་བྲང་ལུ་ མི་༢ དང་ ཐིམ་ཕུ་ལུ་ མི་༡ ལུ་མ་གཏོགས་ ཤི་རྐྱེན་མ་བྱུངམ་ཨིན་པས།
དེ་བཟུམ་མའི་ འདས་པའི་རྐྱེན་ངན་དང་ ད་རེས་ཁམས་བྱུང་བའི་རྐྱེན་ངན་ དེ་ལས་ རྒྱལ་ཁབ་ནང་ མདའ་རྩེད་ལུ་ སྤྲོ་བ་བསྐྱེད་མི་ གྱངས་ཁ་ཡར་སེང་ཐོག་ ཐོན་དོ་ཡོད་མི་ཚུ་ལུ་ གཞི་བཞག་ཐོག་ལས་ མི་མང་ཤོས་ཅིག་གི་སེམས་ཁར་ མདའ་རྩེད་ཐང་ཚུ་ནང་ མདའ་རྩེདཔ་དང་ ལྟདམོ་བལྟ་མི་༢ ཆ་ར་གི་དོན་ལུ་ ཉེན་སྲུང་གི་མཁོ་ཆས་ཚུ་ བཙུགས་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་པས།
དེ་མ་ཚད་ འདས་པའི་ལོ་ཚུ་ནང་ ཐིམ་ཕུ་སངས་རྒྱས་སྒང་ལུ་ འགྱོ་སའི་ལམ་ཁར་ཡོད་པའི་ འབའ་ཐང་ཅིག་ནང་ ཕྱི་རྒྱལ་གྱི་ མདའ་རྩེད་འགོ་འདྲེན་འབད་པའི་སྐབས་ མདའ་གིས་ ཉེ་འདབས་ཀྱི་ཁྱིམ་ཅིག་གི་ སྒོ་སྒྲིག་ནང་ལས་སྦེ་ ཁྱིམ་ནང་འཛུལ་བའི་རྐྱེན་ངན་དང་ འདས་པའི་ལོ་ངོ་དག་པ་ཅིག་ལས་ ཤི་རྐྱེན་དང་ རྨ་སྐྱོན་བྱུང་མིའི་གནད་དོན་ཚུ་ མང་ཤོས་ར་ ཕྱི་རྒྱལ་གྱི་ མདའ་གཞུ་ཚུ་ལུ་བརྟེན་ཏེ་ཨིནམ་ལས་ ཕྱི་རྒྱལ་གྱི་མདའ་གཞུ་ཚུ་ལུ་ ཁ་བཏང་དོ་ཡོདཔ་ཨིན་པས།
ཡོངས་འབྲེལ་ཚུ་ནང་ལས་ཕར་ཡང་ མི་ཚུ་གིས་ རྒྱལ་ཁབ་ནང་ ཕྱི་རྒྱལ་གྱི་མདའ་གཞུ་དེ་ རྩ་བ་ལས་ར་ བཀག་དམ་འབད་དགོཔ་འདུག་ཟེར་བཀོད་དེ་ཡོདཔ་ད་ དེ་ལུ་བརྟེན་ རྒྱལ་ཁབ་ནང་ལས་ ཏི་རུ་ཚུ་ ཌོ་ལར་གྱི་ཐོག་ལུ་སྦེ་ ཕྱིའི་རྒྱལ་ཁབ་ཚུ་ནང་ འགྱོ་དོ་ཡོདཔ་སྦེ་ བཀོད་ནུག།
ལས་འཛིན་ཅིག་ནང་ ལཱ་འབད་མི་ བཙན་སྐྱོགས་ཀྱིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ ཁོ་གིས་འབད་རུང་ ཕྱི་རྒྱལ་གྱི་མདའ་གཞུ་ཚུ་ ལག་ལེན་འཐབ་ནི་ལས་ བཀག་དམ་འབད་དགོཔ་ ཡོདཔ་སྦེ་མཐོང་རུང་ ཕྱི་རྒྱལ་གྱི་མདའ་གཞུའི་ཚོང་འབྲེལ་འཐབ་མི་ཚུ་གིས་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་མི་ལུ་ ངལ་མ་རངས་པར་ མེན་ཟེར་ཨིན་པས།
ཕྱི་རྒྱལ་གྱི་གཞུ་ཚུ་ གཙོ་བོ་ར་ ཤ་བདའ་ནིའི་དོན་ལུ་ བཟོ་བཀོད་འབད་དེ་ཡོདཔ་ལས་ མི་འཛོམས་སའི་ས་ཁོངས་ཚུ་ནང་ ལག་ལེན་འཐབ་མ་ཆོགཔ་ད་ ད་རེས་ནངས་པ་ མདའ་རྩེདཔ་གི་ ཕམ་ཚུ་གིས་ཡང་ ཕྱི་རྒྱལ་གྱི་ མདའ་གཞུ་ཚུ་ལུ་བརྟེན་ རང་གི་ཚེ་སྲོག་གིས་མ་ཚད་ རང་གི་ས་དང་ ཅ་ཆས་ཚུ་ལུ་ཡང་ ཐོ་ཕོག་དོ་ཡོདཔ་ལས་ ལག་ལེན་འཐབ་ནི་ལས་ འཛེམས་དགོ་པའི་སྐོར་ལས་ སླབ་སར་ཡང་ གོཝ་མས་ཟེར་ཨིན་པས།
གལ་སྲིད་ རང་ལུགས་ཀྱི་རྩེདམོ་དེ་ རང་ལུགས་ཀྱི་ཅ་ཆས་ཐོག་ལས་ར་ རྩེད་འགྲན་འབད་བ་ཅིན་ མ་འོངས་པ་ལུ་ རྒྱལ་ཁབ་ནང་ ལྟ་བཤལ་དང་འབྲེལ་བའི་ ཕན་པ་སྦོམ་འབྱུང་ནིའི་ འོས་འབབ་མཐོངམ་མས་ཟེར་ བཙན་སྐྱོགས་ཀྱིས་སླབ་ཅི།
རྒྱལ་ཁབ་ནང་ སྤྱི་ལོ་༢༠༠༧ ལུ་ གཡང་འཕེལ་ཕྱི་རྒྱལ་མདའ་གཞུའི་ཚོང་ཁང་ འགོ་དང་པ་ གཞི་བཙུགས་འབད་བའི་བསྒང་ འཕྲུལ་རིག་པ་སྦེ་ འགོ་དང་པ་སྦྱོར་བརྡར་འབད་ཡོད་པའི་ཁར་ ད་རེས་ཀྱི་ འབྲུག་རང་ལུགས་རྩེད་རིགས་ཚོགས་སྡེའི་ མདའ་རྩེད་ཀྱི་ ཡོངས་ཁྱབ་དྲུང་ཆེན་འོག་མ་ འགྱུར་མེད་དབང་འདུས་ཀྱིས་འབད་བ་ཅིན་ འཛམ་གླིང་ནང་ རྩེད་རིགས་ག་ཅི་བཟུམ་རྩེད་རུང་ ཉེན་ཁ་མེདཔ་ད་ མདའི་ཐད་ལུ་འབད་རུང་ གཙོ་བོ་ མདའ་རྐྱབ་མི་ཚུ་གིས་ རིག་པ་འགྲིམ་དགོཔ་ཨིན་ཟེར་ཨིན་པས།
དེ་དང་གཅིག་ཁར་ ཕྱི་རྒྱལ་གྱི་མདའ་གཞུ་ ཚོང་འབྲེལ་འཐབ་མི་ཚུ་གིས་འབད་རུང་ ཉེན་སྲུང་གི་ གོ་བ་བརྡ་སྤྲོད་འབད་ནིའི་ནང་ ་འགན་ཁུར་འབག་དགོཔ་འདུག་ཟེར་ཨིནམ་ད་ དེང་སང་གི་དུས་ལུ་ རྒྱལ་ཁབ་ཡར་རྒྱས་འགྱོ་བའི་བསྒང་ ཉེན་སྲུང་ཚུ་ལུ་ གཙོ་བོར་བཏོན་ནི་མ་གཏོགས་ ཕྱི་རྒྱལ་གྱི་མདའ་གཞུ་ཚུ་ བཀག་དམ་འབད་ནིའི་སྐོར་ལས་ སླབ་ནི་མི་འོང་ཟེར་ཨིན་པས།
འགྱུར་མེད་དབང་འདུས་ཀྱིས་འབད་བ་ཅིན་ མི་ལུ་ མདའ་ཕོག་པའི་རྐྱེན་ངན་ཚུ་ མདའ་གཞུ་ཚུ་ལུ་བརྟེན་ཏེ་མེན་པར་ མི་ལུ་བརྟེན་ཏེ་ར་ བྱུང་དོ་ཡོདཔ་ལས་ རང་ལུགས་སྤག་ཤིང་དང་ ཕྱི་རྒྱལ་གྱི་ཅ་ཆས་ཚུ་ལུ་ ཉེན་ཁ་ཚུ་ ཅོག་ར་འཐདཔ་སྦེ་ ཡོད་ཟེར་ཨིན་པས།
དེ་ཡང་ སྤག་ཤིང་ལག་ལེན་འཐབ་པའི་སྐབས་ མདའ་ཚུ་ ཤུགས་ཆུང་རུང་ མང་ཤོས་ཅིག་ འབའ་སྐྱོར་གྱི་ ཕྱི་ཁར་འགྱོ་དོ་ཡོདཔ་ད་ ཕྱི་རྒྱལ་གྱི་མདའ་ཚུ་ ཤུགས་ཆེ་རུང་ འབའ་སྐྱོར་ཚུ་ལས་ ཕྱི་ཁར་གནམ་མེད་ས་མེད་ མི་འགྱོ་དོ་ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིནམ་ད་ ད་རེས་ཚུན་ལུ་ གནོད་སྐྱོན་གྱི་གྱངས་ཚུ་ཡང་ ཧ་ལམ་ ཅོག་ར་འཐདཔ་སྦེ་ ཡོད་ཟེར་ཨིན་པས།
འབྲུག་རང་ལུགས་མདའ་རྩེད་ཚོགས་སྡེའི་ཁྲི་འཛིན་ བློན་པོ་བགྲེསཔ་ ཀུན་བཟང་རྡོ་རྗེ་གིས་འབད་བ་ཅིན་ ཐིམ་ཕུ་ལྕང་གླིང་མི་ཐང་བཟུམ་ཅིག་ནང་འབད་བ་ཅིན་ ཉེན་སྲུང་གི་ཅ་ཆས་ དཔེ་འབད་བ་ཅིན་ མདའ་རྩེདཔ་ཚུ་ ཟུར་སྡོད་སའི་ གྱང་རྩིག་ཚུ་ཡང་ རྐྱབ་སྟེ་ཡོདཔ་མ་ཚད་ གཞན་ཡང་ འབད་ཆོག་དང་མ་ཆོག་གི་ ཁྲིམས་ལུགས་ཚུ་ བཟོ་སྟེ་ཡོདཔ་ལས་ རྒྱལ་ཡོངས་ཀྱི་ མདའ་རྩེད་འགྲན་བསྡུར་ཚུ་གི་སྐབས་ལུ་ རྐྱེན་ངན་ཚུ་ ག་ཅི་ཡང་ བྱུང་བྱུངམ་མེད་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་རང་ལུགས་རྩེད་རིགས་ཚོགས་སྡེ་གིས་ ཁྲིམས་ལུགས་ཚུ་ཡང་ བཟོ་སྟེ་ཡོདཔ་ད་ དགོས་མཁོ་དང་བསྟུན་ བསྐྱར་གསོ་ཡང་ འབད་དོ་ཟེར་སླབ་ཅི།དེ་དང་གཅིག་ཁར་ རྒྱལ་ཁབ་ནང་ ཕྱི་རྒྱལ་གྱི་ མདའ་གཞུ་ལག་ལེན་འཐབ་མིའི་ གྱངས་ཁ་ཡར་སེང་ཐོག་ ཐོན་དོ་ཡོདཔ་ཨིན་རུང་ རང་ལུགས་སྤག་ཤིང་ཚུ་ཡང་ གོང་འཕེལ་བཏང་དགོཔ་ལས་ འཆར་གཞི་ཚུ་ བརྩམ་པའི་བསྒང་ཡོད་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།
No comments:
Post a Comment