གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་ལོ་རྒྱུས་དང་ རྒྱལ་རབས་དང་འབྲེལ་བའི་ དྲི་ལེན་ཕྱོགས་བསྒྲིགས་ དཔེ་དེབ་དང་པ།

༡༨/༧/༢༠༡༢   ༉ རྫོང་ཁའི་ཤེས་ཡོན་དང་འབྲེལ་བའི་ རྩོམ་རིག་དང་ དེབ་རིགས་ཚུ་ ཚོང་འབྲེལ་གནས་སྟངས་ནང་ གོ་སྐབས་ཆུང་སུ་ཅིག་ལས་མེད་ནི་དེ་གིས་ རྫོང་ཁའི་མཁས་དབང་ཚུ་ལུ་ ཤེས་བྱའི་རིག་མཛོད་ཡོད་དེ་འབད་རུང་ དཔར་སྐྲུན་འབད་མི་མེདཔ་ལས་ མ་དངུལ་གྱི་རྒྱབ་སྐྱོར་ཡོད་མི་ གཙུག་སྡེ་ཁག་ཚུ་གིས་མ་གཏོགས་ རྫོང་ཁའི་ཐོག་ལུ་ ཚོང་འབྲེལ་གྱི་དཔེ་དེབ་ དཔར་སྐྲུན་འབད་མི་མེདཔ་ཨིན་པས།


འདི་བཟུམ་གྱི་གནས་སྟངས་ནང་ལྷོད་དེ་ཡོད་རུང་ ད་རེས་འགོ་དང་པ་ རྫོང་ཁའི་ཐོག་ལུ་ སྤྱིར་བཏང་ཤེས་ཡོན་དང་འབྲེལ་བའི་ འབྲུག་གི་ཤེས་བྱ་ཟེར་བའི་ དྲི་ལེན་གྱི་དཔེ་དེབ་ཅིག་ སྲོལ་འཛིན་ལས་ཁུངས་ནང་ལཱ་འབད་མི་ ལས་བྱེདཔ་ཅིག་ཨིན་མི་ ཕན་བདེ་ལེགས་བཤད་དབང་ཕྱུག་གིས་ བསྡུ་བསྒྲིགས་འབད་དེ་ དཔེ་སྐྲུན་འབད་ཡོདཔ་ལས་ དཔེ་མཛོད་ཚོང་ཁང་ཚུ་ནང་ལས་ འཐོབ་ཚུགསཔ་ཨིན་པས།
དཔེ་དེབ་དེ་ ཨིང་སྐད་ནང་ཡང་ སྐད་བསྒྱུར་འབད་དེ་ཡོདཔ་བཞིན་དུ་ རྫོང་ཁའི་དཔེ་དེབ་དང་ཕྱདཔ་ད་ ཨིང་སྐད་ཐོག་གི་ དཔེ་དེབ་ཚུ་ལུ་ མཁོ་འདོད་སྐྱེད་མི་མང་དོ་ཡོདཔ་ད་ བསྡུ་སྒྲིག་པའི་དམིགས་ཡུལ་ལྟར་དུ་འབད་བ་ཅིན་ གཙོ་བོ་ར་ སློབ་གྲྭའི་སློབ་ཕྲུག་ཚུ་དང་ མཐོ་རིམ་མཐར་འཁྱོལ་ཏེ་ ཞི་གཡོག་ཆོས་རྒྱུགས་ཀྱི་དོན་ལུ་ གྲ་བསྒྲིག་འབད་མི་ དེ་ལས་ གྲྭ་ཚང་དགོན་སྡེ་ སློབ་གྲྭ་དང་བཤད་གྲྭའི་ དགེ་སློང་དང་ ཨ་ནེམོ་ ཤེས་ཡོན་འཕྲོ་མཐུད་ལྷབ་མི་ སློབ་སྦྱོང་པ་ཚུ་གི་དོན་ལུ་ཨིན་ཟེར་ཨིན་པས།
སྤྱིར་བཏང་ དཔེ་དེབ་དེའི་གཞི་བཀོད་དེ་ འབྲུག་གི་ཆོས་དང་ལམ་ལུགས་ ལོ་རྒྱུས་དང་ རྒྱལ་རབས་ལུ་ སྤྲོ་བ་ཡོད་མི་ཚུ་གི་དོན་ལུ་ བསྡུ་བསྒྲིག་འབད་ཡི་ཟེར་ཨིན་པས།
ལོ་ངོ་༡༡ དེ་ཅིག་ སློབ་གྲྭའི་སློབ་དཔོན་འབད་མི་ བསྡུ་བསྒྲིགཔ་གིས་ ལོ་༣ དེ་ཅིག་གི་རིང་ མཁས་དབང་གཞན་གྱི་མཛད་མིའི་ དཔེ་དེབ་༡༡༢ དེ་ཅིག་ལས་ ཞིབ་འཚོལ་འབད་དེ་ བསྡུ་བསྒྲིགས་འབད་ཡོདཔ་ད་ དཔེ་དེབ་དེ་ནང་ འབྲུག་གི་ཆོས་འབྱུང་ རྒྱལ་རབས་ ལོ་རྒྱུས་དང་ གཞུང་སྐྱོང་ལམ་ལུགས་ཚུ་དང་འབྲེལ་བའི་ དོན་ཚན་༣༩ གི་ཐོག་ལུ་ དྲི་ལན་ཡོངས་བསྡོམས་༡༧༢༦ དེ་ཅིག་ སྒྲིག་བཀོད་ འབད་ཡོདཔ་ཨིན་པས།
དཔེ་དེབ་དེ་ནང་ གོང་འཁོད་ཀྱི་གནད་དོན་གྱིས་མ་ཚད་པར་ རྫོང་ཁག་༢༠ འི་ རྒྱབ་ཁུངས་དང་ རྫོང་ཁག་སོ་སོ་དང་འབྲེལ་བའི་ ལོ་རྒྱུས་ཚུ་ ཁ་གསལ་འབད་ཚུད་པའི་ དྲི་ལན་གྱི་རིམ་པ་ དོན་ཚན་སོ་སོ་སྦེ་བཟོ་ཡོད་མི་དེ་ རིག་ལམ་འགོ་དང་པ་ཨིན་པའི་ མཐོང་གསལ་བྱུང་ཡོདཔ་ཨིན་པས།
ལོ་རྒྱུས་དང་འབྲེལ་བའི་ གནས་སྟངས་ལ་ལུའི་ནང་ སྤྱི་ཚེས་ཚུ་གཅིག་མཚུངས་མེད་པའི་དོགས་གསལ་ལུ་ འབྲུག་གི་ཤེས་བྱའི་དེབ་དེ་ནང་ སྤྱི་ཚེས་མ་མཐུན་རུང་ རབ་འབྱུང་དང་ དུས་རབས་ཚུ་ལག་ལེན་འཐབ་ཐོག་ལས་ མགུ་འཐོམ་དགོཔ་མེད་པའི་གཞི་བཀོད་ལུ་ གོ་བདེ་དྲགས་ བཟོ་ཡོདཔ་ཨིན་པས།
དཔེ་དེབ་དེའི་ དོན་ཚན་ཚུ་ ཞིབ་འཚོལ་མཐིལ་ཕྱིན་འབད་ཡོད་པའི་ གསལ་སྟོན་བྱུང་མི་དེ་ཡང་ ལོ་རྒྱུས་དང་ རྣམ་ཐར་གྱི་གནས་སྡུད་ཞིབ་པར་སྦེ་ བསྡུ་སྒྲིག་འབད་དེ་ བཀོད་ཡོད་པའི་ཁར་ ཕན་བདེ་ལེགས་བཤད་ཀྱིས་སླབ་མིའི་ནང་ དཔེ་དེབ་ཚུ་ནང་ ཞིབ་འཚོལ་འབད་ཡོདཔ་མ་ཚད་ བརྡ་བརྒྱུད་ནང་ཐོན་མི་ཚུ་ཡང་ ཁ་གསལ་གྱི་ཞིབ་འཚོལ་ཐོག་ལས་ ལག་ལེན་འཐབ་ཅི་ཟེར་ཨིན་པས།
དཔེ་དེབ་དེ་ནང་ ཧེ་མ་མེད་པའི་ལོ་རྒྱུས་ཅིག་མེད་རུང་ དཔེ་དེབ་གཅིག་ནང་ལུ་ ཧ་ལམ་ འབྲུག་རྒྱལ་ཁབ་དང་འབྲེལ་བའི་ ཆོས་འབྱུང་ རྒྱལ་རབས་ཀྱི་ལོ་རྒྱུས་ སྟབས་གཅིག་ཁར་ ཕྱོགས་བསྒྲིགས་འབད་དེ་ བཀོད་ཡོད་མི་དེ་ རྫོང་ཁའི་ནང་ འགོ་དང་པ་ཨིན་པས།
ཁོ་གིས་སླབ་མིའི་ནང་ རྫོང་ཁའི་ཐོག་གི་དཔེ་དེབ་དེ་ མང་ཤོས་ར་ དགེ་སློང་དང་ གྲྭ་ཚང་གྱི་སློབ་དཔོན་ དེ་ལས་ བླམ་གནས་བརྟན་ཚུ་གིས་ མཁོ་འདོད་བཀོད་མི་ཐོན་རུང་ མང་ཆེ་ཤོས་ཀྱིས་ར་ ཨིང་སྐད་ཐོག་ སྐད་བསྒྱུར་འབད་ཡོད་མི་དེ་ར་ འཚོལཝ་མས་ཟེར་ཨིན་པས།
ཁོ་གིས་ འགོ་ཐོག་དཔར་སྐྲུན་ནང་ རྫོང་ཁ་དང་ ཨིང་སྐད་ཐོག་གི་ དཔེ་དེབ་གཉིས་ཆ་རའི་འདྲ་པར་༦,༠༠༠ རེ་ དཔར་བསྐྲུན་འབད་ཡོདཔ་ད་ དཔེ་དེབ་རེ་ལུ་ གོང་ཚད་དངུལ་ཀྲམ་༤༥༩ རེ་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment