གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲི་མངའ་གསོལ་མདའ་རྩེད་ མཐའ་བཅད་འགྲན་བསྡུར་ འོག་མའི་ནང་ལྷོད་ཡོདཔ།

གི་རིན་ཊིམ་གྱི་མདའ་རྩེདཔ་ཚུ་གིས་ རང་ཕྱོགས་ལུ་ དགའ་ཚོར་དང་བཅས་པའི་ཐོག་ལས་འབའ་གཏད་པའི་བསྒང་།
༡༩/༧/༢༠༡༢   ༉ ལོ་བསྟར་ ཁྲི་མངའ་གསོལ་ མདའ་རྩེད་འགྲན་བསྡུར་དེ་ མཇུག་བསྡུ་རན་ཁར་ལྷོད་ཡོདཔ་ད་ མཐའ་བཅད་འགྲན་བསྡུར་འོག་མ་དེ་ སྤྱི་ཟླ་༧ པའི་ཚེས་༢༨ དང་༢༩ ལུ་ གཏེར་སྟོན་སྡེ་ཚན་དང་ གི་རིན་སྡེ་ཚན་ དེ་ལས་ ཐིམ་ཕུ་ཡུ་ནའི་ཊེད་དང་ དམ་ཅན་སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།


སྤྱི་ཟླ་༧ པའི་ཚེས་༡༤ ལུ་ མཐའ་བཅད་འགྲན་བསྡུར་ཆུང་བ་ རྩེད་འགྲན་འབད་བའི་སྐབས་ ཐིམ་ཕུ་ཡུ་ནའི་ཊེད་གིས་ བཀྲིས་རྟགས་བརྒྱད་སྡེ་ཚན་དང་ གི་རིན་སྡེ་ཚན་གྱིས་ ཨ་ཏ་ཕེ་རེནསི་ གཏེར་སྟོན་སྡེ་ཚན་གྱིས་ ཨེ་བི་ཊི་ཨོ་ དེ་ལས་ དམ་ཆེན་གྱིས་ ཕུན་སུམ་སྡེ་ཚན་ཚུ་ ཕམ་བཏང་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༦ ལས་འགོ་བཙུགས་མི་ མདའ་རྩེད་འགྲན་བསྡུར་དེ་ནང་ སྡེ་ཚན་༣༦ གིས་ བཅའ་མར་གཏོགས་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment