གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གེ་ཟ་ཚུ་ལུ་ སྤྱ་གིས་ གནོདཔ་བཀལ་དོ་ཡོདཔ།

༡༩/༧/༢༠༡༢    ༉ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལོ་ཐོག་གཙོ་ཅན་ཅིག་ཨིན་མི་ གེ་ཟ་དེ་ ད་རེས་ནངས་པ་ དུས་ཚོད་འ་ནེམ་ཅིག་ཁར་ ཁ་དམའ་ས་ཚུ་ནང་ བསྡུ་གསོག་འབད་ནིའི་དུས་ཚོད་རན་དོ་ཡོད་རུང་ ས་ཁ་མཐོ་ས་ཚུ་ནང་ ད་རེས་ནངས་པར་ ཤོསཔ་བཏག་ནི་འགོ་བཙུགས་པའི་བསྒང་ལས་ར་ རི་དྭགས་སེམས་ཅན་སྤྱ་གིས་ གནོདཔ་བཀལ་དོ་ཡོདཔ་ལས་ དྲོ་པ་ལས་ ཕྱི་རུ་ཉིམ་མ་ནུབ་ཚུན་ ལོ་ཐོག་སྲུང་སྡོད་ནི་དེ་ དོ་འགྲན་ཅན་ཅིག་ཨིན་པས།
སྤྱ་སྲུང་སྡོད་མི་ ཨ་རྒས་འཕྲིན་ལས།
སྤྱའི་ཁ་གནོན་འབད་ ལག་ལེན་འཐབ་མི་ གཅན་གཟན་སྟག་རྫུས་མ


དེ་ཡང་ མོང་སྒར་རྒེད་འོག་ གཡག་སྤུ་གང་གཡུས་ཚན་ནང་ སོ་ནམ་པ་ཚུ་གིས་ རི་དྭགས་སེམས་ཅན་ཚུ་གི་གྲས་ལས་ གེ་ཟ་ལུ་གནོདཔ་བཀལ་མི་དེ་ སྤྱ་ཚུ་ཨིནམ་ལས་ ཉིན་མའི་ལྟོ་ཡང་བཟའ་ལོང་མེད་པར་ སྤྱ་སྲུང་དགོཔ་ཐོན་མི་དེ་ དུས་ཅི་འགོ་དང་པ་མེན་ཟེར་ མི་སེར་ཚུ་གིས་སླབ་ཨིན་པས།
མོང་སྒར་ གཡག་སྤུ་གང་གི་ གཡུས་ཚན་བཟུམ་ཅིག་ནང་འབད་བ་ཅིན་ གེ་ཤོསཔ་བཏག་ནིའི་དུས་ཚོད་ཨིནམ་ལས་ ད་ལྟོ་ལས་སྤྱ་སྲུང་ནི་འགོ་བཙུགས་སྟེ་ ད་རུང་ ཟླཝ་ཕྱེད་དང་༢ དེ་ཅིག་ཡོད་མི་ལུ་བརྟེན་ དབུག་འགམ་པའི་གཞི་ཅིག་ཨིན་པས།
ལོ་ཨ་རྟག་ར་ དུས་ཚོད་འ་ནེམ་ཅིག་ཁར་ སྤྱ་སྲུང་སྡོད་མི་ སྐྱེས་ལོ་༦༧ ལང་མི་ འཕྲིན་ལས་ཀྱིས་ ཀུན་གསལ་ལུ་སླབ་མིའི་ནང་ ཁོ་རའི་ཞིང་གླང་དོ་༦ དེ་ཅིག་ཡོད་མི་ནང་ ལོ་བསྟར་བཞིན་དུ་ སྤྱ་སྲུང་ནི་དེ་ ལཱ་ཁག་འདུག་ཟེར་ཨིནམ་ད་ དེ་ཡང་ ཞིང་ཚུ་ནགས་ཚལ་གྱི་སྦོ་ལོགས་ཁར་ཡོད་ནི་དེ་གིས་ཨིན་པས།
ཁོ་གིས་ ས་ཞིང་དེ་ནང་གེ་ཟ་བཏབ་མི་གིས་ ཁོ་རའི་ ནང་མི་བཟང་ཚང་ཚུ་ འཚོ་སྐྱོང་འཐབ་ནི་ལུ་ལང་དོ་ཡོདཔ་མ་ཚད་ ལྷག་ལུས་ཡོད་མི་ཚུ་ ཁྱིམ་ཚང་དང་ རྒེད་འོག་ནང་ མཁོ་འདོད་བསྐྱེད་མི་རེ་ཐོནམ་ད་ བཙོང་ཐོག་ལས་ དངུལ་གྱི་འོང་འབབ་ཡང་བཟོཝ་ཨིན་རུང་ ལཱ་འབད་ཚར་བའི་ཤུལ་ལུ་ གྲུབ་འབྲས་མེདཔ་འགྱོ་ནིའི་ཉེན་ཁ་ཡོདཔ་ལས་ ལོ་ཐོག་དེ་ ཞིང་ནང་ལས་ ཁྱིམ་ནང་བསྡུ་གསོག་འབད་མ་ཚར་ཚུན་ བདག་འཛིན་འཐབ་ནི་ལུ་ དཀའ་ངལ་སྦོམ་འདུག་ཟེར་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ ས་ཁ་ལས་ འབྲུ་སྣ་དགུའི་རིགས་ག་ཅི་ར་འཚོ་བཏུབ་རུང་ ཞིང་ཚུ་ནགས་ཚལ་གྱི་སྦོ་ལོགས་ཁར་འབད་ནི་དེ་གིས་ སྤྱ་ཚུ་ལས་་་སྲུང་སྐྱོབ་འབད་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
རི་ཁ་ལས་མར་ སྤྱ་ཚུ་གིས་ སྡེ་ཚན་སྦེ་འོང་དོ་ཡོདཔ་ལས་ ཞིང་སྲུང་མི་ མི་མེད་པ་ཅིན་ ཚར་གཅིག་ལུ་ར་ གེ་ཟ་ཚུ་མེདཔ་བཏངམ་མས་ཟེར་ཨིན་རུང་ ལོ་༢ དེ་ཅིག་ལས་ཚུར་ སྤྱ་སྲུང་ནིའི་དོན་ལུ་ ཚོང་ཁང་ནང་ལས་ འཐོབ་མི་སྟག་དང་གཟིག་རྫུས་མ་གིས་ ཕན་ཐོགས་དོ་ཡོདཔ་སྦེ་སླབ་ཨིན་པས།
ཤར་ཕྱོགས་རྫོང་ཁག་ཚུ་གི་གྲས་ལས་ མོང་སྒར་རྫོང་ཁག་རྐྱངམ་གཅིག་ནང་མེན་པར་ རྫོང་ཁག་གཞན་ཚུ་ནང་ཡང་ སྤྱ་ཚུ་གིས་ གནོདཔ་བཀལ་དོ་ཡོདཔ་ལས་ ད་རེས་ནངས་པ་ མི་སེར་སོ་ནམ་པ་ཚུ་ གཅིག་གིས་གཅིག་ལུ་སླབ་སྟེ་ སྟག་དང་གཟིག་རྫུས་མ་ཚུ་ཉོ་མི་ཡང་ ལེ་ཤ་མཐོང་དོ་ཡོདཔ་ཨིན་པས།
གཡུས་ཚན་ནང་ སྤྱ་མང་སུ་ཐོན་མི་དེ་ གཞུང་གི་ཁྲིམས་ལུགས་ནང་ ནགས་ཚལ་ནང་གི་ཤིང་ཆུང་ཀུ་ཅིག་ཡང་ བརྡབ་མ་ཆོགཔ་སྦེ་ཡོད་ནི་དེ་གིས་ ཞིང་གི་སྦོ་ལོགས་ཁ་ལས་ཕར་ ཚལ་མ་སྦོམ་འགྱུར་ཡོདཔ་ལས་ སྤྱ་གིས་མ་ཚད་ མ་འོངས་པ་ལུ་ རི་དྭགས་སེམས་ཅན་གཞན་གྱིས་ཡང་ གནོདཔ་བཀལ་ནི་མས་ཟེར་ཨིན་པས།
གཡུས་མི་ཚུ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ གཞུང་གི་ཁ་ཐུག་ལས་ མཐའ་འཁོར་གནས་སྟངས་བདག་འཛིན་འབད་དགོཔ་སྦེ་སླབ་མི་དང་འཁྲིལ་ མི་སེར་ཚུ་ལུ་ཡང་ ཉེན་སྲུང་ཐབས་ལམ་བཏོན་གནང་པ་ཅིན་ བཀྲིན་ཆེ་ནི་མས་ཟེར་ཨིན་པས།

མོང་སྒར་རྒཔོ་ བདེ་ཆེན་ཡེ་ཤེས་ཀྱིས་སླབ་མིའི་ནང་ མོང་སྒར་རྒེད་འོག་བཟུམ་ཅིག་ནང་འབད་བ་ཅིན་ ཁྱིམ་གུང་པ་༦༠༠ དེ་ཅིག་ ཡོད་པའི་གྲས་ལས་ མི་སེར་སོ་ནམ་པ་ རྒྱ་ཆ་༧༠ དེ་ཅིག་གི་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་ལས་ ཉེན་སྲུང་འབད་དགོཔ་ཡོད་པའི་ཁར་ དེ་གི་གྲས་ལས་ མང་ཤོས་ར་ སྤྱ་ཚུ་ཨིན་མས་ཟེར་ ཨིན་པའི་གནས་ཚུལ།
བདེ་ཆེན་ཚེ་རིང་།

No comments:

Post a Comment