གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྱི་གསོབ་མི་ ཐབ་ཚངཔ་ མེན་པར་ འཐབམོ་འཚོལ་མི་ ཕོ་སྐྱེས་ཨིན་པའི་ཁ་ཉེས།

༡༩/༧/༢༠༡༢   ཨ་ལུའི་ཕམ་དང་ ཟ་ཁང་གི་ ལས་བྱེདཔ་ཚུ་གིས་ གནས་ཚུལ་ཕྱི་འགྱུར་གསལ་བཀོད་འབད་མི་ལུ་དོགས་སེལ།

༉ སྤྱི་ཟླ་༧ པའི་ཚེས་༨ ལུ་ ཐིམ་ཕུ་ལྕང་ཨོ་ལ་ཁ་ སེན་ཊཱལ་པ་ལ་ཟ་ཟེར་མི་ ཚོང་འབྲེལ་ཁང་ནང་ གྱི་གསོབ་མི་དང་འབྲེལ་བའི་ རྩོད་དོན་ནང་ སློབ་ཕྲུག་ན་གཞོན་༢ དང་ ཟ་ཁང་གི་ ཐབ་ཚངཔ་ཅིག་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཙུགས་ཡོད་རུང་ གྱི་གསོབ་མི་དང་ འཐབམོ་འཚོལ་མི་ ངོ་མ་དེ་ གནས་ཚུལ་ནང་ གསལ་བཀོད་མ་འབད་བས་ཟེར་ ཟ་ཁང་གི་ ལཱ་འབད་མི་དང་ ཕམ་ཚུ་གིས་ ཉོགས་བཀོདཔ་ཨིན་པས།


དེ་ཡང་ ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ མདོ་འཛིན་སྐྱིབས་ཅུ་རྣམ་རྒྱལ་གྱིས་ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ཐོན་མི་ ཀུན་གསལ་ནང་ སློབ་ཕྲུག་༢ ཀྱིས་ ཐབ་ཚངཔ་ཅིག་ལུ་ བརྡུང་རྫོབ་འབད་བའི་ཤུལ་ལུ་ ཐབ་ཚངཔ་དེ་གིས་ སློབ་ཕྲུག་ཅིག་ལུ་ གྱི་གསོབ་ནུག་ཟེར་ གནས་ཚུལ་གསལ་བཀོད་འབད་མི་དེ་ རྩ་ལས་ར་ མི་བདེན་ཟེར་ མིག་གིས་མཐོང་མི་དང་ ཨ་ལུའི་ཕམ་ཚུ་གིས་ དོགས་སེལ་འབདཝ་མས།
ཁོང་གིས་འབད་བ་ཅིན་ ན་གཞོན་བུཚ་༢ སྙན་ཆས་ཚོང་ཁང་ནང་ ཨམ་སྲུ་འཚོལ་བར་འོང་མི་ ཕོ་སྐྱེས་ཆང་འགྲངས་མི་ཅིག་དང་ ཁ་འཐབ་ཚིག་འཐབ་འབད་དེ་ འུར་འཛིང་ཅིག་ལངམ་ད་ ཟ་ཁང་གི་ ཟུར་ཁ་ཡོད་མི་ ཐབ་ཚངཔ་དེ་གིས་ བར་འཛུལ་ཐོག་ ཁོང་ཆ་ཁྱབ་ འཐབ་འཛིང་འབད་དགོ་པ་ཅིན་ ཕྱི་ཁར་ཐོན་འགྱོ་དགོཔ་སྦེ་ སླབ་ནུག་ཟེར་ཨིན་པས།
དེ་ལས་ སློབ་ཕྲུག་༢ ས་གནས་དེ་ཁ་ལས་ བྱོག་སོང་པའི་ཤུལ་ལུ་ ཆང་འཐུང་མི་ ཕོ་སྐྱེས་དེ་ ཚོང་ཁང་ནང་འཛུལ་ཏེ་ ཅ་ཆས་ཚུ་ འཐུ་བཀོག་ནི་ འགོ་བཙུགས་ཡོདཔ་ད་ ཟ་ཁང་གི་ ལས་བྱེདཔ་ཅིག་གིས་འབད་བ་ཅིན་ ཕོ་སྐྱེས་དེ་ ཚོང་ཁང་ནང་ལས་ ཐོན་འགྱོ་དགོཔ་སྦེ་ ལོག་ལོག་སླབ་རུང་ འགྱོ་མ་བཏུབ་པར་ ཐབ་ཚངཔ་དེ་གིས་ ཚོང་ཁང་ནང་ལས་ བང་བཙོང་སྟེ་ ཕྱི་ཁར་བཏོན་བཏང་ཡི་ཟེར་ཨིན་པས།
ཕོ་སྐྱེས་དེ་ གར་སོང་མེད་པར་ ཡར་སོ་རུང་ དུས་ཡུན་སྐར་མ་དག་པ་ཅིག་གི་རྒྱབ་ལས་ ས་ཁོངས་དེ་ནང་ ལོག་འོང་སྟེ་ རྒྱབ་ཁ་ལས་སྦེ་ ཐབ་ཚངཔ་གི་ ཕྱག་ལྟག་གཡས་པའི་ རྩ་བ་དང་ དཔྱལཝ་ མིག་ཏོ་གཡས་ཁ་ཐུག་ལུ་ གྱི་གསོབ་བྱིན་ཡོདཔ་ཨིན་པས།
དེ་བཟུམ་མའི་ འཐབ་འཛིང་བྱུངམ་ད་ སི་སི་ཊི་བི་ཟེར་མི་ གློག་བརྙན་པར་ཆས་ཚུ་ནང་ བཟུང་ཡོདཔ་ཨིན་པས།
བྱུང་རྐྱེན་གྱི་ཤུལ་ལས་ ཁྲིམས་སྲུང་འགག་པ་གིས་ སློབ་ཕྲུག་༢ དང་ ཐབ་ཚངཔ་དེ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment