གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉིན་གྲངས་༥ གི་རིང་གནང་མི་ དམ་ཚིག་གཏོར་མའི་སྐུ་རིམ་ གྲོལ་ཡོདཔ།

༡༩/༧/༢༠༡༢   ༉ སྤུང་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ ཉིན་གྲངས་༥ གི་རིང་ དམ་ཚིག་གཏོར་མའི་ སྐུ་རིམ་གནང་མི་དེ་ ཁ་ཉིནམ་གཏོརམ་འཕང་ཐོག་ལས་ གྲོལ་ཡོདཔ་ད་ སྐུ་རིམ་དེ་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་གྱིས་ དབུ་གཙོས་པའི་ དགེ་སློང་བཞེས་གྲངས་༡༠༠ དེ་ཅིག་གིས་ གནང་ཡོདཔ་ཨིན་པས།
དམ་ཚིག་གཏོརམ་བཞེངས་མི་ཚུ།


སྐུ་རིམ་གྱི་ གསུང་ཆོག་ངོ་མ་ར་ ལས་མགོན་བྱ་རོག་གདོང་ཅན་དང་ དཔལ་ཡེ་ཤེས་མགོན་པོ་ དཔལ་ལྡན་ལྷ་མོ་ དགེ་བསྙེན་ དེ་ལས་ སྤུ་ན་ཁའི་གནས་བདག་ མགོན་དྲག་ཚུ་ལུ་ གསོལ་མཆོད་གནང་ཡོདཔ་ད་ དེ་བཟུམ་གྱི་ སྐུ་རིམ་དེ་ ཨ་རྟག་འབད་བ་ཅིན་ གནམ་དགུན་ལུ་མ་གཏོགས་ གནམ་འབྱ་ལུ་ གནང་སྲོལ་མེདཔ་ཨིན་པས།
མ་ཆེན་གཟིམ་དཔོན་གྱིས་འབད་བ་ཅིན་ སྐུ་རིམ་དེ་ དུས་ཅི་ གནམ་འབྱ་ལུ་གནང་མི་དེ་ འགོ་དང་པ་ཨིན་མི་དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐུགས་རྟགས་གནང་མི་ལུ་བརྟེན་ དམིགས་བསལ་གྱི་ སྐུ་རིམ་གལ་ཅན་ཅིག་ ཨིན་ཟེར་ཨིན་པས།
སྐུ་རིམ་གནང་དགོ་མི་དེ་ཡང་ དུས་ཅི་ རྒྱལ་ཁབ་ནང་ འབྱུང་བ་༤ འི་ རྐྱེན་ངན་ཚུབས་ཅན་ཚུ་ཟློག་སྟེ་ ཞི་བདེ་དང་དཔལ་འབྱོར་ཡར་འཕར་འགྱོ་ནིའི་དོན་ལུ་ ཨིན་ཟེར་ཨིནམ་ད་ སྐུ་རིམ་གྲོལ་བའི་སྐབས་ གཏོརམ་གཙོ་བོ་གིས་གཙོས་པའི་ འཁོར་༡༣ ག་ར་ གྱལ་བསྒྲིགས་ཏེ་ རྫོང་གི་ཕྱི་ཁར་ མོ་ཆུའི་མཐའ་མར་ འཕང་ཡོདཔ་ད་ དེ་བསྒང་ རྫོང་བདག་གིས་གཙོས་པའི་ རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་ཚུ་དང་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ བཅར་མར་གཏོགས་ཡོད་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment