གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསོ་བའི་ལག་ཁྱེར་སྤྲོད་ནིའི་དོན་ལུ་ གྲོས་སྟོན་ཞབས་ཏོག་འགོ་བཙུགས།

དེ་བཟུམ་མའི་ དམིགས་བསལ་གྱི་ ཞབས་ཏོག་འགོ་བཙུགས་མི་དེ་གིས་ སྤྱིར་བཏང་གི་ནདཔ་ཚུ་ སྨན་ཁང་ནང་ ཡུན་རིངམོ་སྦེ་ མི་ལུས་ནི།

རྒྱ་གར་གྱི་ ལས་མི་དང་ ལཱ་གཡོག་འཚོལ་མི་ 
འབྲུག་མི་ཚུ་ གསོ་བའི་ལག་ཁྱེར་ལེན་ནིའི་དོན་ལུ་ 
ཕུན་ཚོགས་གླིང་སྨན་ཁང་གི་ ས་ཁོངས་ནང་ སྤུངས་འཛོམས་འབད་བའི་མཐོང་སྣང་
༣༠/༦/༢༠༡༢། ༉ ཕུན་ཚོགས་གླིང་སྨན་ཁང་ནང་ལས་ གསོ་བའི་ལག་ཁྱེར་ལེན་ནིའི་དོན་ལུ་ འབྲུག་མི་དང་ འབྲུག་མི་མིན་པའི་ ལཱ་གཡོག་འཚོལ་མིའི་ གྱངས་ཁ་ཡར་སེང་སོང་ཡོདཔ་མ་ཚད་ དྲུང་འཚོ་ལངམ་མེད་མི་ལུ་བརྟེན་ སྨན་ཁང་དེ་གིས་ རེས་གཟའ་ལྷག་པའི་ དྲོ་པ་ཆུ་ཚོད་༡༡ ལས་ དམིགས་བསལ་གྱི་ གྲོས་སྟོན་ཞབས་ཏོག་ལས་རིམ་ཅིག་ འགོ་བཙུགས་མི་དང་བསྟུན་ ཞབས་ཏོག་སྤྱོད་མི་ཚུ་ དུས་ཡུན་རིངམོ་སྦེ་ སྒུག་མ་དགོ་པའི་ ཐབས་ལམ་ཅིག་ཨིན་པས།

དམིགས་བསལ་གྱི་ གྲོས་སྟོན་ཞབས་ཏོག་སྐབས་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་བཟུམ་སྦེ་ ཕྱི་རུའི་ཆུ་ཚོད་༤ ལས་༨ ཀྱི་བར་ན་རྐྱངམ་གཅིག་ གསོ་བའི་ལག་ཁྱེར་ཚུ་ བྱིན་ནི་དང་ དེ་གི་དོན་ལུ་ ཕྱི་མི་ཚུ་གིས་ འཐུས་དངུལ་ཀྲམ་༡༥༠ རེ་དང་ འབྲུག་མི་ཨིན་པ་ཅིན་ འཐུས་དངུལ་ཀྲམ་༡༠༠ རེ་ སྤྲོད་དགོཔ་ཨིན་པས།
གྲོས་སྟོན་ཞབས་ཏོག་དེ་ཡང་ གསོ་བའི་ལྷན་ཁག་གི་ བཀོད་བྱ་དང་འཁྲིལ་ དེ་འཕྲོ་ལས་ འགོ་བཙུགས་ཡོདཔ་ད་ ཆོག་ཐམ་གྱི་དོན་ལུ་ གསོ་བའི་ལག་ཁྱེར་གྱི་འཐུས་ དངུལ་ཀྲམ་༣༠༠ དང་ སྤྱོད་ཐམ་གྱི་དོན་ལུ་ དངུལ་ཀྲམ་༡,༠༠༠ རེ་ གནས་ནི་ཨིན་པས།
ཕུན་ཚོགས་གླིང་སྨན་ཁང་གི་ བདག་སྐྱོང་འགོ་དཔོན་ བཀྲིས་རྣམ་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཕུན་ཚོགས་གླིང་སྨན་ཁང་ནང་ གསོ་བའི་ལག་ཁྱེར་གྱི་དོན་ལུ་འོང་མི་ ཕྱི་ནང་གི་ མི་གཉིས་ཆ་རའི་གྱངས་ཁ་ ཉིན་བསྟར་བཞིན་དུ་ ཡར་འཕར་འགྱོ་མི་ལུ་བརྟེན་ སྨན་ཁང་ཧིང་སུབ་ཁག་ཁ་བཟོཝ་མ་ཚད་ དུས་རྒྱུན་དུ་ སྨན་བཅོས་འབད་བར་འོང་མི་ ནདཔ་ཚུ་ལུ་ ཞབས་ཏོག་བསྒྲུབ་ནི་ ཕྱིས་ནི་དེ་གིས་ དམིགས་བསལ་གྱི་ གྲོས་སྟོན་ཞབས་ཏོག་འགོ་བཙུགས་དགོ་པའི་ དགོས་མཁོ་བྱུང་ཡི་ཟེར་ཨིན་པས།
སྨན་ཁང་ནང་ དྲུང་འཚོ་ལངམ་སྦེ་མེད་པའི་གུ་ གསོ་བའི་ལག་ཁྱེར་ལེན་མི་ མི་མང་ཧད་རྫོགསཔ་སྦེ་ སྤུངས་འཛོམས་སྦེ་འོངམ་ད་ ཌོག་ཊར་ཚུ་ ནདཔ་ཚུ་ལུ་ བརྟག་དཔྱད་འབད་་ནི་ཨིན་ན་ ཡང་ཅིན་ ལས་མི་ཚུ་ལུ་ གོ་སྐབས་བྱིན་ནི་ཨིན་ན་ མགུ་འཐོམ་བྱུངམ་ལས་ ཞབས་ཏོག་ཚུ་ལུ་ བར་ཆད་རྐྱབ་མས་ཟེར་ བཀྲིས་རྣམ་རྒྱལ་གྱིས་ བཤད་པའི་ཁར་ འདི་བཟུམ་མའི་ གནས་སྟངས་ནང་ ཌོག་ཊར་ཚུ་གིས་ བརྟག་དཔྱད་ཚུལ་ལྡན་མ་འབད་བར་ གསོ་བའི་ལག་ཁྱེར་གྱི་ མིང་རྟགས་བཀོད་དེ་ སྤྲོད་དགོཔ་བྱུངམ་མས་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྨན་ཁང་དེ་ནང་ ཉིན་བསྟར་བཞིན་དུ་ བརྟག་དཔྱད་འབད་བར་ ནདཔ་༣༠༠ ལས་༣༥༠ གི་བར་ན་ འོང་དོ་ཡོདཔ་མ་ཚད་ དེ་དང་གཅིག་ཁར་ རྒྱ་གར་གྱི་ལས་མི་དང་ འབྲུག་མི་༣༥༠ དང་༤༠༠ དེ་རེ་ འོང་དོ་ཡོདཔ་ལས་ དེ་ཚུ་ལུ་ ཞབས་ཏོག་སྒྲུབ་མི་ ཌོག་ཊར་༤ དང་ མཁས་མཆོག་༡ ལས་བརྒལ་མེད་ནི་དེ་གིས་ ཞབས་ཏོག་གི་ སྤུས་ཚད་ལེགས་ལྡན་བྱིན་ནི་ལུ་ གནོདཔ་མས་ཟེར་ཨིན་པས།
རྒྱལ་ཁབ་ནང་ ཕྱི་མི་ནང་འདྲེན་འབད་མི་ ཡར་སེང་འགྱོ་མི་དེ་ གློག་མེ་ལས་འགུལ་ཚུ་མངམ་སྦེ་ ཐོན་ནི་དེ་གིས་ཨིན་པས།
དེ་ལས་ ཌོག་ཊར་ཚུ་ དུས་ཐེབས་ལཱ་འབད་དགོཔ་ བྱུང་མིའི་དོན་ལུ་ གསོ་བའི་ལྷན་ཁག་གིས་ གླ་འཐུས་ཐེབས་སྤྲོད་ནི་གི་ ལཱ་ཚུ་འབད་བའི་བསྒང་ཨིན་པའི་གནས་ཚུལ།

No comments:

Post a Comment