གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སའི་ཚོགས་ཆུང་ གཞི་བཙུགས་འབད་དགོ་པའི་ བསམ་འཆར་ཆ་མེད།


༣༠/༦/༢༠༡༢། ༉ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ མང་ཤོས་ཅིག་གིས་ དམིགས་བསལ་གྱི་ སའི་ཚོགས་ཆུང་ གཞི་བཙུགས་འབད་དགོ་པའི་སྐོར་ལས་ བསམ་འཆར་བཤད་ཡོད་རུང་ ཚོགས་ཆུང་དེ་ དུས་ཚོད་ཡུན་རིངམོ་མེན་མི་ལུ་བརྟེན་ ཆ་འཇོག་མ་འབདཝ་ཨིན་པས།
ཁྲིམས་དོན་ཚོགས་ཆུང་གི་ཁྲི་འཛིན་ ཨོ་རྒྱན་དབང་འདུས་ཀྱིས་ ད་ལྟོ་ ས་དང་འབྲེལ་བའི་ཚོགས་ཆུང་ གཞི་བཙུགས་དགོཔ་མེད་མི་དེ་ཡང་ ད་ལྟོ་ ཚོགས་ཁང་ནང་ ཚོགས་ཆུང་ལེ་ཤ་ཡོད་རུང་ རེ་བ་བཀོད་དོ་བཟུམ་སྦེ་ གྲུབ་འབྲས་མ་ཐོན་ནི་དེ་གིས་ གཞི་བཙུགས་མ་འབད་རུང་ བཏུབ་པས་ཟེར་ཞུ་ཡི།


བཀྲ་ཤིས་སྒང་ཝམ་རོང་གི་འཐུས་མི་ ལྷ་ཕྲུག་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་ཁག་མང་ཤོས་ཅིག་ཡོད་མི་དེ་ དབྱེ་ཞིབ་རེ་འབད་ནིའི་དོན་ལུ་ ཚོགས་ཁང་གིས་ དམིགས་བསལ་གྱི་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ནིའི་གནང་བ་ འགྲོལ་གནང་དགོ་པའི་སྐོར་ལས་ཞུ་ཡི།
ཁོ་གིས་ ཞུ་མིའི་ནང་ ད་རེས་ནངས་པ་ ནང་ན་ལས་ ས་གནས་ཀྱི་འགོ་འཛིན་ རྫོང་བདག་འབད་རུང་འདྲ་ དྲང་དཔོན་འབད་རུང་འདྲ་ དེ་བཟུམ་སྦེ་ ས་ཆའི་ལྷན་ཚོགས་དང་ ས་འཇལ་ལས་ཁུངས་ དེ་ལས་ ས་གནས་ཀྱི་འགོ་དཔོན་ལ་སོགས་པའི་ དབང་ཚད་ཅན་ཚུ་གིས་ དབང་ཚད་ལོག་སྤྱོད་འབད་ཐོག་ལས་ མི་སེར་ཉམ་ཆུང་ཚུ་ལུ་ བརྡབ་གསིག་རྐྱབ་མས་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ མི་སེར་གྱི་འཐུས་མི་ཅིག་འབདཝ་ལས་ དཔེར་ན་ རྒྱལ་ཡོངས་ས་འཇལ་གྱི་སྐབས་ ས་འཇལ་ལས་ཁུངས་ཀྱི་ལས་བྱེདཔ་ཚུ་གིས་ ས་འཇལ་བའི་སྐབས་ ས་ཐེབས་ཡོད་མི་ལ་ལུ་ཅིག་ལུ་ ས་འཇལ་ནི་དང་ འབྲེལ་བ་མེད་མི་ཚུ་ལུ་ ས་འཇལ་མ་བྱིན་པ་ དེ་བཟུམ་སྦེ་ ས་ཚབ་དང་ སའི་རྒུད་འཐུས་ཚུ་ ཚུལ་བཞིན་དུ་ སྤྲོད་ཡོད་མེདཔ་ ཤེས་འདོད་ཡོད་ནི་དེ་གིས་ ཚོགས་ཆུང་གཞི་བཙུགས་འབད་བ་ཅིན་ ལམ་ལུགས་ལེགས་ཤོམ་ཅིག་ འགྱོ་ནིའི་དོན་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཞུ་ཡི།
དེ་བཟུམ་སྦེ་ དབང་འདུས་ཕོ་བྲང་གི་འཐུས་མི་ པ་སངས་འཕྲིན་ལས་ཀྱིས་ཡང་ རྒྱབ་སྐྱོར་ཡོད་ལུགས་ཚུ་ཞུ་ཡོདཔ་ད་ འཕྲལ་འཕྲལ་མི་སེར་ཚུ་ལུ་ ས་ཚབ་དང་རྒུད་འཐུས་ཚུ་ མ་བྱིན་པའི་སྐབས་ རྒུད་ཤོས་ར་ མི་སེར་ཚུ་ཨིནམ་ལས་ ཚོགས་ཆུང་གིས་ ལམ་ལུགས་ལེགས་ཤོམ་བཟོ་ཚུགས་ནིའི་ འོས་འབབ་ཡོད་ཟེར་ཞུ་ཡི།
ཧཱ་གི་འཐུས་མི་ ཨོྱན་བསྟན་འཛིན་གྱིས་ཡང་ འབྲེལ་ཡོད་ལས་སྡེ་དང་ ལྷན་ཁག་ཚུ་གིས་ སྙན་ཞུ་ཕུལཝ་ད་ ཁྱད་པར་དུ་ ཕྱག་ལཱ་ཚུ་ ག་དེ་སྦེ་ གནང་གནངམ་ཨིན་ན་ གསལ་རི་རི་སྦེ་ ཤེས་རྟོགས་བྱུང་སྟེ་ མི་སེར་གྱི་ དཀའ་ངལ་སེལ་ཐབས་ལུ་ ཚོགས་ཆུང་ཅིག་ གཞི་བཙུགས་འབད་དགོཔ་ ངེས་པར་དུ་ཡོད་པའི་སྐོར་ལས་ཞུ་ཡི།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ མ་གཞི་ འཐུས་མི་མང་ཤོས་ཅིག་གི་ བསམ་འཆར་ལུ་ལྟཝ་ད་ ཚོགས་ཆུང་དེ་ གཞི་བཙུགས་འབད་དགོ་པའི་ འོས་འབབ་ཡོད་རུང་ དུས་ཚོད་ཀྱི་ སྟབས་མ་བདེ་མི་ལུ་བརྟེན་ ཆ་འཇོག་མི་གནང་ཟེར་ གསུངས་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment