གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫས་བརྟག་འཕྲུལ་ཆས་ མེདཔ་ཐལ་ཡོདཔ།


༣༠/༦/༢༠༡༢།རྩོམ་འབྲི་ལས་བྱེདཔ།

༉ ཐིམ་ཕུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རྫས་བརྟག་འཕྲུལ་ཆས་ ལག་ལེན་འཐབ་ནི་མེད་པར་ ཟླཝ་༡ དེ་ཅིག་ སོང་ཡོད་མི་ལུ་བརྟེན་ ནདཔ་རྫས་བརྟག་འབད་དགོ་མི་ཚུ་གི་ སྨན་བརྟག་འབད་ནི་ ཕྱིས་སོ་པའི་ གནས་སྟངས་ཚུ་ ཐོན་དོ་ཡོདཔ་ཨིན་པས།
སྨན་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྫས་བརྟག་འཕྲུལ་ཆས་དེ་ སྤྱི་ཟླ་༥ པའི་ཚེས་༢༩ ལས་ མེདཔ་ཐལ་མི་དེ་གིས་ སྨན་བརྟག་གི་གནས་སྟངས་ནང་ དཀའ་ངལ་བྱུང་དོ་ཟེར་ཨིན་པས།


རྫས་བརྟག་འཕྲུལ་ཆས་དེ་ སྙིང་ནད་དང་ གུ་རམ་གྱི་ན་ཚ་ཡོད་མི་ དེ་ལས་ མཁལ་རྡོག་དང་ མཆིན་པའི་ན་ཚ་ཡོད་མི་ཚུ་ལུ་ གཟུགས་ཀྱི་རྫས་རིགས་གནས་སྟངས་ཚུ་ བརྟག་དཔྱད་འབད་ནིའི་དོན་ལུ་ ལག་ལེན་འཐབ་དགོ་པའི་ འཕྲུལ་ཆས་དེ་ དགོས་མཁོ་ཅན་ཅིག་ཨིན་པས།
འཕྲུལ་ཆས་དེ་ སྤྱི་ལོ་༢༠༠༩ ལུ་ རྒྱ་གར་གཞུང་གི་ མ་དངུལ་གྲོགས་རམ་ཐོག་ དངུལ་ཀྲམ་ས་ཡ་༥.༥༥ སྤྲོད་ཐོག་ལས་ མཁོ་སྒྲུབ་འབད་ཡོདཔ་ཨིན་པས།
འཕྲུལ་ཆས་དེ་ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ གློག་མེ་ལེགས་ཤོམ་མེད་པར་ འཕྲལ་འཕྲལ་ར་ གློག་རྒྱུན་ཆད་འགྱོ་བའི་གནས་སྟངས་ལུ་བརྟེན་ ལག་ལེན་འཐབ་མ་བཏུབ་སོང་ཡི་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ འཕྲུལ་ཆས་དེ་དང་ ཆ་འདྲ་མི་ཅིག་ལག་ལེན་འཐབ་ཡོད་རུང་ དེ་གིས་ གྲུབ་འབྲས་སྙན་ཞུ་བཏོན་ནིའི་ནང་ དུས་ཡུན་རིངམོ་སྦེ་འགོརཝ་མས་ཟེར་ རྫས་བརྟག་འཕྲུལ་ཆས་ལག་ལེན་འགོ་དཔོན་གྱིས་ བཤདཔ་ཨིན་པས།
རྫས་བརྟག་འཕྲུལ་ཆས་དེ་གིས་ ཉིནམ་རེ་ནང་ མི་གྲངས་༣༠༠ དེ་ཅིག་གི་ ཁྲག་བརྟག་འབད་ཚརཝ་ཨིན་རུང་ དེ་དང་ཆ་འདྲ་བའི་འཕྲུལ་ཆས་གཞན་མི་དེ་གིས་ ཉིནམ་རེ་ལུ་ནདཔ་༢༠ མ་གཏོགས་ བརྟག་དཔྱད་འབད་མི་ཚར་བས་ཟེར་ཨིན་པས།
གནས་སྟངས་དེ་བཟུམ་ཡོད་མི་དེ་གིས་ ནདཔ་འཚབ་ཆེན་ཚུ་ལུ་མ་གཏོགས་ རྫས་བརྟག་ཞབས་ཏོག་དེ་ བྱིན་ནི་མེད་པའི་ཁར་ གཞན་མི་ཚུ་ རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་ ཨིམ་ཊཱཊ་སྨན་ཁང་ནང་ བཏང་དོ་ཡོདཔ་ཨིན་ཟེར་ཨིན་པས།
ཧེ་མ་འཕྲུལ་ཆས་དེ་ མེདཔ་མ་འགྱོ་བའི་སྐབས་ ནདཔ་ཚུ་གིས་ རྫས་བརྟག་སྙན་ཞུ་དེ་ བརྟག་དཔྱད་འབད་བའི་ཉིན་མར་དང་ ཡང་ཅིན་ དེ་གི་ནངས་པར་ འཐོབ་ཚུགསཔ་ཨིན་རུང་ ད་རེས་ནངས་པ་ ཉིནམ་༢ རེ་ འགོར་དོ་ཡོདཔ་ཨིན་ཟེར་ཨིན་པས།
སྐྱེས་ལོ་༣༦ འབད་མི་ སྒྲོལ་མ་གིས་ སླབ་མིའི་ནང་ མོ་གི་ཆབ་གསང་ རྫས་བརྟག་གི་དོན་ལུ་ སྤྲོད་དེ་ དེའི་བརྟག་དཔྱད་སྙན་ཞུ་དེ་ ཉིནམ་༢ ཀྱི་རྒྱབ་ལས་ རྐྱངམ་གཅིག་འཐོབ་ཚུགས་ཅི་ཟེར་ཨིན་པས།
གློ་བུར་སྨན་བཅོས་སྡེ་ཚན་ལུ་ འཕྲུལ་ཆས་དེ་མེདཔ་འགྱོ་བའི་ཉིནམ་ལས་ཚུར་ ནདཔ་ཚུ་ལུ་ཞབས་ཏོག་ཚུལ་ལྡན་གྱི་གནས་སྟངས་ནང་ དོ་འགྲན་སྦོམ་སྦེ་ར་བྱུང་ཡོདཔ་ད་ འཕྲུལ་ཆས་དེ་མེད་ནི་དེ་གིས་ ཉིནམ་རེ་ལུ་ རྫས་བརྟག་འབད་དགོཔ་ཡོད་པའི་ ནདཔ་མཐོ་ཤོས་ར་༢༠ ལས་ལྷགཔ་སྦེ་ ངོས་ལེན་འབད་མི་ཚུགས་པས་ཟེར་ཨིན་པས།
ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཌོག་ཊར་ མཚོ་སྐྱིད་ཀྱིས་སླབ་མིའི་ནང་ སྦོ་ལོགས་ཁར་གྱི་རྫོང་ཁག་ཚུ་ནང་ལས་ ནདཔ་ཚུ་རྫས་བརྟག་གི་དོན་ལུ་ ཐིམ་ཕུ་ལུ་འོང་མི་ལེ་ཤ་ཐོན་དོ་ཡོདཔ་ད་ དེ་ཚུ་རང་སོའི་ལུང་ཕྱོགས་སྨན་ཁང་ཚུ་ནང་ འགྱོ་དགོཔ་སྦེ་ སླབ་བཏང་དོ་ཟེར་ཨིན་པས།
འཕྲུལ་ཆས་དེ་གི་ ཡན་ལག་ཅ་ཆས་མེདཔ་སོང་མི་དེ་ ཨ་མི་རི་ཀ་ལས་ མཁོ་མངགས་འབད་ཡོདཔ་ཨིན་པས།
དེ་བཟུམ་མའི་འཕྲུལ་ཆས་དེ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ མོང་སྒར་ལུང་ཕྱོགས་སྨན་ཁང་ནང་མ་གཏོགས་ གཞན་ཁར་མེདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment