གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐའི་ལེནཌ་ཚོགས་ཁང་གོང་འོག་གི་ འཐུས་མི་ཚུ་ འབྲུག་ལུ་ལྷོད་ཡོདཔ།

ཐའི་ལེནཌ་གྲོས་ཚོགས་གོང་མའི་ གཙོ་འཛིན་དང་ རྒྱལ་ཡོངས་ཚོགས་འདུའི་ ཁྲི་འཛིན་འོག་མ་ གུང་བློན་གོངམ་བགྲེསཔ་ ཊི་ར་དེཇ་ མི་པིན་དང་ ཁོ་གི་ འཐུས་མི་ཚུ་གིས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ མཇལ་ཕྲད་ཞུ་བའི་བསྒང་།
༡༧/༧/༢༠༡༢   ༉ ཁ་ཙ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཐིམ་ཕུའི་རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ ཐའི་ལེནཌ་གྲོས་ཚོགས་གོང་མའི་ གཙོ་འཛིན་དང་ རྒྱལ་ཡོངས་ཚོགས་འདུའི་ ཁྲི་འཛིན་འོག་མ་ གུང་བློན་གོངམ་བགྲེསཔ་ ཊི་ར་དེཇ་ མི་པིན་དང་ མཇལ་ཕྲད་གནང་སྟེ་ འབྲུག་དང་ ཐའི་ལེནཌ་རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་འབྲེལ་ཡང་དག་ཡོདཔ་མ་ཚད་ ལེགས་སྨོན་དང་ མཉམ་འབྲེལ་ཚུ་ཡང་ ལེགས་ཤོམ་ཡོད་ཟེར་གསུངས་ནུག།


དེ་མ་ཚད་ བློན་ཆེན་དང་ གཙོ་འཛིན་གཉིས་ཀྱིས་ རྒྱལ་བརྒྱུད་རྒྱལ་ཁབ་གཉིས་ཀྱི་བར་ན་ ལམ་ལུགས་ཆ་འདྲཝ་ལེ་ཤ་ཡོད་མི་དང་ འབྲུག་རྒྱལ་ཁབ་འདི་ ཞི་བདེ་དང་ སྐྱིད་ཉམས་ཀྱི་ཐོག་ལས་ དམངས་གཙོའི་རིང་ལུགས་ལུ་ སོར་བསྒྱུར་འབད་བའི་སྐོར་ལས་ གསུང་གྲོས་གནང་པའི་ཁར་ དུས་ཅི་ སྤྱི་ཟླ་༤ པའི་ནང་ འགོ་འདྲེན་འཐབ་མི་ དགའ་སྐྱིད་དང་ ཕན་བདེའི་སྐོར་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཆེ་རིམ་ཞལ་འཛོམས་མཐར་འཁྱོལ་བྱུང་པའི་སྐོར་ལས་ཡང་ གྲོས་བསྡུར་གནང་ཡོདཔ་ཨིན་པས།
གུང་བློན་གོངམ་བགྲེསཔ་ ཊི་ར་དེཇ་ མི་པིན་གྱིས་ འཐུས་མི་༦ འབད་མི་ སྡེ་ཚན་ཅིག་ འགོ་ཁྲིད་འབད་དེ་ ཁ་ཙ་དྲོ་པར་ རྒྱལ་ཁབ་ནང་ ལྷོད་ཡོདཔ་བཞིན་དུ་ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ ཁོང་རའི་ རྒྱལ་ཁབ་ནང་ ལོག་འགྱོ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment