གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕམ་ཆང་འཐུང་མིའི་ ཨ་ལུ་ཚུ་ལུ་ གནོད་སྐྱོན་མང་སུ་བྱུང་དོ་ཡོདཔ།

༡༨/༧/༢༠༡༢   ༉ སྐྱེས་ལོ་༤༡ ལང་མི་ བསོད་ནམས་ཆོས་སྒྲོན་དེ་ ད་རེས་ ཨ་ལུ་༣ པམ་ སྐྱེ་ནི་ཡོདཔ་ཨིན་རུང་ ཨ་རྟག་ར་ ཆང་འཐུང་དོ་ཡོདཔ་ཨིན་པས།
མ་གཞི་ མོ་ར་ ལོ་ན་ཆུང་ཀུ་སྦེ་ སྡོད་པའི་བསྒང་ལས་ར་ ཆང་འཐུང་དོ་ཡོདཔ་ཨིན་རུང་ རྨགཔ་དང་གཅིག་ཁར་ མ་འགྲིགཔ་ཐོན་པའི་སྐབས་ལུ་ ཧེང་སྐལ་ར་ འཐུང་དོ་ཡོདཔ་ཨིན་པས། 



བསོད་ནམས་ཆོས་སྒྲོན་གྱིས་ དམག་མི་ཅིག་དང་གཅིག་ཁར་ གཉེན་རྐྱབ་པའི་ཤུལ་ལུ་ དམག་སྒར་ནང་ སྡོད་དོ་ཡོདཔ་བཞིན་དུ་  མོ་གི་ ཁྱིམ་ཚང་ཚུ་ མང་ཤོས་ར་ ཕོ་སྐྱེས་དང་ ཨམ་སྲུ་ཟེར་མེད་པར་ ཆང་རྒྱུན་མ་ཆད་པ་ར་ འཐུང་དོ་ཡོདཔ་ཨིན་པས།
བསོད་ནམས་ཆོས་སྒྲོན་གྱིས་ གཉེན་རྐྱབ་ཞིནམ་ལས་ འགོ་ཐོག་གི་ ཨ་ལུ་སྐྱེ་ནི་ཡོད་པའི་བསྒང་ལས་ར་ ཆང་འཐུང་དོ་ཡོདཔ་ཨིན་རུང་ ད་ལྟོ་ ཨ་ལུ་༣ པམ་དེ་ སྐྱེ་ནི་ཡོདཔ་བཟུམ་ཅིག་ར་ མ་འཐུངམ་ཨིན་པས།
མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཨ་ལུ་གཞན་ཚུ་དང་ཕྱདཔ་ད་ ཆུང་ཤོས་དེ་ གཟུགས་སྦོམ་ནི་དང་ གཞན་མི་ག་ཅིའི་ཐད་ལས་འབད་རུང་ དུམ་གྲ་ཅིག་ སྐྱོ་བས་ཟེར་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨམ་སྲུ་ཚུ་ ཨ་ལུ་སྐྱེ་ནི་ཡོད་པའི་སྐབས་ལུ་ ཆང་དེ་ འཐུང་བཏུབ་དང་ མི་བཏུབ་ཟེར་ མེད་ཟེར་ཨིན་པས།
ཨའི་ཆང་འཐུང་མི་ལས་ སྐྱེས་མི་ཨ་ལུ་ཚུ་ མགུ་ཏོག་ཆུང་ཀུ་སྦེ་ སྐྱེས་དོ་ཡོད་པའི་ཁར་ སེམས་ཁམས་ཀྱི་ནད་གཞི་དང་ ཤེས་ཡོན་སྦྱང་བཙོན་འབད་ནིའི་ནང་ དཀའ་ངལ་འཐོན་ནི་ དེ་ལས་ ཁ་སླབ་ནིའི་ དཀའ་ངལ་ཚུ་འཐོབ་ཨིན་ཟེར་ ཨ་ལུའི་ སྨན་བཅོས་མཁས་པ་ཚུ་གིས་ བཤདཔ་ཨིན་པས།
ཨ་ལུའི་ སྨན་བཅོས་མཁས་མཆོག་ ཌོག་ཊར་ ཀུན་ལེགས་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ ཨ་ལུ་སྐྱེས་མི་ཚུ་ལུ་ སྨན་བཅོས་ཟེརཝ་ མེད་ཟེར་ཨིན་པས།
མ་གཞི་ ཆང་འཐུང་མི་ ཨམ་སྲུའི་ ཨ་ལུ་ཚུ་ལུ་ ནད་གཞི་ཐོབ་མི་ ག་དེམ་ཅིག་ཡོདཔ་ཨིན་ན་ ཐོ་བཀོད་འབད་དེ་ མེདཔ་ཨིན་རུང་ གསོ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གནད་དོན་དག་པ་ཅིག་ ཐོན་ཡི་ཟེར་ཨིན་པས།
ཨིན་རུང་ གཞན་མི་ རྒྱལ་ཁབ་ནང་བཟུམ་ཅིག་ ད་ལྟོ་ འབྲུག་རྒྱལ་ཁབ་ནང་ མེདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཨའི་གི་ཕོཝ་ནང་ ཨ་ལུ་ཆགས་སྟེ་ ཟླཝ་༣ མ་ལང་ཚུན་ ཆང་འཐུང་པ་ཅིན་ གནམ་མེད་ས་མེད་ གནོད་སྐྱོན་རྐྱབ་དོ་ཡོདཔ་ད་ བུ་ཚང་ནང་ ཨ་ལུ་སྦོམ་འགྱོ་ནི་ལུ་ གནོད་པ་བྱུངམ་ཨིན་ཟེར་ ཌོག་ཊར་ ཀུན་ལེགས་ཚེ་རིང་གིས་ སླབ་ཨིན་པས།
ཨའི་དང་ ཨ་པ་ཆང་འཐུང་མིའི་ བཟའ་ཚང་ནང་ ཤུལ་ལས་ ཨ་ལུ་སྦོམ་འགྱོ་བའི་བསྒང་ལས་ ཁོང་གིས་ཡང་ ཆང་འཐུང་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
གསོ་བའི་སྙན་ཞུ་དང་འཁྲིལཝ་ད་ ན་ཧིང་ ཆང་ལུ་བརྟེན་པའི་ མཆིན་པའི་ནད་གཞི་ཐོབ་མི་ ཡོངས་བསྡོམས་ནདཔ་༢,༠༥༠ ཡོད་པའི་གྲས་ལས་ བརྒྱ་ཆ་༤༠ ཨམ་སྲུ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment