གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་བ་ཡེག་བཏང་མི་ཅིག་ ཁ་འཐུམ་མར་བསད་ཡོདཔ།

ཁྲིམས་སྲུང་འགག་པ་གིས་ འཕྱོག་བཟུང་འབད་མི་ ཚེས་འདས་ཀྱི་ སྣུམ་འཁོར་བ་ཡེག་དང་ ཊཱག།
༡༨/༧/༢༠༡༢   ༉ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ ཕྱི་རུའི་ཆུ་ཚོད་༦ དང་སྐར་༡༥ དེ་ཅིག་ཁར་ སྤུ་ན་ཁ་རྫོང་གི་ལྟག་ལུ་ སྣུམ་འཁོར་བཞག་སའི་ ས་ཁོངས་ནང་ སྣུམ་འཁོར་གྱི་ ཐུག་རྐྱེན་བྱུང་མིའི་ རྐྱེན་ངན་ནང་ སྐྱེས་ལོ་༣༡ ལང་མི་ ཕོ་སྐྱེས་ཅིག་ ས་གོ་ནང་ར་ ཁ་འཐུམ་མར་ ཤི་རྐྱེན་བྱུང་ཡོདཔ་ད་ ཚེ་འདས་ཀྱི་ཕུངམ་དེ་ ད་ལྟོ་ རྫོང་ཁག་གི་ སྨན་ཁང་ནང་ ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ཚེ་འདས་དེ་ རྐང་འཁོར་བ་ཡེག་བཏང་སྟེ་ སྣུམ་འཁོར་ཊཱག་ཅིག་གི་ རྟིང་ཤུལ་བདའ་སྟེ་འགྱོཝ་ད་ ཊཱག་གི་ རྒྱབ་ཁའི་འཁོར་ལོ་འོག་ལུ་ཚུད་དེ་ འཐེན་བདའ་བའི་སྐབས་ མགུ་ཏོ་དང་ ཁོད་སྨད་མར་བཅད་ འཁོར་ལོ་གིས་  ལྟ་མ་བཏུབ་ བཟོ་བདའ་ནུག་ཟེར་ཨིན་པས།
སྣུམ་འཁོར་ཊཱག་དེ་ སྤུ་ན་ཁ་ མེ་འཚིགས་ཅན་ལས་ བྱེམ་འབག་སྟེ་ ཐིམ་ཕུ་ སེམས་རྟོགས་ཁ་ལུ་ འགྱོ་བའི་བསྒང་ཨིནམ་ད་ དེ་བསྒང་ ཚེ་འདས་ཡང་ ཊཱག་གི་ རྟིང་ཤུལ་བདའ་སྟེ་ འོང་དོ་ཡོདཔ་ཨིན་པས།
ས་གནས་དེ་ཁར་ལྷོདཔ་ད་ ཚེ་འདས་ཀྱིས་ ཊཱག་གི་གདོང་ཁར་ འཐོན་འགྱོ་ནིའི་ དཔའ་བཅམ་པའི་སྐབས་ འགྱེལ་ཏ་རྐྱབ་སྟེ་ འཁོར་ལོའི་འོག་ལུ་ཚུད་པའི་ དོགས་པ་ཡོད་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ཊཱག་བཏང་མི་ སྐྱེས་ལོ་༢༧ ལང་མི་ ཕོ་སྐྱེས་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ དེ་བསྒང་ ཁོ་གིས་སྣུམ་འཁོར་ཤུགས་ཚད་གུ་ མ་བཏང་པའི་ཁར་ སྣུམ་འཁོར་བ་ཡེག་དེ་ འཁོར་ལོའི་འོག་ལུ་ཚུདཔ་ར་ མ་ཤེས་ཟེར་ཨིན་པས།
དེ་བསྒང་ རྐྱེན་ངན་བྱུང་བའི་སྐབས་ ས་གོ་ནང་ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་བརྡ་སྟོན་པ་ཅིག་ ཡོད་མི་དེ་གིས་མཐོངམ་ལས་ བྱི་སི་རྐྱབ་སྟེ་ ཊཱག་བཀག་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ཊཱག་དེ་ བྱེམ་གྱི་དོས་འབག་མི་ཅིག་ཨིན་པའི་ཁར་ རྐྱེན་ངན་བྱུང་སའི་ ས་ཁོངས་ནང་ སྣུམ་འཁོར་གྱི་ཤུགས་ཚད་ ལྟ་རྟོག་མི་ ཁྲིམས་སྲུང་འགག་པ་ཡོདཔ་ལས་ ཤུགས་ཚད་ཁར་མེད་རུང་ རྐྱེན་ངན་གྱི་ བྱུང་རྐྱེན་དེ་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཚེ་འདས་ཕོ་སྐྱེས་དེ་ མགར་ས་རྫོང་ཁག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གླིང་ཁའི་ གླིང་འཛིན་འགོ་དཔོན་ཨིནམ་ད་ ཁོ་ར་ སྤ་རོ་ཟླ་བ་ཁ་ལས་ ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment