གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤུན་ཆ་༢ ཀྱིས་ ཁ་རུབ་རྐྱབ་སྟེ་ ཨམ་སྲུ་༡ བརྡུང་རྫོབ་འབད་ཡོདཔ།

༡༨/༧/༢༠༡༢   ༉ བུམ་ཐང་ཁྲིམས་སྲུང་འགག་པ་གིས་ འདས་པའི་བདུན་ཕྲག་ནང་ སྐྱེས་ལོ་༣༣ དང་༢༩ འབད་མི་ ཨམ་སྲུ་༢ ཀྱིས་ ཨ་ལུ་སྐྱེ་ནི་ཡོད་མི་ ཨམ་སྲུ་༡ བརྡུང་རྫོབ་འབད་མི་ལུ་བརྟེན་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བྱུང་རྐྱེན་དེ་ སྤྱི་ཟླ་༧ པའི་སྤྱི་ཚེས་༡༠ ལུ་ ལྕམ་མཁར་ཁྲོམ་ཁའི་ སྐྱ་བཏོག་ཁང་ཅིག་ནང་ བྱུང་ཡོདཔ་ད་ དོགས་ཅན་༢ པོ་དེ་ ཨ་ཞེམོ་དང་ ནུམོ་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ ཨམ་སྲུ་༢ དང་ ཉམས་རྒུདཔ་དེ་ ཧེ་མ་ ཆ་རོགས་ཨིན་རུང་ ཟླཝ་དག་པ་ཅིག་གི་ཧེ་མར་ སྐྱེས་ལོ་༢༩ ལང་མི་ ཉེས་འཛུགས་ཅན་གྱི་ ཨམ་སྲུ་དེ་ ཉམས་རྒུད་པའི་རྨགཔ་དང་གཅིག་ཁར་ གསང་བའི་འབྲེལ་བ་ཡོད་ལུགས་ཀྱི་སྐོར་ལས་ འཐབ་འཛིང་བྱུང་སྟེ་ ཁ་མ་སླབ་པར་ སྡོད་ཡོདཔ་ཨིན་པས།
བྱ་ངན་འབད་མི་ ཨམ་སྲུ་༢ ཀྱིས་ སྐྱ་བཏོག་ཁང་གི་ཇོ་བདག་ལུ་ ཉམས་རྒུད་པ་གིས་ ཁོང་ལས་ ཏི་རུ་བསྐྱི་འབག་ཡོད་མི་དེ་ ལོག་སྤྲོད་དགོ་པའི་ ཁ་འཐེན་སླབ་དགོཔ་སྦེ་ སླབ་པའི་ཤུལ་ལུ་ རྐྱེན་ངན་བྱུང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ སྐྱ་བཏོག་ཁང་གི་ ཇོ་བདག་གིས་ ཉམས་རྒུད་བྱུང་མི་ ཨམ་སྲུ་དེ་ལུ་ ཁ་འཐེན་རྐྱངམ་གཅིག་སླབ་མི་གིས་མ་ཚད་པར་ ཨམ་སྲུ་༢ ཀྱིས་ མོ་གི་རྨགཔ་ལུ་ བརྙས་བཅོས་འབད་མིའི་ ཚིག་ངན་ཚུ་ཡང་ སླབ་ཡོདཔ་ལས་ ཉིནམ་དང་པའི་ནང་ ཇོ་བདག་དེ་དང་ ཨམ་སྲུ་༢ ཁ་ཤགས་རྐྱབ་ད་ སྒྲིག་གཡོག་ནང་ཡོད་མི་ ཁྲིམས་སྲུང་འགག་པ་ཚུ་གིས་ བཀག་བཞག་ཡོདཔ་ཨིན་པས།
ཉམས་རྒུདཔ་ཨམ་སྲུ་དེ་ སྐྱ་བཏོག་ཁང་ནང་འགྱོ་བའི་སྐབས་ལུ་ ཨམ་སྲུ་༢ ཀྱིས་ མོ་ཡོདཔ་ཤེས་ཏེ་ ས་ཁོངས་ནང་འོང་ཞིནམ་ལས་ སྐྱེས་ལོ་༢༩ ལང་མི་ ཨམ་སྲུ་གིས་ བརྡུང་རྫོབ་འབད་བའི་ཁར་ མོ་རའི་ཨ་ཞེམོ་གིས་ཡང་ ཆ་རོགས་འབད་དེ་ དྲངས་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་གིས་ ཨམ་སྲུ་གཉིས་འཛིན་བཟུང་འབད་ཡོད་རུང་ བྱ་ངན་འབད་བའི་སྐོར་ལས་ ཁ་བཟེད་མ་བཏུབ་མ་ཚད་ དོ་དམ་ནང་སྡོད་དགོ་པ་ཅིན་ ཉམས་རྒུདཔ་དེ་ཡང་ བཙུགས་དགོ་ཟེར་ བའི་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་འབད་བའི་སྐབས་ ནུམོ་དེ་གིས་ ཉམས་རྒུདཔ་ཨམ་སྲུ་དང་གཅིག་ཁར་ འཐབ་འཛིང་འབདཝ་ད་ ཁོང་ར་༢ གཅིག་གིས་གཅིག་ལུ་ ལགཔ་བཀལ་ཡོདཔ་སྦེ་སླབ་རུང་ མོ་གི་ཨ་ཞེམོ་དེ་ འཐབ་འཛིང་ནང་ འབྲེལ་གཏོགས་མེད་ཟེར་སླབ་སྟེ་ ཁ་བཟེད་མ་བཏུབ་ཨིན་པས།
རྐྱེན་ངན་བྱུང་པའི་སྐབས་ སྐྱ་བཏོག་ཁང་ནང་ སྐྱ་བཟོ་བཟོ་བར་འོང་མི་ ཨམ་སྲུ་༢ ཡོདཔ་ལས་ ཁོང་༢ ཀྱིས་ ཁྲིམས་སྲུང་འགག་པ་ལུ་ སྤུན་ཆ་༢ ཀྱིས་ མཉམ་རུབ་འབད་དེ་ བརྡུང་རྫོབ་འབད་ཡོད་པའི་ ངག་བརྗོད་བྱིན་ཡོདཔ་ལས་ ཁྲིམས་སྲུང་འགག་པ་གིས་ སྨན་ཁང་གི་གསོ་བའི་སྙན་ཞུ་དང་ ངག་བརྗོད་༢ ལུ་ གཞི་བཞག་ཐོག་ལས་ རྩོད་བཤེར་དོན་ལུ་ ཁྲིམས་འདུན་ལུ་ གཏང་ནི་ཟེར་ཨིན་པས།
མཐོང་མི་༢ ཀྱིས་ ཁྲིམས་སྲུང་འགག་པ་ལུ་ཕུལ་མི་ ངག་བརྗོད་དང་འཁྲིལ་བ་ཅིན་ ཨམ་སྲུ་སྤུན་ཆ་༢ ཀྱིས་ ཁ་རུབ་ཐོག་ལས་ བརྡུང་རྫོབ་འབདཝ་སྦེ་ བཀོད་ཡོདཔ་ཨིན་པས།
བུམ་ཐང་ སློབ་གྲྭའི་སློབ་དཔོན་ཨིན་མི་ ཉམས་རྒུདཔ་ཨམ་སྲུ་དེ་ ཨ་ལུ་སྐྱེ་ནི་ཡོད་པའི་ཁར་ བརྡུང་རྫོབ་འབད་བའི་ཤུལ་ལས་ སྨན་ཁང་ནང་ ཞག་༣ བཞག་པའི་ཤུལ་ལས་ ལོག་བཏང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཉེས་འཛུགས་ཅན་གཉིས་ལུ་ བརྡུང་རྫོབ་འབད་བའི་ཉེས་འཛུགས་འབད་ནི་ཨིན་རུང་ ཁ་མ་བཟེད་པའི་སྐོར་ལས ཁྲིམས་འདུན་གྱིས་ དབྱེ་དཔྱད་འབད་ནི་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment