གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤར་ཕྱོགས་ལུ་ གཞུང་ལམ་བསུབས་ཡོད་མི་ཚུ་ བསལ་ཚར་ཡོདཔ།

༢/༧/༢༠༡༢
༉ ཉིན་གྲངས་༤ གི་རིང་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་རྫོང་ཁག་གི་བར་ན་ གཞུང་ལམ་ཁག་ལེ་ཤ་ཅིག་ར་ བསུབས་ཡོད་མི་ཚུ་ བསལ་ཚར་ཡོདཔ་ཨིན་པས།


ཆརཔ་རྒྱུན་མ་ཆད་པར་ རྐྱབ་མི་ལུ་བརྟེན་ ས་རུད་དང་ ཆུ་རུད་ དེ་ལས་ རྡོ་སྦོམ་ཚུ་ རྦོབ་རིལ་མི་ལུ་བརྟེན་ ཤར་ཕྱོགས་རྫོང་ཁག་གི་ ས་གནས་ཁག་ཚུ་ནང་ ལམ་ཁག་ལེ་ཤ་ཅིག་ར་ བསུབས་ཡོདཔ་ཨིན་པས།
དཱན་ཏག་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ ཉིནམ་༢ ཀྱི་ ནང་འཁོད་ལུ་ བསམ་གྲུབ་ལྗོངས་དང་ བཀྲིས་སྒང་གི་ གཞུང་ལམ་དེ་ བསལ་ཚར་ཡོདཔ་མ་ཚད་ ལས་སེལ་ལས་ཁུངས་ཀྱིས་ བསམ་གྲུབ་ལྗོངས་མཁར་དང་ བསམ་གྲུབ་ཆོས་གླིང་ལུ་འགྱོ་སའི་ འཁོར་ལམ་ཚུ་ཡང་ བསལ་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༥ ལས་ འགོ་བཙུགས་ཏེ་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་བར་ན་ ལམ་ཁག་༣༠ དེ་ཅིག་ བསུབས་ཡོདཔ་ཨིན་པས།
དཱན་ཏག་གི་ བཟོ་རིག་འགོ་དཔོན་འོག་མ་ ཌི་ཀེ་ ཏི་ཝ་རི་གིས་འབད་བ་ཅིན་ འདས་པའི་ཉིནམ་༣ གྱི་རིང་ ཐདམ་ཐད་ཁ་ལས་ཕར་ ས་རུད་ཚུ་ ལེ་ཤ་ཆད་ཅི་ཟེར་ སླབ་ཨིན་པས།
ཨིན་རུང་ ལམ་སེལ་འཕྲུལ་ཆས་དང་ ལས་མི་ཚུ་ ལངམ་སྦེ་གཞི་བཙུགས་འབད་ནི་དེ་གིས་ འཁོར་ལམ་བསུབས་ཡོད་མི་ཚུ་ ལེགས་ཤོམ་སྦེ་ར་ བསལ་ཚུགས་ཅི་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ སྣུམ་འཁོར་ཐལཝ་ཅིག་སྦེ་ སེལ་བཞག་དོ་ཡོདཔ་ཨིན་རུང་ ད་རེས་ ཧིང་སངས་ས་སྦེ་ར་ སེལ་ཏེ་ཡོད་ཟེར་ཨིནམ་ད་ ད་ལས་ཕར་ ད་རུང་ ལམ་བསུབ་པ་ཅིན་ ས་བརྐོ་འཕྲུལ་ཆས་ཚུ་ཡང་ གྲ་སྒྲིག་སྦེ་ ས་གོ་ནང་ར་ བཞག་སྟེ་ཡོད་ཟེར་བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment