གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཊི་ཨེན་ཀེ་བཟོ་སྐྲུན་དང་ གཏེར་སྟོན་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

ཉིམ་ཚ་རུང་ གྱིབ་མ་ནང་འཛུལ་ཏེ་ སྤྲོ་བའི་ཐོག་ལས་ ལྟདམོ་ལྟ་སྡོད་པའི་བསྒང་།
༢/༧/༢༠༡༢   ༉ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ལྟགམ་དང་ འོགམ་ནང་ སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབདཝ་ད་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ ཁ་ཙ་ འཕྲོ་མཐུད་རྩེད་འགྲན་འབདཝ་ད་ ལྟག་གི་འབའ་སྐྱོར་ནང་ ཊི་ཨེན་ཀེ་བཟོ་སྐྲུན་དང་ འོག་གི་འབའ་སྐྱོར་ནང་ གཏེར་སྟོན་སྡེ་ཚན་གྱིས་ བྱང་ཕྱད་སྡེ་ཚན་༢ ཕམ་བཏང་ཡི།


དེ་ཡང་ ལྟག་གི་འབའ་སྐྱོར་ནང་ གཏེར་སྟོན་སྡེ་ཚན་དང་ འབྲུག་མཁའ་འགྲུལ་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ སྐུགས་དང་པ་དེ་ གཏེར་སྟོན་སྡེ་ཚན་གྱིས་ སྐོར་ཐེངས་༡༡ པའི་ནང་ ཆོད་པའི་སྐབས་ གཞན་མི་སྡེ་ཚན་གྱིས་ སྐུགས་༢ ལས་ ཐོབ་མ་ཚུགསཔ་ད་ ཕྱི་རུ་ དུས་ཡུན་ཚང་སོཔ་ལས་ ཁ་ཙ་ འཕྲོ་མཐུད་རྩེད་འགྲན་འབད་ཡི།
དེ་བཟུམ་སྦེ་ འོག་གི་འབའ་སྐྱོར་ནང་ ཕུན་སུམ་སྡེ་ཚན་དང་ ཊི་ཨེན་ཀེ་བཟོ་སྐྲུན་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབདཝ་ད་ སྐུགས་དང་པ་དེ་ ཊི་ཨེན་ཀེ་བཟོ་སྐྲུན་སྡེ་ཚན་གྱིས་ སྐོར་ཐེངས་༡༠ པའི་ནང་ ཆོད་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༡༥ ཐོབ་ཅི།
ཉིནམ་དེ་ལུ་ རྩེད་འགྲན་ལོག་འགོ་བཙུགས་པའི་ སྐོར་ཐེངས་ནང་ ཕུན་སུམ་སྡེ་ཚན་གྱིས་ བཀག་རེག་༤ རྐྱབ་པའི་སྐབས་ གཞན་མི་སྡེ་ཚན་གྱིས་ བཀག་རེག་༣ ཕོག་ཡོདཔ་ལས་ ཕུན་སུམ་སྡེ་ཚན་གྱིས་ སྐུགས་༢ ཐོབ་ཡོདཔ་བཞིན་དུ་ དུས་ཡུན་ཆུ་ཚོད་ཕྱེད་དང་༢ དེ་ཅིག་ཁར་ ཕུན་སུམ་སྡེ་ཚན་གྱིས་ དོ་འགྲན་འབད་དེ་ སྐུགས་༦ ལུ་ལྷོདཔ་ད་ ཊི་ཨེན་ཀེ་བཟོ་སྐྲུན་སྡེ་ཚན་གྱིས་ སྐུགས་༡ ཡང་ ཐོབ་མ་ཚུགས།
དེ་བཟུམ་སྦེ་ ཕྱི་རུ་དུས་ཚོད་ཚངམ་ད་ གཏེར་སྟོན་སྡེ་ཚན་གྱིས་ སྐུགས་༤ ཐོབ་པའི་སྐབས་ གཞན་མི་སྡེ་ཚན་སྐུགས་༨ ལས་བརྒལ་ ཐོབ་མ་ཚུགསཔ་ལས་ ཁ་ཙ་ འཕྲོ་མཐུད་རྩེད་འགྲན་འབད་ཡི།
ཁ་ཙ་དྲོ་པ་ རྩེད་འགྲན་འཕྲོ་མཐུད་འབད་བའི་སྐབས་ ཕུན་སུམ་སྡེ་ཚན་གྱིས་ བཀག་རེག་༦ ཕོག་སྟེ་ སྐུགས་༡༨ བཟོ་ཡོད་རུང་ གཞན་མི་སྡེ་ཚན་གྱིས་ སྐུགས་༤ ལས་བརྒལ་ ཐོབ་མ་ཚུགསཔ་ད་ སྐོར་ཐེངས་གཞན་ནང་ ད་རུང་ ཕུན་སུམ་སྡེ་ཚན་གྱིས་ བཀག་རེག་ཕོག་མི་དེ་ སྡེ་ཚན་གཞན་གྱིས་ བཏོག་གཏང་མ་ཚུགསཔ་ལས་ སྐུགས་༢༤ བཟོ་ཡི།
སྡེ་ཚན་༢ ཀྱི་རྩེད་འགྲན་དེ་ དོ་འགྲན་ཅན་དང་ སྤྲོ་བ་ཆེ་ཏོག་ཏོ་བྱུང་ཡོདཔ་མ་ཚད་ ལྟདམོ་ལྟ་མི་ཚུ་གིས་འབད་བ་ཅིན་ ཉིནམ་དང་པམ་ནང་ ཊི་ཨེན་ཀེ་བཟོ་སྐྲུན་སྡེ་ཚན་གྱིས་ སྐུགས་ཆོད་ཡོད་རུང་ ཁ་ཙ་ ཕུན་སུམ་སྡེ་ཚན་གྱིས་ སྐུགས་ཆོད་ནི་ལུ་ ཐེ་ཚོམ་ཟ་མི་དགོ་ཟེར་ ཕན་ཚུན་གཅིག་གིས་གཅིག་ལུ་ ཁ་སླབ་སྡོད་པའི་བར་ན་ར་ ཊི་ཨེན་ཀེ་བཟོ་སྐྲུན་སྡེ་ཚན་གྱིས་ སྐུགས་༤ ལས་ སྐུགས་༡༠ གུ་ལྷོད་ཅི།
དེ་བཟུམ་སྦེ་ སྐོར་ཐེངས་གཞན་ནང་ སྡེ་ཚན་གྱིས་ བཀག་རེག་༨ རྐྱབ་སྟེ་ སྐུགས་༡༥ བཟོ་བའི་སྐབས་ སྡེ་ཚན་གཞན་གྱིས་ བཀག་རེག་འདྲན་འདྲ་ཕོག་མ་ཚུགསཔ་ལས་ སྐོར་ཐེངས་སོ་སོའི་ནང་ ད་རུང་ སྡེ་ཚན་གྱིས་ བཀག་རེག་༨ ཕོག་སྟེ་ སྐུགས་ཆོད་པའི་སྐབས་ ཕུན་སུམ་སྡེ་ཚན་གྱིས་ བཀག་རེག་༡ ལས་བརྒལ་ཕོག་མ་ཚུགསཔ་ལས་ སྐུགས་༢༤ ནང་ ཕམ་བཏང་ཡི།
ལྟག་གི་འབའ་སྐྱོར་ནང་ ཁ་ཙ་ གཏེར་སྟོན་སྡེ་ཚན་གྱིས་ སྐུགས་གཉིས་པ་ཡང་ ཆོད་ཡོདཔ་ལས་ གཞན་མི་སྡེ་ཚན་དེ་ སྐུགས་༡༤ ནང་ཕམ་བཏང་ཡི།
ད་རེས་ སྡེ་ཚན་དང་པའི་ནང་ གཡུས་རྒྱལ་སྡེ་ཚན་དང་ ནོར་ཐར་ནརསི་སྡེ་ཚན་གཉིས་དང་ སྡེ་ཚན་གཞན་ནང་ འབྲུག་གློག་མེ་དང་ སྲིཌ་ཅེ་སྡེ་ཚན་གཉིས་འབདཝ་ད་ སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབད་ནི་ཨིནམ་ད་ སྤྱི་ཟླ་༧ པའི་ཚེས་༤ ལས་ འགོ་བཙུག་སྟེ་མཐའ་བཅད་ཆུང་བའི་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment