གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབྱར་རྩྭ་དགུན་འབུབ་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༧,༠༥,༠༠༠ ཐོབ་མི་དེ་ མཐོ་ཤོས་ཅིག་ཨིནམ།

དབྱར་རྩྭ་དགུན་འབུབ་ཚུ་ ལྗིད་ཚད་འཇལ་བའི་བསྒང་།
༢/༧/༢༠༡༢   ༉ དུས་ཅི་ དབྱར་རྩྭ་དགུན་འབུབ་བཙོང་ནི་དེ་ ཁ་ཙ་ བུམ་ཐང་རྫོང་ཁག་ནང་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ཆོས་འཁོར་རྒེད་འོག་གི་ མི་སེར་ཚུ་གིས་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་རེ་ལུ་ གོང་ཚད་མཐོ་ཤོས་ དངུལ་ཀྲམ་༧,༠༥,༠༠༠ ཐོབ་ཡོད་མི་དེ་ ད་ལྟོ་ཚུན་ རྒྱལ་ཁབ་ནང་ གོང་ཚད་མཐོ་ཤོས་ཅིག་ཨིན་པས།


ཉིནམ་དེ་ལུ་ རྒེད་འོག་གི་ མི་སེར་༡༣༧ དེ་ཅིག་གིས་ དབྱར་རྩྭ་དགུན་འབུབ་ ཕྱིར་ཚོང་འཐབ་མི་༥༠ དེ་ཅིག་ལུ་ བཙོང་ཡི་ཟེར་ ཆོས་འཁོར་རྒཔོ་ སྲང་ལ་གིས་ སླབ་ཨིན་པས།
ཁ་ཙ་ ཉིནམ་ཅིག་ནང་ གོང་ཚད་དམའ་ཤོས་ར་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢,༢༦,༠༠༠ ཐོབ་མི་དེ་ཨིན་རུང་ ད་རིས་ གོང་ཚད་ཚུ་ ག་དེ་སྦེ་འཐོབ་ཚུགས་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ འབུབ་ཚུ་གི་ སྤུས་ཚད་ཐད་ལུ་ལྷོདཔ་ད་ ཧེ་མ་བཟུམ་སྦེ་ གནམ་མེད་ས་མེད་ ལེགས་ཤོམ་ཅིག་མེད་རུང་ དུས་ཅི་ གོང་ཚད་ལེགས་ཤོམ་ཐོབ་དགོ་མི་དེ་ ཕྱི་རྒྱལ་ལས་ མཁོ་འདོད་སྦོམ་བཀོད་མི་ལུ་བརྟེན་ཏེ་ ཨིནམ་འོང་ནི་མས་ཟེར་སླབ་ཨིན་པས།
ཆོས་འཁོར་རྒེད་འོག་གི་དོན་ལུ་ དུས་ཅི་ དབྱར་རྩྭ་དགུན་འབུབ་ཀྱི་ ཚོང་འབྲེལ་འཐབ་ནི་དེ་ ད་རིས་ མཇུག་བསྡུ་ནི་ཨིནམ་ད་ དེ་གི་ཤུལ་ལས་ སྟང་དང་ ཆུ་སྨད་རྒེད་འོག་༢ ནང་ ཉིནམ་༡ འགོ་འདྲེན་འཐབ་ཞིནམ་ལས་ རྫོང་ཁག་གཞན་ནང་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།


No comments:

Post a Comment