གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་སྨན་ཁང་གི་རྒྱ་བསྐྱེད་ལཱ་ དུས་ཅི་སྤྱི་ཟླ་༡༠ པའི་ནང་ འགོ་བཙུག་ནི།

༢/༧/༢༠༡༢   ༉ འདས་པའི་བདུན་ཕྲག་གི་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་ཅིག་ནང་ དགེ་ལེགས་ཕུག་གི་འཐུས་མི་ པེ་རེམ་ ཀུ་མར་ གུ་རུང་གིས་ གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་ལུ་ དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ རྒྱ་བསྐྱེད་རྐྱབ་ནིའི་ འཆར་གཞི་ཡོད་མི་དེ་ ད་རེས་ གནས་ཚད་ག་དེམ་ཅིག་ཁར་ ལྷོད་ཅི་ག་ཟེར་ དྲི་བ་ཞུ་ཡི།
དགེ་ལེགས་ཕུག་གི་འཐུས་མི་ པེ་རེམ་ ཀུ་མར་ གུ་རུང་གིས་ དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ རྒྱ་བསྐྱེད་ཀྱི་གནད་དོན་ཐོག་ལུ་ དྲི་བཀོད་ཞུ་བའི་བསྒང་།


དེ་མ་ཚད་ འཆར་གཞི་དང་འཁྲིལཝ་ད་ དགེ་ལེགས་ཕུག་སྨན་ཁང་ནང་ ཤོང་ཚད་དེ་ ཉལ་ཁྲི་༡༠༠ ཨིན་རུང་ ད་ལྟོ་ ཉལ་ཁྲི་༦༦ དེ་ཅིག་ལས་ མེདཔ་བཞིན་དུ་ སྨན་ཁང་གི་ ཐོ་བཀོད་དང་འཁྲིལཝ་ད་ སྨན་ཁང་ནང་ ཉིན་བསྟར་བཞིན་དུ་ ནདཔ་༤༠༠ ལྷགཔ་ཅིག་ འོང་དོ་ཡོདཔ་མ་ཚད་ ཕྱི་ཁ་ལས་ ལས་འགུལ་གྱི་ ལས་མི་ཚུ་ཡང་ བརྒྱ་ལས་བཅད་དེ་ སྨན་ཁང་ནང་ འོང་ནི་དེ་གིས་ མི་སེར་ཚུ་གི་ ཁེ་ཕན་དོན་ལུ་ སྨན་ཁང་དེ་ ངེས་པར་དུ་ རྒྱ་བསྐྱེད་འབད་དགོཔ་ལས་ སྨན་ཁང་གི་ རྒྱ་སྐྱེད་ལཱ་ཚུ་ ནམ་མཇུག་བསྡུ་ཚུགས་ག་ཟེར་ཞུ་ཡི།
དེའི་ལན་ལུ་ གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ རྒྱ་བསྐྱེད་ལཱ་ཚུ་ དུས་ཅིའི་ལོ་ནང་ར་ འགོ་བཙུག་ནི་ཟེར་ཨིནམ་ད་ ད་རེས་ ཡུན་འགྱངས་ལུས་དགོ་མི་དེ་ཡང་ དང་པ་ དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ ས་ཁོངས་དེ་ནང་ ད་ལྟོ་ བསྟན་སྲུང་དམག་སྡེའི་ བཟའ་ཚང་ཚུ་ སྡོད་མི་ལུ་བརྟེན་ སྤོ་བཤུད་འབད་ནི་ལུ་ དཀའ་ངལ་ཡོདཔ་ད་ ཨིན་རུང་ ད་ལྟོ་ སྡོད་ཁྱིམ་ཚུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་དེ་ དུས་ཡུན་ཟླཝ་༣ དེ་ཅིག་གི་ ནང་འཁོད་ལུ་ མཇུག་བསྡུ་ཞིནམ་ལས་ སྤོ་བཤུད་འབད་བཅུག་ནི་ཨིན་ཟེར་ཞུ་ཡི།
གསོ་བའི་བློན་པོ་གིས་ བཟོ་སྐྲུན་གྱི་ཐད་ཁར་ སྤུས་ཚད་དང་ལྡན་ཏོག་ཏོ་སྦེ་ མ་རྐྱབ་པ་ཅིན་ ད་རེས་ནངས་པ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ཡང་ རླུང་འཛུལ་ས་མེད་པའི་གནད་དོན་དང་ སྟབས་མ་བདེཝ་ ལེ་ཤ་ཅིག་ར་ ཐོན་དོ་ཡོད་མི་ལུ་བརྟེན་ ཕྱིའི་མཁས་མཆོག་ཚུ་ འབོ་ཞིནམ་ལས་ མེ་བཏེགས་ནི་དང་ རླུང་འཛུལ་ས་ དེ་ལས་ བསིལ་དྲོད་ལྡན་པའི་མཐུན་རྐྱེན་ཚུ་ གཞི་བཙུག་འབད་ནིའི་དོན་ལུ་ གྲོས་བསྟུན་ཚུ་ འབད་བའི་བསྒང་ཡོད་ཟེར་ཞུ་ཡི།
ཟླཝ་༣ དེ་ཅིག་གི་རྒྱབ་ལས་ བྱ་རིམ་ཚུ་ག་ར་ གྲ་སྒྲིག་འགྱོ་ནི་ཨིནམ་ལས་ དུས་ཅི་ སྤྱི་ཟླ་༡༠ པའི་ནང་ བཟོ་སྐྲུན་གྱི་ལཱ་ཚུ་ཡང་ འབྲུག་པའི་ཁག་འབགཔ་དང་ རྒྱ་གར་ མུམ་བཱའི་གི་ ཁག་འབགཔ་༢ ལུ་ སྤྲོད་ཞིནམ་ལས་ འགོ་བཙུག་ནིའི་ རེ་བ་ཡོད་ཟེར་ཞུ་ཡི།
དེ་བཟུམ་སྦེ་ འཕྲལ་ཁམས་ཅིག་ཁར་ ལྷན་རྒྱས་གཞུང་ཚོགས་ལས་ གནང་བ་གྲོལ་ཡོདཔ་བཞིན་དུ་ ཕུན་ཚོགས་གླིང་སྨན་ཁང་ནང་ཡང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་བཟུམ་སྦེ་ དམིགས་བསལ་གྱི་ གྲོས་བསྟུན་ཞབས་ཏོག་ཚུ་ འགོ་བཙུགས་ཡོདཔ་ད་ དགེ་ལེགས་ཕུག་ལུ་ཡང་ བཟོ་སྐྲུན་གྱི་ལཱ་ཚུ་ མཇུག་བསྡུ་བའི་བསྒང་ལས་ འགོ་བཙུག་ནིའི་ འཆར་གཞི་ཡོད་ཟེར་ཞུ་ཡི།

ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ དགེ་ལེགས་ཕུག་གི་ ས་གནས་དེ་ རྒྱལ་ཁབ་ནང་ ཁྲོམ་སྡེ་སྦོམ་ཤོས་ཅིག་དང་ གནམ་གྲུའི་ ཞབས་ཏོག་ཚུ་ཡོད་པའི་ ཁྲོམ་སྡེ་ ཁག་ཆེ་ཤོས་ཅིག་ཨིནམ་ལས་ ས་གནས་ཀྱི་ མི་སེར་ཚུ་ལུ་ དཀའ་ངལ་བྱུང་མི་ཚུ་ སེལ་ནིའི་དོན་ལུ་ གཞུང་གིས་འབད་རུང་ འཆར་གཞི་དང་འཁྲིལ་ཏེ་ ཕྱག་ལཱ་ཚུ་ མཛད་གནང་དགོ་ཟེར་ གསུངས་ཡོད་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།

No comments:

Post a Comment