གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནངས་པ་ལས་ ཧཱ་ལུ་ བཀའ་ཁྲིད་འགོ་བཙུག་ནི།

༢/༧/༢༠༡༢   
སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག།
༉ ཧཱ་ལུ་ ནངས་པ་ལས་ འགོ་བཙུག་སྟེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ བདུན་ཕྲག་༢ ཀྱི་རིང་ བཀའ་ཁྲིད་གནང་ནི་ཨིནམ་ལས་ བཀའ་ཁྲིད་གནང་པའི་སྐབས་ རྐྱེན་དང་བར་ཆད་ཚུ་ འབྱུང་མི་བཅུག་ནིའི་དོན་ལུ་ ད་རིས་ མགོན་པོའི་སྟོང་ཚོགས་ གཏང་ནི་ཨིན་པས།

བཀའ་ཁྲིད་ཞུ་ནིའི་དོན་ལུ་ ས་གནས་ཀྱི་མི་དང་ རྫོང་ཁག་གཞན་ཁ་ལས་ དད་ཅན་སྐྱ་སེར་༡༠,༠༠༠ དེ་ཅིག་ འཛོམས་ཡོདཔ་ཨིན་པས།
ལྷ་ཁང་དཀར་པོའི་སློབ་དཔོན་ ཉིམ་རྡོ་རྗེ་གིས་ གསལ་བཤད་འབད་མི་དང་འཁྲིལཝ་ད་ ང་བཅས་ར་ བཀའ་ཁྲིད་ཞུ་དགོ་པའི་ དམིགས་ཡུལ་ངོ་མ་ར་ རང་གི་ རྩ་བའི་བླམ་གིས་གནང་མི་ ཆོས་ཚུ་ཉམས་སུ་བླང་ཞིནམ་ལས་ མཐར་ཐུག་ལུ་ སངས་རྒྱས་ཀྱི་གོ་འཕང་ འཐོབ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ས་ཐག་རིང་ས་ལས་ བཀའ་ཁྲིད་ཞུ་བར་འོང་མི་ཚུ་ ལ་ལུ་ཅིག་ གནསཔ་བརྙ་སྟེ་ སྡོད་དོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་ དཀར་འཚོ་འབྲིང་རིང་སློབ་གྲྭ་བར་མའི་ནང་ སྡོད་དོ་ཡོདཔ་ད་ གཞན་མི་ཚུ་ ཐང་ནང་གུར་སྤུབས་ཏེ་ སྡོད་དོ་ཡོདཔ་ཨིན་པས།
ཉིན་གྲངས་༡༤ འི་རིང་ བཀའ་ཁྲིད་གནང་ནི་ཨིན་མི་ལས་ ཉིན་གྲངས་༥ སྔོན་འགྲོ་གནང་ཞིནམ་ལས་ རང་ཟླ་༥ པའི་ཚེས་༢༠ ལུ་ རྡོ་རྗེ་སྤུན་ཟེར་ དགེ་སློང་༡ དང་ མི་གནགཔ་༦ རེ་སྦེ་ སྤུན་༧ བསྡོམ་ནི་ཡོད་ཟེར་ ལྷ་ཁང་དཀར་པོའི་སྲུང་འཁོརཔ་ སློབ་དཔོན་ཉིམ་རྡོ་རྗེ་གིས་ བཤདཔ་ཨིན་པས།
བཀའ་ཁྲིད་དེ་ རང་ཟླ་༥ པའི་ཚེས་༢༨ ལུ་ མགོན་པོའི་གཏང་རག་དང་ ཚོགས་འཁོར་བསྐོར་ཏེ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།


ཡེ་ཤེས་སྒྲོལ་མ།

No comments:

Post a Comment