གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་ལོར་བརྗེ་སོར་མཐུན་རྐྱེན་གྱིས་ རུ་པིའི་དཀའ་ངལ་བསལ་ནི་ལུ་ ལྷན་ཐབས་འབྱུང་པའི་རེ་བ།


༢༡/༥/༢༠༡༢



རྒྱ་གར་གྱིས་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ འཐུས་མི་རྒྱལ་ཁབ་ཚུ་གི་དོན་ལུ་ ཡུ་ཨེསི་ཌོ་ལར་དུང་ཕྱུར་༢ བརྗེ་སོར་གྱི་དོན་ལུ་ བཞག་ཡོད་མི་དེ་གིས་ འབྲུག་པའི་དངུལ་ཀྲམ་སྤྲོད་ཐོག་ལས་ རུ་པི་མཁོ་སྒྲུབ་འབད་ཚུགས་ནི་ཨིན་པས།

༉ འདས་པའི་བདུན་ཕྲག་ནང་ ནེ་པཱལ་ལུ་ ལྷོ་ཨེ་ཤ་ཡ་ལུང་ཕྱོགས་རྒྱལ་ཁབ་ཚུ་གི་ དངུལ་ལས་དབང་འཛིན་གྱི་ སྤྱི་ཁྱབ་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་མི་དེ་ནང་ དངུལ་ལོར་བརྗེ་སོར་གྱི་ མཐུན་རྐྱེན་ལས་རིམ་ཅིག་ གྲོས་འཆམ་བྱུང་མི་དེ་གིས་ ད་ལས་ཕར་ བདུན་ཕྲག་དག་པ་ཅིག་གི་རིང་ རྒྱ་གར་གྱི་རུ་པི་ མ་ལང་པའི་དཀའ་ངལ་བསལ་ནི་ལུ་ ལྷན་ཐབས་འབྱུང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།


དེ་ཡང་ དངུལ་ལོར་བརྗེ་སོར་གྱི་ལས་རིམ་ཐོག་ལས་ རྒྱ་གར་གཞུང་གི་ དངུལ་ལས་དབང་འཛིན་གྱིས་ ཡུ་ཨེས་ཌོ་ལར་ དུང་ཕྱུར་༢ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་རྒྱལ་ཁབ་ཚུ་གི་ དངུལ་ལོར་དང་ བརྗེ་སོར་གྱི་དོན་ལུ་ བཞག་མི་ལུ་བརྟེན་ འབྲུག་གིས་ དངུལ་ཀྲམ་སྤྲོད་ཐོག་ལས་ རུ་པི་མཁོ་སྒྲུབ་འབད་ཚུགས་ནི་ཨིན་པས་པས།
དངུལ་ལོར་བརྗེ་སོར་གྱི་ མཐུན་རྐྱེན་ལས་རིམ་ཐོག་ལས་ འབྲུག་དང་ ཨེ་ཤི་ཡ་ལུང་ཕྱོགས་རྒྱལ་ཁབ་གཞན་ཚུ་གིས་ རང་སོའི་ དངུལ་ལོར་བརྗེ་སོར་གྱི་ མཁོ་འདོད་ཀྱི་རིན་གནས་དང་བསྟུན་པའི་ དངུལ་ཀྲམ་ལ་སོགས་པའི་ རང་སོའི་དངུལ་ལོར་ཚུ་སྤྲོད་ཞིནམ་ལས་ དེ་ཁར་ སྐྱེད་བརྒྱ་ཆ་༢ སྤྲོད་དགོཔ་ཨིན་པའི་ཁར་ མཁོ་འདོད་ཅན་གྱི་ རྒྱལ་ཁབ་ཚུ་གིས་ ཌོ་ལར་དང་ ཡུ་རོ་ དེ་ལས་ རུ་པི་ཚུ་ ག་ཅི་དགོཔ་ཅིག་ གདམ་ཁ་རྐྱབ་སྟེ་ རྒྱ་གར་ལས་ ལེན་ཆོགཔ་ཨིན་པས།
འབྲུག་རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རྒྱ་གར་གྱིས་ ཡུ་ཨེས་ཌོ་ལར་ དུང་ཕྱུར་༢ བཞག་མི་ལས་ འཐུས་མི་རྒྱལ་ཁབ་ གཞན་མི་ཚུ་གི་དོན་ལུ་ ཐོབ་ལམ་བགོ་བཤའ་རྐྱབ་སྟེ་བྱིན་ནི་ཨིནམ་ད་ ཐོབ་ལམ་དེ་ ལག་ལེན་འཐབ་པའི་སྐབས་ རྒྱལ་ཁབ་ཚུ་གིས་ རྒྱ་གར་ལས་ ལེན་ནི་ཨིན་མི་ཌོ་ལར་གྱི་ རིན་ཚད་དང་འཁྲིལ་བའི་ རང་སོའི་དངུལ་ལོར་ཚུ་ སྐྱེད་བརྒྱ་ཆ་༢ སྤྲོད་དགོཔ་ཨིན་ཟེར་ཨིན་པས།
ཐོབ་ལམ་དེ་ འདྲན་འདྲ་བགོ་བཤའ་རྐྱབ་སྟེ་འབད་བ་ཅིན་ འཐུས་མི་རྒྱབ་ཁབ་རེ་གིས་ ཌོ་ལར་ས་ཡ་༢༨༥ རེ་འཐོབ་ནི་ཨིནམ་ད་ ཐོབ་ལམ་དེ་ འབྲུག་གི་དངུལ་ཀྲམ་ལུ་ཕབ་པ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ ཌོ་ལར་གྱི་རིན་ཚད་དེ་ ཌོ་ལར་རེ་ལུ་དངུལ་ཀྲམ་༥༤ དེ་ཅིག་ཡོདཔད་ འབྲུག་གིས་ཌོ་ལར་༢༨༥ ལེན་ནི་གི་དོན་ལུ་དངུལ་ཀྲམ་དངུ་ཕྱུང་༡༥ སྤྲོད་དགོཔ་ནི་ཨིན་པས།
དངུལ་ལོར་བརྗེ་སོར་གྱི་མཐུན་རྐྱེན་ལས་རིམ་དེ་ རྒྱ་གར་རྒྱལ་ཁབ་གཅིག་རྐྱང་གིས་ མ་དངུལ་བཏོན་ཐོག་ལས་ཨིནམ་ད་ དེ་ཡང་ ལྷོ་ཨེཤ་ཡ་ལུང་ཕྱོགས་ནང་ དཔལ་འབྱོར་གོང་འཕེལ་རྒྱ་ཆེ་ཤོས་ར་ རྒྱ་གར་གྱི་རྒྱལ་ཁབ་ཨིནམ་ལས་ ལུང་ཕྱོགས་ནང་གི་ འཐུས་མི་རྒྱལ་ཁབ་ཚུ་ག་ར་ རྒྱ་གར་དང་གཅིག་ཁར་ དཔལ་འབྱོར་གྱི་ ཚོང་འབྲེལ་རྒྱ་ཆེ་དྲགས་ཡོད་ནི་དེ་གིས་ཨིན་པས།
འབྲུག་རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སླབ་མིའི་ནང་ འབྲུག་གིས་ དངུལ་ཀྲམ་བཟོ་སྐྲུན་འབད་ཚུགས་རུང་ ཕྱིའི་དངུལ་ལོར་ཚུ་ བཟོ་སྐྲུན་འབད་མི་ཚུགས་ནི་ཨིནམ་ལས་ དངུལ་ལོར་བརྗེ་སོར་གྱི་ མཐུན་རྐྱེན་ལས་རིམ་དེ་གིས་ དཔལ་འབྱོར་ཚོང་འབྲེལ་ནང་ ཕྱི་དངུལ་ལག་ལེན་གྱི་དོན་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིནམ་ད་ དེ་ཡང་ འབྲུག་གིས་ དངུལ་ལོར་བརྗེ་སོར་མཐུན་རྐྱེན་ལས་རིམ་དེ་ནང་གི་ ཐོབ་ལམ་དེ་གི་རིན་ཚད་ཀྱི་ དངུལ་ཀྲམ་སྤྲོད་ཐོག་ལས་ དེ་གི་རིན་ཚད་དང་འཁྲིལ་བའི་ རུ་པི་ལེན་ཚུགས་པའི་ གོ་སྐབས་ཡོད་ནི་དེ་གིས་ཨིན་པས།
དེ་འབད་ནི་དེ་གིས་ རུ་པི་གི་དཀའ་ངལ་སེལ་ཐབས་ལུ་ ལྷན་ཐབས་འོང་ནི་ཨིན་པས།
དེ་བཟུམ་མའི་ དངུལ་ལོར་བརྗེ་སོར་གྱི་ མཐུན་རྐྱེན་ལས་རིམ་གྱི་ གྲ་སྒྲིག་དེ་ སྤྱི་ལོ་༢༠༠༩ ལུ་ རྒྱལ་སྤྱིའི་དཔལ་འབྱོར་གནས་སྟངས་ནང་ དཀའ་ངལ་བྱུང་བའི་སྐབས་ ཕྱིའི་དངུལ་ལོར་གྱི་ འོང་འབབ་མར་ཉམས་འགྱོ་བའི་ གནས་སྟངས་ལུ་བརྟེན་ ལུང་ཕྱོགས་མཐུན་འབྲེལ་གྱི་ ཐབས་ལམ་ཅིག་སྦེ་ ཆ་འཇོག་འབད་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment