གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ལྟ་བཤལ་ཚོགས་སྡེ་གིས་ གཞུང་ཁྲལ་ཡར་སེང་འབད་དགོ་པའི་ གྲོས་འཆར་ཕུལ་ཡོདཔ།

༡༦/༧/༢༠༡༢   ༉ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ཨ་རྟག་བཟུམ་སྦེ་ར་ ཡིག་ཚང་རྒྱུན་སྐྱོང་འཐབ་ནིའི་དོན་ལུ་ གཞུང་ཁྲལ་ཡར་སེང་འབད་དགོ་པའི་ གྲོས་འཆར་བཙུགས་ཡོདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་གིས་ བཀོད་ཁྱབ་ཞལ་འཛོམས་འཚོགས་པའི་སྐབས་ལུ་ གདམ་ཁ་ཅན་གྱི་གྲོས་འཆར་༢ བཙུགས་ཡོད་མི་དེ་ཡང་ འབྲུག་ལྟ་བཤལཚོགས་སྡེ་གིས་ ལཱ་འཕྲོ་མཐུད་འབད་ཐབས་ལུ་ ཚོགས་སྡེ་ལུ་ཐོབ་མིའི་ གཞུང་ཁྲལ་ཡོངས་བསྡོམས་ལས་ བརྒྱ་ཆ་༢༥ བཞག་ནི་ཡོདཔ་ཅིག་དང་ ཡང་ཅིན་ ལྟ་བཤལ་པའི་དུས་ཚོད་ཁར་ གཞུང་ཁྲལ་ ཡུ་ཨེས་ཌོ་ལར་༦༥ ལས་༨༠ ལུ་ ཡར་སེང་འབད་དགོ་པའི་ དོན་ཚན་ཁག་༢ བཙུགས་ཡོདཔ་ཨིན་པས།



དེ་ལས་ ལྟ་བཤལ་པའི་དུས་ཚོད་མེན་པའི་སྐབས་ལུ་ ད་ལྟོ་ ཡུ་ཨེས་ཌོ་ལར་༥༥ ལས་༦༥ ལུ་ ཡར་སེང་འབད་དགོཔ་སྦེ་བཙུགས་ཡོདཔ་ཨིན་པས།
ཚོགས་སྡེའི་འཐུས་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ནུབ་རེ་ལུ་ གཞུང་ཁྲལ་ ཡུ་ཨེས་ཌོ་ལར་༡༥ ཡར་སེང་འབད་མི་གིས་ འབྲུག་ལྟ་བཤལ་ཚོགས་སྡེ་ རང་དབང་ཐོག་ལུ་ ལཱ་འབད་ནི་ལུ་ཕན་ཐོགས་ནི་ཨིན་མས་ཟེར་ཨིན་པས།
ཨིན་རུང་ གཞུང་ཁྲལ་ཡར་སེང་འབད་ནིའི་གྲོས་འཆར་དེ་ ལྟ་བཤལ་པའི་ ཚོང་ལཱ་འབད་མི་ཚུ་དང་གཅིག་ཁར་ གྲོས་བསྟུན་ཞིབ་པར་འབད་ཞིནམ་ལས་ གྲོས་ཐག་བཅད་ནི་ཨིན་ཟེར་ ཚོགས་སྡེའི་ འཐུས་མི་གིས་བཤདཔ་ཨིན་པས།
ད་ཚུན་གྱི་རིང་ལུ་ ལྟ་བཤལཔ་ཚུ་གིས་ ལྟ་བཤལ་པའི་དུས་ཚོད་ཀྱི་སྐབས་ ཉིནམ་རེ་གི་སྤྱོད་ཁྲལ་ ཡུ་ཨེས་ཌོ་ལར་༢༥༠ རེ་སྤྲོད་དོ་ཡོདཔ་ད་ ལྟ་བཤལ་པའི་དུས་ཚོད་མིན་པའི་སྐབས་ལུ་ ཡུ་ཨེས་ཌོ་ལར་༢༠༠ པོ་དེ་ འབྲུག་དངུལ་ཁང་ནང་ འབྲུག་ལྟ་བཤལ་ཚོགས་སྡེའི་ རྩིས་ཁྲ་ནང་འགྱོ་དོ་ཡོདཔ་ཨིན་པས།
ལྟ་བཤལཔ་ཚུ་ རྒྱལ་ཁབ་ནང་ལས་ ལོག་འགྱོ་བའི་བསྒང་ལས་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ཉིནམ་རེ་གི་ གཞུང་ཁྲལ་ ཡུ་ཨེས་ཌོ་ལར་༦༥ པོ་ བཏོག་བཞག་པའི་ཤུལ་ལུ་ ལྷག་ལུས་དངུལ་ཀྲམ་དེ་ ལྟ་བཤལ་ཚོང་ལཱ་འབད་ནིའི་ རྩིས་ཁྲ་ནང་བཙུགས་དོ་ཡོདཔ་ཨིན་པས།
འདས་པའི་ཟླཝ་ནང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ འབྲུག་ལྟ་བཤལ་ཚོགས་སྡེའི་ ལམ་ལུགས་ཚུ་ཡང་ བཟོ་དགོ་པའི་བཀའ་རྒྱ་གནང་ཡོདཔ་བཞིན་དུ་ དེ་གི་སྐོར་ལས་ བཀོད་ཚོགས་ཞལ་འཛོམས་འཚོགས་པའི་སྐབས་ལུ་ གྲོས་བསྟུན་འབད་ཡོདཔ་ལས་ དེ་ཚུ་ རྒྱུ་ནོར་གཞི་བཟུང་མ་དངུལ་དང་འཁྲིལ་ཏེ་ བཟོ་ནི་ཟེར་ཨིན་པས།
ད་ལྟོ་ འབྲུག་ལྟ་བཤལ་ཚོགས་སྡེ་ནང་ལུ་ ཁས་བླངས་པ་དང་ ཁག་འབག་ཐོག་ལུ་ ལཱ་འབད་མི་ཚུ་རྩིས་ཏེ་ ཡོངས་བསྡོམས་ ལས་བྱེདཔ་༤༥ ཡོདཔ་ཨིན་པས།
ཚོགས་སྡེའི་ འཐུས་མི་ཚུ་གིས་འབད་བ་ཅིན་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དེ་ མི་མང་འགྲན་བསྡུར་གྱི་ཐོག་ལས་ བཙག་འཐུ་འབད་ནི་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ འབྲུག་ལྟ་བཤལ་ཚོགས་སྡེ་དེ་ རང་སྐྱོང་ལས་འཛིན་ཅིག་སྦེ་ ལཱ་འབད་ཡོདཔ་ཨིན་རུང་ དངུལ་འབྲེལ་གྱི་ཐད་ལུ་ལྷོདཔ་ད་ གཞུང་ལུ་བརྟེན་དོ་ཡོདཔ་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཀྱིས་ འདས་པའི་ཟླཝ་གི་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ འབྲུག་ལྟ་བཤལ་ཚོགས་སྡེ་འདི་ ཞི་གཡོག་ལས་ ཕྱིར་བཏོན་འབད་དགོ་མི་དེ་ཡང་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་ནང་ལུ་ ཕན་གྲོགས་འབད་མི་ གལ་གནད་ཅན་ཅིག་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ད་ལྟོའི་གནས་རིམ་ནང་ ཚོགས་སྡེའི་ཁྲི་འཛིན་དེ་ མི་རྗེ་བློན་ཆེན་མཆོག་ཨིན་པའི་ཁར་ ནང་སྲིད་བློན་པོ་དང་ སོ་ནམ་དང་ནགས་ཚལ་བློན་པོ་ དེ་ལས་ བསྟན་རྒྱས་བློན་པོ་ཚུ་ ཚོགས་སྡེའི་བཀོད་ཚོགས་འཐུས་མི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment