གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་ ལཱ་གཡོག་མེད་པའི་ དཀའ་ངལ་བརྒྱ་ཆ་༢.༡ ལུ་ལྷོད་ཡོདཔ།

༡༧/༧/༢༠༡༢   ༉ སྤྱི་ལོ་༢༠༡༢ ཟླ་༧ པ་ཚུན་ཚོད་ རྒྱལ་ཁབ་ནང་ ན་གཞོན་ལཱ་གཡོག་མེད་པའི་ དཀའ་ངལ་དེ་ བརྒྱ་ཆ་༢.༡ ལུ་མར་ཕབ་སོང་ཡོདཔ་ཨིན་པས།
དེ་ཡང་ ལོ་ལྔའི་འཆར་གཞི་བཅུ་པའི་དམིགས་དོན་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༨ ལུ་བརྒྱ་ཆ་༤.༢ ཡོད་མི་དེ་ བརྒྱ་ཆ་༢.༥ ལུ་ མར་ཕབ་འབད་ནི་ཨིན་རུང་ ལཱ་གཡོག་ལྷན་ཁག་གི་ དབྱེ་ཞིབ་སྙན་ཞུ་༢༠༡༢ ཅན་མའི་ནང་ ད་རེས་ནངས་པར་ ལཱ་གཡོག་མེད་པའི་ཚད་གཞི་ བརྒྱ་ཆ་༢.༡ ལུ་ ལྷོད་ཡོདཔ་བཞིན་དུ་ ཧེ་མ་ ལཱ་གཡོག་མེད་པའི་ཚད་གཞི་ བརྒྱ་ཆ་༩.༢ ཡོད་མི་དེ་ སྤྱི་ལོ་༢༠༡༡ ལུ་ཚད་གཞི་མར་ཕབ་འབད་དེ་ བརྒྱ་ཆ་༧.༣ ལུ་ལྷོད་ཡོདཔ་ཨིན་པས།



ལོ་བསྟར་བཞིན་དུ་ གཡོག་སྦྱོང་འབད་མི་ན་གཞོན་༤༠༠ རེ་ དམིགས་གཏད་སྐྱེད་ས་ལས་ ད་ལྟོ་ གཡོག་སྦྱོང་ལས་རིམ་ཐོག་ལས་ ན་གཞོན་༡༠༥ གིས་ མཐར་འཁྱོལ་ཡོདཔ་ད་ སློབ་རིམ་༡༠ པ་དང་༡༢ པ་ལས་ སློབ་ཕྲུག་༣༢༥ ད་ལྟོ་ བཟོ་གྲྭ་དང་ལས་སྡེ་ཚུ་ནང་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
ལཱ་གཡོག་ནང་ འཛུལ་ཞུགས་མ་འབད་བའི་ ཧེ་མ་ གཡོག་སྦྱོང་གི་དོན་ལུ་ སློབ་རིམ་༡༠ པ་དང་༡༢ པ་ དེ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ བསྡོམས་ཀྱིས་ མི་གྲངས་༩༢༥ གིས་ ལྷན་ཁག་དང་གཅིག་ཁར་ ཐོ་བཀོད་འབད་ཡོད་མི་ཚུ་ ད་ལྟོ་ ལས་སྡེ་སོ་སོ་ཚུ་ནང་ དུས་ཡུན་ཟླ་ངོ་༣ ལས་༦ གི་བར་ན་ གཡོག་སྦྱོང་ འབད་བའི་བསྒང་ཡོདཔ་ཨིན་པས།
ལོ་བསྟར་གྱི་སྙན་ཞུ་དང་འཁྲིལཝ་ད་ ན་གཞོན་ལཱ་གཡོག་མེད་མི་༥༩༥ ལུ་ ཚོང་ལཱ་འབད་ཐངས་ཀྱི་ རིག་རྩལ་སྦྱོང་བརྡར་ཚུ་བྱིན་དོ་ཡོདཔ་ཨིན་པས།
ཐིམ་ཕུ་ལུ་སྦེ་ སྤྱི་ལོ་༢༠༡༡ ཟླ་༡༠ པའི་ནང་ ལཱ་གཡོག་གི་ འགྲེམས་སྟོན་ཐེངས་༩ པ་འགོ་འདྲེན་འཐབ་མིའི་ནང་ གཞུང་དང་སྒེར་སྡེ་ དེ་ལས་ ལས་འཛིན་༣༡ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ཁོང་ལས་སྡེ་ཚུ་གིས་ ལཱ་གཡོག་དང་ སྦྱོང་བརྡར་གྱི་ གོ་སྐབས་༡,༠༦༤ ཡོད་ལུགས་ཀྱི་ གསལ་སྟོན་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ གཞུང་དང་སྒེར་སྡེ་ དེ་ལས་ ལས་འཛིན་ཚུ་ནང་ བཟོ་སྐྲུན་གྱི་ ལཱ་འབད་ནིའི་དོན་ལུ་ སྤྱི་ལོ་༢༠༡༢ ཟླ་༤ པའི་ཚེས་༡༡ ཚུན་གྱི་ གནས་ཐོ་དང་འཁྲིལཝ་ད་ ཕྱི་མི་ལཱ་འབད་མི་༥༦,༠༡༡ ཡོད་པའི་གསལ་སྟོན་འབད་ཡོདཔ་ཨིན་པས།
མི་སྟོབས་གོང་འཕེལ་གཏང་ནིའི་ དམིགས་ཡུལ་དང་འཁྲིལ་ སློབ་གྲྭ་ལས་ཐོན་སྡོད་མི་ ན་གཞོན་༦༣,༠༠༠ ཡོད་མི་ བརྒྱ་ལས་བཅད་པ་ཅིན་ བརྒྱ་ཆ་༦༠ ཐམ་པ་ལུ་ འཕྲུལ་རིག་དང་ ལག་ཤེས་སྦྱོང་བརྡར་འཐོབ་ནིའི་དོན་ལུ་ ད་ལྟོ་ཡོད་པའི་ འཕྲུལ་རིག་སྤེལ་ཁང་དང་ བཟོ་རིག་༡༣ སྤེལ་ཁང་ཚུ་ རྒྱ་བསྐྱེད་གཏང་ནི་དང་ འཕྲུལ་རིག་སྦྱོང་བརྡར་གསརཔ་གཞི་བཙུགས་འབད་ཐོག་ལས་ གྲོང་གཡུས་ཚུ་ནང་ རིག་རྩལ་གོང་འཕེལ་ལས་རིམ་རྩ་བརྟན་བཟོ་ནི་ཚུ་ཨིན་པས།
ལོ་བསྟར་གྱི་སྙན་ཞུ་དང་འཁྲིལཝ་ད་ ཐོ་བཀོད་འབད་དེ་ ལཱ་གཡོག་འཚོལ་མི་ཚུ་ལུ་ ལཱ་གཡོག་བྱིན་མི་དེ་ ཧེ་མ་དང་ཕྱདཔ་ད་ ཡར་སེང་སོང་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment