གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་སྤྱིའི་གནས་ཚད་ནང་ ལི་གི་རྟགས་མ་དང་པ།

༡༦/༧/༢༠༡༢   ༉ ར་ཤི་ཡའི་ཁྲོམ་སྡེ་ ཡ་ཀུ་ཊི་ཡ་ལུ་ འགོ་འདྲེན་འཐབ་མི་ ཨེ་ཤི་ཡ་རྒྱལ་སྤྱི་ཨ་ལུའི་ མཛོག་ཁྱད་འགྲན་བསྡུར་ཐེངས་༥ པའི་ནང་ལས་ ལིའི་རྟགས་མ་ཐོབ་མི་ འབྲུག་པའི་སློབ་ཕྲུག་ སྐྱེས་ལོ་༡༦ ལང་མི་དེ་ ད་རིས་ རྒྱལ་ཁབ་ནང་ ལྷོད་ནི་ཨིན་པས།
བཀྲིས་དབང་འདུས་ཀྱིས་ ལྗིད་ཚད་ཀེ་ཇི་༤༦ གི་དབྱེ་སྡེའི་ མཛོག་ཁྱད་ནང་ འགྲན་བསྡུར་འབད་བའི་བསྒང་།


དེ་ཡང་ ཐིམ་ཕུ་ལུང་བསྟན་ཟམ་པ་འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ བཀྲིས་དབང་འདུས་ཀྱིས་ ལྗིད་ཚད་ཀེ་ཇི་༤༦ འབད་མི་ དབྱེ་སྡེའི་ནང་ མཛོག་ཁྱད་འགྲན་བསྡུར་འབད་དེ་ སྤྱི་ཟླ་༧ པའི་ཚེས་༡༢ ལུ་ མཐའ་བཅད་འགྲན་བསྡུར་ནང་ ལྷོད་པའི་ཤུལ་ལས་ ཊུ་རུག་མི་ནིསི་ཊཱན་གྱི་ མཛོག་ཁྱད་རྐྱབ་མི་ལུ་ རྒྱལ་ཁ་ཤོར་སོཔ་ཨིན་པས།
ལྗིད་ཚད་ཀེ་ཇི་༤༦ འབད་མི་ དབྱེ་སྡེའི་ནང་ རྒྱལ་ཁབ་༡༠ ཀྱི་ མཛོག་ཁྱད་རྐྱབ་མི་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ད་ བཀྲིས་དབང་འདུས་ཀྱིས་ མཐའ་བཅད་འགྲན་བསྡུར་ཆུང་བའི་ནང་ པེ་ལིསི་ཊི་ནི་ཡཱན་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
འབྲུག་ཨོ་ལིམ་པིག་ཚོགས་སྡེའི་ འགོ་དཔོན་ཚུ་གིས་ འཛམ་གླིང་རྒྱལ་སྤྱིའི་ འགྲན་བསྡུར་ནང་ མཛོག་ཁྱད་བརྗེ་མི་ ན་གཞོན་བུཚ་གིས་ ལིའི་རྟགས་མ་ཅིག་ ཐོབ་མི་དེ་ འབྲུག་གི་དོན་ལུ་ འགོ་དང་པ་ཨིན་ཟེར་ སླབ་ཨིན་པས།
འབྲུག་ལས་ སློབ་སྟོན་པ་༢ དང་བཅས་ སློབ་ཕྲུག་༤ གིས་ ར་ཤི་ཡ་ལུ་ མཛོག་ཁྱད་དང་ ཊའི་ཀཱོན་ཌོ་འགྲན་བསྡུར་༢ ནང་ བཅའ་མར་གཏོགས་ཡོདཔ་ད་ ཊའི་ཀཱོན་ཌོ་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ཚུ་ རྩེད་འགྲན་དང་པའི་ནང་ ཕམ་སོཔ་ཨིན་པས།
མཛོག་ཁྱད་འགྲན་བསྡུར་ནང་ རྒྱལ་ཁབ་༡༨ ལས་ མཛོག་ཁྱར་རྐྱབ་མི་བསྡོམས་༡༡༨ ཀྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
འབྲུག་རྒྱལ་ཡོངས་ཨམ་སྲུ་ཊའི་ཀཱོན་ཌོའི་ སློབ་སྟོན་པ་དང་ སྡེ་ཚན་འགོ་ཁྲིད་འབད་དེ་སོང་མི་ པདྨ་ཆོས་སྐྱིད་ཀྱིས་ འབད་བ་ཅིན་ སྐྱེས་ལོ་༡༥ ལང་མི་ འཆི་མེད་སྒྲོལ་མ་དེ་ མཐའ་བཅད་འགྲན་བསྡུར་ཆུང་བའི་ནང་ ཀ་ཛག་ཀིསི་ཊཱན་གྱིས་ ཕམ་མཏང་ཡོདཔ་ད་ ན་གཞོན་བུཚ་དབྱེ་སྡེའི་ནང་ ཡེ་ཤེས་རྡོ་རྗེ་དེ་ སྔོན་འགྲོའི་སྐོར་ཐེངས་ནང་ འགྲན་བསྡུར་འགོ་འདྲེན་འཐབ་མི་ ར་ཤི་ཡའི་ ས་ཁ་སྡེ་ཚན་ ཡ་ཀུ་ཊི་ཡ་གིས་ ཕམ་བཏང་ཡོདཔ་ཨིན་པས།
འབྲུག་ཨོ་ལིམ་པིག་ཚོགས་སྡེའི་ འགོ་འདྲེན་པ་ ཀརྨ་དཔལ་ལྡན་གྱིས་འབད་བ་ཅིན་ འབྲུག་གིས་ འཛམ་གླིང་རྒྱལ་སྤྱི་འགྲན་བསྡུར་ནང་ འབྲིང་རིམ་སྡེ་ཚན་ལས་ བཅའ་མར་གཏོགས་པར་བཏང་མི་དེ་ཡང་ འགོ་དང་པ་ཨིན་ཟེར་ཨིན་པས།
མཛོག་ཁྱད་རྐྱབ་མི་ཚུ་ ལུང་བསྟན་ཕུག་བསྟན་སྲུང་དམག་སྡེ་གཙོ་ཁང་ནང་ ལོ་ངོ་༢ ལྷགཔ་ཅིག་གི་རིང་ སྦྱོང་བརྡར་འབད་ཡི་ཟེར་ ཀརྨ་དཔལ་ལྡན་གྱིས་ བཤདཔ་ཨིན་པས།
ཨེ་ཤི་ཡ་རྒྱལ་སྤྱི་ཨ་ལུའི་ རྩེད་འགྲན་དང་པ་དེ་ དེང་སང་ཨོ་ལིམ་པིག་རྩེད་འགྲན་འགོ་བཙུགས་ཏེ་ ལོ་བརྒྱ་འཁོར་བའི་ དུསསྟོན་དང་བསྟུན་ སྤྱི་ལོ་༡༩༩༦ ལུ་ ར་ཤི་ཡའི་ཁྲོམ་སྡེ་ ཡ་ཀུ་ཊི་ཡ་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ རྩེད་འགྲན་དེ་གི་ དམིགས་དོན་གཙོ་བོ་ར་ ཨེ་ཤི་ཡ་དང་ པེ་སི་ཕིག་ལུང་ཕྱོགས་ནང་ ཨ་ལུ་ཚུ་གི་ ནག་འཁོད་ལུ་ མཉམ་འབྲེལ་དང་ མཐུན་ལམ་གོང་འཕེལ་གཏང་ཐབས་ལུ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment