གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་གིས་ སྤྱི་ལོ་༡༩༨༡ ལས་༢༠༠༧ ཚུན་གྱི་ རྩིས་རྙོགས་ཚུ་བསལ་ཡོདཔ།

༡༦/༧/༢༠༡༢   ༉ གཞུང་གིས་ སྤྱི་ལོ་༡༩༨༡ ལས་༢༠༠༦ ཚུན་གྱི་ རྩིས་རྙོགས་ཚུ་ བསལ་ཚུགས་མི་དེ་ གཞུང་གི་ གྲུབ་འབྲས་སྦོམ་ཤོས་ཅིག་ཨིན་པས།


ད་ཚུན་གྱི་རིང་ ལྷན་ཁག་དང་ རྫོང་ཁག་ དེ་ལས་ རྒེད་འོག་ཚུ་ནང་ རྩིས་རྙོགས་དང་འབྲེལ་བའི་ གནད་དོན་༤༠ ཡོད་ས་ལས་༡༩ བསལ་བ་འམ་ གནད་དོན་ཚུ་ལུ་བརྟེན་ ཆ་མེད་བཏང་ཡོདཔ་ད་ གནད་དོན་༣ ཁྲིམས་འདུན་ལུ་ཡོདཔ་ད་ གནད་དོན་༨  ཁྲིམས་འདུན་ལུ་ གཏང་ནི་དང་ གནད་དོན་༣ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ གཏང་ནི་ཨིནམ་ད་ ད་རུང་ གནད་དོན་༣  ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
དེ་ཚུའི་གྲས་ལས་ རྩིས་རྙོགས་ཉུང་ཤོས་ར་ གསར་སྤང་རྫོང་ཁག་ ཆུ་གཟར་སྒང་རྒེད་འོག་ནང་ དངུལ་ཀྲམ་༤,༧༥༦.༨༥ འབད་མི་དེ་ཨིནམ་ད་ མཐོ་ཤོས་ར་ སོ་ནམ་ལྷན་ཁག་ནང་ དངུལ་ཀྲམ་༢,༥༡༦༢༨༨.༡༡ འབད་མི་དེ་ཨིན་པས།
ད་རེས་ནངས་པ་ གཞུང་གིས་ ལོག་མ་ཐོབ་མི་ཏི་རུ་ ཡོངས་བསྡོམས་དངུལ་ཀྲམ་༥,༡༣༠,༢༢༩.༡༥ ཡོདཔ་ད་ ལོག་ཐོབ་མི་ཏི་རུ་དེ་ གནད་དོན་༢ ལས་ ཡོངས་བསྡོམས་༧༩,༦༤༢ ཨིན་པས།
དེ་ལས་ དངུལ་རྩིས་ལྷན་ཁག་འོག་གི་ དངུལ་རྩིས་དང་ རྩིས་ཞིབ་ཚོགས་ཆུང་གིས་ བསལ་བ་འམ་ བཤོལ་བཞག་འབད་མི་དེ་ གནད་དོན་༡༩ ལས་ དངུལ་ཀྲམ་༢,༨༨༥,༦༡༩.༡༠ ཐོན་མི་དེ་ཨིན་པས།
ཚོགས་ཆུང་གིས་ བཤོལ་བཞག་འབད་མི་གནད་དོན་ཚུ་ཡང་ གཞུང་གི་ མ་དངུལ་ལོག་སྤྱོད་འབད་མི་ལ་ལུ་ཅིག་ ཚེ་ལས་འདས་པ་དང་ ལ་ལུ་ཅིག་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་བ་ལ་སོགས་པའི་ དངུལ་ལོག་སྤྲོད་ནུས་པའི་ འོས་འབབ་མེད་མི་ཚུ་ཨིན་པས།
དེ་བཟུམ་སྦེ་ ད་ལྟོ་ གཞུང་གིས་ ཁྲིམས་ཀྱི་འདུན་སར་ གཏང་ནིའི་གནད་དོན་ཚུ་དང་འབྲེལ་བའི་ རྩིས་རྙོགས་དེ་ དངུལ་ཀྲམ་༡,༡༡༩,༨༩༩.༧༤ དང་ རྩོད་དཔོན་ཡོངས་ཁྱབ་ནང་ གཏང་ནིའི་གནད་དོན་ཚུ་དང་འབྲེལ་བའི་ དངུལ་བསྡོམས་དེ་ དངུལ་ཀྲམ་༣༤༡,༩༦༩.༧༠ ཨིནམ་ད་ ད་རེས་ནངས་པ་ ཁྲིམས་འདུན་གྱིས་ འཁྲུན་ཆོད་བཏོན་ནི་ རན་ཡོད་མི་དང་འབྲེལ་བའི་ གནད་དོན་ཚུ་ནང་ ཡོངས་བསྡོམས་དངུལ་ཀྲམ་༤༨༢,༧༥༥.༦༧ ཡོདཔ་ཨིན་པས།
གནད་དོན་ཚུ་གི་གྲས་ལས་ སོ་ནམ་དང་ དངུལ་རྩིས་ དེ་ལས་ ཕྱི་འབྲེལ་ལྷན་ཁག་༣ ཨིནམ་ད་ དངུལ་རྩིས་ལྷན་ཁག་ནང་ གནད་དོན་༤ དང་ ཕྱི་འབྲེལ་ལྷན་ཁག་ནང་༡ དེ་ལས་ སོ་ནམ་ལྷན་ཁག་ནང་༦ འབད་མི་དེ་ མཐོ་ཤོས་ཨིན་པས།
དེ་ལས་ དེ་ནང་ རྫོང་ཁག་༣ དང་ རྒེད་འོག་༦ ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱི་ གནད་དོན་༢ གདུང་བསམ་རྩི་ས་ལས་འགུལ་གྱི་ གནད་དོན་ཁག་༢ རྒྱལ་ཡོངས་ཨམ་སྲུ་ཚོགས་པ་གི་ གནད་དོན་༡ དང་ འབྲུག་ཨོ་ལིམ་པིག་ཚོགས་པ་གི་ གནད་དོན་༣ དེ་ལས་ མི་རྩིས་ལྷན་འཛིན་ཡིག་ཚང་གི་ གནད་དོན་༡ ཨིན་པས།
གནད་དོན་ཚུ་ ད་ཚུན་ བསལ་མ་ཚུགས་པར་ བསྣར་འགྱངས་སྦེ་ལུས་མི་དེ་ སྤྱི་ཚོགས་ཀྱི་ དམིགས་བསལ་བཀའ་རྒྱ་དང་འཁྲིལ་ སེལ་ཐབས་ཀྱི་དོན་ལུ་ ལཱ་བྱ་ཚུ་ འགོ་འདྲེན་འཐབ་ནི་འགོ་བཙུགས་ནུག།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྩིས་རྙོགས་དང་འབྲེལ་བའི་གནད་དོན་ཚུ་ འཕྲལ་མགྱོགས་ར་ བསལ་ཚུགས་པའི་རེ་བ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།


ཚེ་རིང་རྣམ་རྒྱལ།

No comments:

Post a Comment