གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདེ་སྲུང་པའི་སྦྱོང་བརྡར་ ཤོ་ཐེངས་༤ པ་ མཇུག་བསྡུ་ཡོདཔ།



༡༦/༧/༢༠༡༢   སྦྱོང་བརྡར་མཇུག་བསྡུའི་ རྟེན་འབྲེལ་བརྩི་སྲུང་ནང་ བདེ་སྲུངཔ་ཕོ་སྐྱེས་༨༠ དང་ ཨམ་སྲུ་༣༣ གྱིས་ རང་གི་སྲོག་ལུ་ཐུག་རུང་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ ཕྱག་ཞུ་ནི་ཨིན་པའི་ ཁས་བླངས་དམ་བཅའི་ མནའ་ཆུ་འཐུང་ཡི།


བདེ་སྲུངཔ་ཚུ་གིས་ ལག་པར་མནའ་ཆུ་བཟེད་དེ་ ཁས་བླངས་དམ་བཅའ་ཕུལ་བའི་བསྒང་།
༉ སྤྱི་ཟླ་༧ པའི་ཚེས་༡༤ ལུ་ དབང་འདུས་ཕོ་བྲང་ བསྟན་སྐྱོང་གླིང་དམག་སྦྱོང་ལྟེ་བའི་ཐང་ནང་ བདེ་སྲུང་ཤོ་ཐེངས་༤ པའི་ སྦྱོང་བརྡར་མཐར་འཁྱོལ་གྱི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ སྐུ་མགྲོན་གཙོ་བོ་ བརྒྱུད་འབྲེལ་བློན་པོ་ ནཱན་ད་ལཱལ་ རའེ་གིས་ བཤད་མིའི་ནང་ བདེ་སྲུང་དེ་ རྒྱལ་ཁབ་དང་ མི་སེར་གྱི་ ཉེན་སྲུང་དོན་ལུ་ཨིནམ་ལས་ ད་རིས་ སྦྱོང་བརྡར་མཐར་འཁྱོལ་མི་ སྡེ་ཚན་གྱིས་ ཐ་དམ་ཚིག་གཙོ་བོར་བཏོན་ཏེ་ ཕྱག་ཞུ་དགོ་ཟེར་ཨིན་པས།


བདེ་སྲུངཔ་ཚུ་གི་ འགན་འཁྲི་གཞན་ཡང་ སྔར་སྲོལ་ལམ་ལུགས་དང་ ཀུན་སྤྱོད་རིག་པ་ཚུ་ བདག་འཛིན་འཐབ་ཐོག་ལས་ མི་སྡེ་དང་ རྒྱལ་ཁབ་སྒྲིང་སྒྲིང་བཞག་ནི་དེ་ཨིནམ་ལས་ དུས་ནམ་ར་འབད་རུང་ སེམས་ཁར་བཞག་དགོ་ཟེར་ཨིནམ་ད་ ལཱ་ག་ཅིག་ར་འབད་རུང་ མཉམ་རུབ་ཀྱི་ཐོག་ལས་འབད་ནི་གི་ དཔེ་བཟང་པོ་སྟོན་དགོ་ཟེར་ བཤདཔ་ཨིན་པས།
ད་རེས་ ཤོ་ཐེངས་༤ པའི་ བདེ་སྲུང་པའི་སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་༡༡༣ ཡོད་མིའི་གྲས་ལས་ ཕོ་སྐྱེས་༨༠ དང་ ཨམ་སྲུ་༣༣ ཡོདཔ་ད་ བདུན་ཕྲག་༥ འབད་མི་ སྦྱོང་བརྡར་སྐབས་ ཁོང་གིས་ རང་བཞིན་དང་འབྲེལ་བའི་རྐྱེན་ངན་ ཆརཔ་དང་ རླུང་འཚུབས་ མེ་རྐྱེན་ ཆུ་རུད་ དེ་ལས་ ཁྱེགས་མཚོ་དང་འབྲེལ་བའི་ རྐྱེན་ངན་ཚུ་ལུ་ གདོང་ལེན་འབད་ནི་གི་ སྦྱོང་བརྡར་ཚུ་འབད་ཡོདཔ་མ་ཚད་ ལམ་འགྲུལ་ཉེན་སྲུང་དང་ འཛིན་སྐྱོང་འཐབ་ནིའི་སྐོར་ལས་ཡང་ སྦྱོང་བརྡར་མཐིལ་ཕྱིན་འབད་ཡོདཔ་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ གསོ་བ་དང་ ནགས་ཚལ་ ལམ་འགྲུལ་ཉེན་སྲུང་ དེ་ལས་ རྐྱེན་ངན་འཛིན་སྐྱོང་གི་ མཁས་མཆོག་ཚུ་གིས་ བྱིན་ཡོདཔ་མ་ཚད་ རྒྱལ་ཁབ་ཕྱི་ཁ་ལས་ མཁས་མཆོག་ཚུ་ཡང་འབོ་སྟེ་ གསལ་བཤད་འབད་བཅུག་ཡོདཔ་ཨིན་པས།
བདེ་སྲུང་སྦྱོང་བརྡར་གྱི་ གཙོ་འཛིན་འགོ་འདྲེན་པ་ བཀྲིས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ བདེ་སྲུངཔ་ཚུ་གིས་ དྲག་པོའི་དམག་སྦྱོང་གི་གཞི་རྩ་ དཔེ་འབད་བ་ཅིན་ ཀྲོབ་མདའ་ལག་ལེན་འཐབ་ནི་དང་ ལུས་སྦྱོང་འབད་ནི་ དེ་ལས་ རུ་སྒྲིག་འབད་ནི་ཚུ་ཡང་ དུམ་གྲ་རེ་ སྦྱང་བ་འབད་ཡི་ཟེར་ཨིནམ་ད་ མ་གཞི་ བདེ་སྲུང་གི་ འགན་འཁྲི་ངོ་མ་དེ་ རང་བཞིན་གྱི་རྐྱེན་ངན་ཚུ་ལུ་ གདོང་ལེན་འབད་ནི་དེ་ཨིན་རུང་ དམག་སྦྱོང་ཡང་ མེད་ཐབས་མེདཔ་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བདེ་སྲུང་གཞི་བཙུགས་འབད་དགོ་པའི་ དམིགས་ཡུལ་ངོ་མ་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་མི་ཚུ་གི་རྒྱུད་ལུ་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ལེགས་ཤོམ་སྦེ་ ཞུ་བཅུག་ནིའི་དོན་ལུ་ བསམ་སྤྱོད་གོང་འཕེལ་གཏང་ནིའི་ ཐུགས་བཞེད་གནང་་མི་དེ་ འགྲུབ་ཚུགས་ནིའི་དོན་ལུ་ཨིན་ཟེར་ཨིནམ་ད་ ད་རེས་ནངས་པ་ འབྲུག་མི་མང་ཤོས་ཅིག་གིས་ ཕྱིའི་ལམ་སྲོལ་ལུ་ལྟ་སྟེ་ རང་གི་རྒྱལ་ཁབ་ལུ་ ཕྱག་ཞུ་མ་ཤེས་ནི་དེ་གིས་ ཨིན་མས་ཟེར་བཤད་ཅི།
སྦྱོང་བརྡར་མཇུག་བསྡུའི་ རྟེན་འབྲེལ་མཛད་སྒོ་ནང་ བདེ་སྲུངཔ་ཚུ་གིས་ ད་ལས་ཕར་ གནས་སྟངས་ག་བཟུམ་ཅིག་འབྱུང་རུང་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ རང་གི་སྲོག་ལུ་ཐུག་རུང་ དམ་ཚིག་དཔང་བཙུགས་ཐོག་ལས་ ཕྱག་ཞུ་ནི་ཨིན་ཟེར་ དཔལ་ལྡན་འབྲུག་པའི་བཀའ་སྲུང་ ཡེ་ཤེས་མགོན་པོ་ དཔང་དུ་བཙུགས་ཏེ་ ཁས་བླངས་དམ་བཅའི་ མནའ་ཆུ་འཐུང་ཡི།
དེ་གི་ཤུལ་ལས་ སྐུ་མགྲོན་གཙོ་གིས་ བདེ་སྲུངཔ་ཚུ་ལུ་ སྦྱོང་བརྡར་མཐར་འཁྱོལ་གྱི་ ལག་ཁྱེར་ཚུ་ བྱིན་ཡོདཔ་ད་ དེ་བསྒང་ སྦྱོང་བརྡར་འབད་མིའི་ ཕམ་དང་ སྤུན་ཆ་ དེ་ལས་ ཉེ་ཚན་བརྒྱ་ལས་བཅད་དེ་འཛོམས་ཡི།
བདེ་སྲུང་གི་ སྦྱོང་བརྡར་དེ་ སྤྱི་ལོ་༢༠༡༡ གི་ ཟླཝ་༢ པ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ཚུན་གྱི་རིང་ མི་གྲངས་༤༦༨ ལུ་ སྦྱོང་བརྡར་བྱིན་ཡོད་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment