གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཙུག་ལག་ཤེས་ཚད་མཐར་འཁྱོལ་དུས་སྟོན་ནང་ ལག་ཁྱེར་དང་ རྟགས་མ་ཚུ་གནང་ཡོདཔ།

དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་གིས་ ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ ལག་ཁྱེར་གནང་པའི་བསྒང་།
༡༦/༧/༢༠༡༢   ༉ ཁ་ཙ་ སེམས་རྟོགས་ཁ་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ནང་སྦེ་ གཙུག་ལག་ཤེས་ཚད་མཐར་འཁྱོལ་བའི་དུས་སྟོན་ཐེངས་༡༦ པ་བརྩི་སྲུང་གི་ཉིནམ་ལུ་ མཐར་འཁྱོལ་ལག་ཁྱེར་གནངམ་དང་འབྲེལ་ ལེགས་བཤདཔ་དྲག་ཤོས་དང་ གཙུག་ལག་ཤེས་ཚད་ དེ་ལས་ གཙུག་ལག་འོག་མའི་ཤེས་ཚད་ཅན་ དྲག་ཤོས་ཐོན་མི་ཚུ་ལུ་ གཟེངས་བསྟོད་རྟགས་མ་ཚུ་ཡང་ གནང་ཡོདཔ་ཨིན་པས།


སྤྱི་ལོ་༢༠༡༡ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་ནང་ལས་མཐར་འཁྱོལ་བའི་ཁར་ མི་སྡེ་བདག་སྐྱོང་གཙུག་ལག་ཤེས་ཚད་སྦྱོང་བརྡར་ནང་ལས་ མཐར་འཁྱོལ་མི་༣༧ དང་ རྒྱལ་ཡོངས་ཁྲིམས་དོན་གཙུག་ལག་ཤེས་ཚད་མཐར་འཁྱོལ་མི་༢༢ དངུལ་འབྲེལ་འཛིན་སྐྱོང་ནང་ལས་ མཐར་འཁྱོལ་མི་༣༨ དེ་ལས་ གཙུག་ལག་འོག་མའི་ཤེས་ཚད་ནང་ སྦྱོང་བརྡར་པ་༧༠ འབདཝ་ད་ ཡོངས་བསྡོམས་༡༧༠ ལྷགཔ་ཅིག་ལུ་ ལག་ཁྱེར་ཚུ་གནང་ཡོདཔ་ཨིན་པས།
ལོ་གཅིག་གི་ ལེགས་བཤད་པ་དྲག་ཤོས་དེ་ མི་སྡེ་བདག་སྐྱོང་གཙུག་ལག་ལས་ ཨིན་ད་ར་མཱན་ ཆེ་ཏི་རི་གིས་ ཐོན་ཡོདཔ་ད་ མི་སྡེ་བདག་སྐྱོང་གཙུག་ལག་ཤེས་ཚད་སྦྱོང་བརྡར་པ་༣༧ ཡོད་མི་ལས་ དྲག་ཤོས་ཀྱི་གསོལ་རས་དེ་ མེ་ཏོག་སྒྲོལ་མ་གིས་ཐོབ་པའི་ཁར་ རྒྱལ་ཡོངས་ཁྲིམས་དོན་སློབ་སྦྱོང་པ་༢༢ ལས་ མཐོང་རྗེས་གིས་ དྲག་ཤོས་ཀྱི་གསོལ་རས་ ལེན་ཡོདཔ་མ་ཚད་ དངུལ་འབྲེལ་འཛིན་སྐྱོང་གཙུག་ལག་སྦྱོང་བརྡར་མཐར་འཁྱོལ་མི་༣༨ ལས་ འཇམ་དབྱངས་རྒྱལ་མཚན་གྱིས་ དྲག་ཤོས་ཀྱི་གསོལ་རས་ ཐོབ་ཡོདཔ་ཨིན་པས།
གཙུག་ལག་འོག་མའི་ཁྲིམས་དོན་ལས་རིམ་ནང་ སྦྱོང་བརྡར་བ་༣༠ ཡོད་ས་ལས་ བསོད་ནམས་བསྟན་འཛིན་གྱིས་ དྲག་ཤོས་གསོལ་རས་ཐོབ་ཡོདཔ་ད་ བརྡ་དོན་འཛིན་སྐྱོང་པ་༢༧ གྱི་གྲས་ལས་ ཕུན་ཚོགས་དབང་འདུས་ དེ་ལས་ དངུལ་འབྲེལ་འཛིན་སྐྱོང་ནང་༢༩ འི་གྲས་ལས་ དི་པཱ་ ཌར་ལཱ་མཱི་གིས་ དྲག་ཤོས་ཀྱི་གསོལ་རས་ཚུ་ ཐོབ་ཡོདཔ་ཨིན་པས།
དུས་སྟོན་བརྩི་སྲུང་ནང་ སྐུ་མགྲོན་གཙོ་བོ་ དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་ བྱོན་ཡོདཔ་ད་ དངུལ་རྩིས་བློན་པོ་གིས་ གསུང་བཤད་གནང་མིའི་ནང་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ལས་ གཙུག་ལག་ཤེས་ཚད་ཀྱི་ སྦྱོང་བརྡར་འབད་དེ་ གཞུང་དང་མི་སེར་ལུ་ ཕྱག་ཕྱིད་ཞབས་ཏོག་གང་དྲག་ཞུ་དོ་ཡོདཔ་མ་ཚད་ ཞི་གཡོག་ནང་ཡང་ གོ་གནས་སྦོམ་གྱི་ ལཱ་འགན་འབག་མི་ཚུ་ཡོད་ཟེར་ཨིན་པས།
སྦྱོང་བརྡར་མཇུག་བསྡུ་ཞིནམ་ལས་ གཞུང་དང་མི་སེར་ལུ་ ཕྱག་ཞུ་བའི་སྐབས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དུམ་གྲ་རེ་འབྱུང་སྲིད་ནི་ཨིནམ་ལས་ དེ་ལུ་ རྩ་འགེངས་ཏེ་ བརྩོན་ཤུགས་ཐེབས་བསྐྱེད་ཐོག་ལས་ ཕྱག་ཞུ་ནིའི་སེམས་ཤུགས་བསྐྱེད་དགོཔ་མ་གཏོགས་ གདོང་ལེན་འདི་ལུ་བློ་ཕམ་འབྱུང་སྟེ་ དགོངས་ཞུ་འབད་ནི་མི་འོང་ཟེར་ སླབ་པའི་ཁར་ དཀའ་ངལ་གྱི་དོ་འགྲན་ཚུ་བྱུངམ་ད་ ཧེང་སྐལ་ར་ དོ་འགྲན་ཅན་གྱི་གནས་སྟངས་ནང་ ཐབས་བྱུས་དང་ ཐབས་རིག་ཚུ་ ག་དེ་སྦེ་ བཏོན་པ་ཅིན་ དྲག་ནི་ཨིན་ན་མནོ་བའི་ བློ་སྤོབས་བསྐྱེད་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
མི་སྡེ་འཛིན་སྐྱོང་གཙུག་ལག་མཐར་འཁྱོལ་མི་ཚུ་གིས་ འགན་ཁུར་ཐེབས་འབག་ཐོག་ལས་ མི་དབང་ཡབ་སྲས་གཉིས་ཀྱིས་ གནང་མི་ དམངས་གཙོའི་རིང་ལུགས་ཀྱི་སྐོར་ལས་ མི་སྡེ་དང་ ན་གཞོན་ཚུ་ལུ་ ཡོན་ཏན་དང་ བསླབ་བྱ་ ཁ་བཀོད་ དེ་ལས་ རིག་རྩལ་ཚུ་ བྱིན་དགོ་ཟེར་གསུངས་ཡི།
རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ འཛིན་སྐྱོང་མདོ་ཆེན་གྱིས་ གསལ་བཤད་འབད་མི་དང་འཁྲིལཝ་ད་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ གཞི་བཙུགས་འབད་དེ་ ལོ་༢༦ གི་ནང་འཁོད་ལུ་ གཙུག་ལག་གི་སྦྱོང་བརྡར་འབད་མི་དང་ གཙུག་ལག་འོག་མའི་སྦྱོང་བརྡར་འབད་མི་ཚུ་གིས་ གཞུང་དང་མི་སེར་ལུ་ ཕན་ཐོགས་སྦོམ་བྱུང་ཡོདཔ་ལས་ རྒྱལ་སྤྱི་འཛམ་གླིང་རྒྱལ་ཁབ་ཚུ་ལས་ གཟེངས་བསྟོད་ཀྱི་རྟགས་མ་ཡང་ ཚར་༣ ཐོབ་ཅི་ཟེར་ཨིན་པས།
སྦྱོང་བརྡར་འབད་ཚར་མི་ཚུ་གིས་ཡང་ གཞུང་ལུ་ རྩ་བ་༣ ལུ་ ཐ་དམ་ཚིག་དཔང་དུ་བཙུགས་ཏེ་ ད་ལས་ཕར་ ཕྱག་ཕྱིད་གང་དྲག་ཞུ་དགོཔ་གལ་ཆེ་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment