གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱགས་སྙིགས་འདེགས་སའི་ཧོད་ཚུ་ བགོ་བཀྲམ་འབད་ཡོདཔ།

༡༦/༧/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ ལུང་བསྟན་ཟམ་པ་ འབྲིང་རིམ་སློབ་གྲྭ་བར་མའི་ནང་སྦེ་ རང་བཞིན་གནས་སྟངས་ཀྱི་དོན་ལུ་ གཙོ་བོར་བཏོན་མི་ ལས་སྡེ་ཚུ་གིས་ ཐིམ་ཕུའི་གླ་འཁོར་དང་ ཁྲོམ་སྡེའི་འགྲུལ་སྐྱེལ་བཱསི་ཚུ་ལུ་ ཕྱགས་སྙིགས་འདེགས་སའི་ཧོད་ བཱེག་ཚུ་ བགོ་བཀྲམ་འབད་ཡི།


འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕྱགས་སྙིགས་འདེགས་སའི་ཧོད་ཚུ་ བགོ་བཀྲམ་འབད་དགོ་མི་དེ་ཡང་ གཙོ་བོ་ར་ ཐིམ་ཕུ་ཁྲོམ་ཁར་ ཕྱགས་སྙིགས་ཀྱི་དཀའ་ངལ་ མར་ཕབ་རྐྱབ་ནི་ལུ་ དམིགས་ཏེ་ཨིནམ་ད་ དཀའ་ངལ་དེ་ བསལ་ནིའི་དོན་ལུ་ ཁྲོམ་སྡེ་རྐྱངམ་གཅིག་ལུ་ བསྒུག་སྡོད་ནི་ མི་འོང་ཟེར་ཨིན་པས།
ཁྲོམ་ཁར་ ཕྱགས་སྙིགས་ཀྱི་ དཀའ་ངལ་བྱུང་དགོ་པའི་ གནད་དོན་ཅིག་ སྣུམ་འཁོར་ནང་ འགྲོ་འགྲུལ་འབད་མི་ཚུ་ལུ་བརྟེན་ཏེ་ བྱུང་དོ་ཡོདཔ་ད་ དེ་བཟུམ་མའི་ ཐབས་ལམ་དེ་ཡང་ སོ་ནམ་བློན་པོ་གིས་ བཏོན་ཡོདཔ་ཨིན་པས།
རྒྱལ་གཞུང་རང་བཞིན་གནས་སྟངས་སྲུང་སྐྱོབ་ཚོགས་སྡེ་ལས་ ཤེས་ཡོན་དང་ གོ་བརྡའི་ལས་རིམ་འགོ་འདྲེན་པ་ ཨོ་རྒྱན་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ཁྲོམ་སྡེ་ནང་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནིའི་དོན་ལུ་ སྲིད་བྱུས་དང་ མཐུན་རྐྱེན་ དེ་ལས་ ཤེས་ཡོན་ཚུ་ ལེགས་ཤོམ་སྦེ་ བྱིན་དགོཔ་ཡོད་མི་དང་བསྟུན་ ལམ་ལུགས་དེ་ འགོ་འདྲེན་འཐབ་ཨིན་ཟེར་ཨིན་པས།
བགོ་བཀྲམ་འབད་མི་ ཕྱགས་སྙིགས་ཀྱི་ཧོད་ཚུ་ ཆུང་སུ་སྦེ་ཡོདཔ་ལས་ སྣུམ་འཁོར་གུ་དཔྱངས་ཏེ་ འབག་བཏུབ་ལས་ སྣུམ་འཁོར་ཚུ་ནང་ འགྲོ་འགྲུལ་འཐབ་མི་ འགྲུལ་པ་ཚུ་གིས་ ཕྱགས་སྙིགས་ཚུ་ ཧོད་དེ་ནང་ བཀོ་དགོཔ་ཨིནམ་ད་ ཧོད་ཚུ་གངམ་ད་ དེད་གཡོགཔ་ཚུ་གིས་ ངོས་འཛིན་ཅན་གྱི་ ས་ཁོངས་ནང་ བླུགས་བཞག་དགོཔ་ཨིན་པས།
སྔོ་ལྗང་ལྡན་པའི་ སྐྱེལ་འདྲེན་གྱི་ལས་འགུལ་དེ་ ད་རེས་ མོ་བཏབ་བཟུམ་ཅིག་ཨིནམ་ད་ འགྲོས་ཀྱིས་སྦེ་ རྫོང་ཁག་གཞན་ཚུ་ནང་ཡང་ འགོ་འདྲེན་འཐབ་ནི་ཨིན་ཟེར་ ཨོ་རྒྱན་ལྷུན་གྲུབ་ཀྱིས་ སླབ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱི་ རྒྱབ་སྐྱོར་ཐོག་ལས་ ཕྱགས་སྙིགས་བཀོ་སའི་ཧོད་ཚུ་ ས་ཁོངས་༣ ནང་ གཞི་བཙུགས་འབད་དེ་ཡོདཔ་ད་ དེ་ཡང་ ལུང་བསྟན་ཟམ་པ་ ས་སྣུམ་བཀྲམ་སྤེལ་གྱི་ ཉེ་འདབས་ལུ་ གླ་འཁོར་བཞག་ས་ལུ་༡ དང་ ལུང་བསྟན་ཟམ་པའི་ ཉེ་འདབས་ལུ་ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ ཡིག་ཚང་སྦོ་ལོགས་ཁར་༡ དེ་ལས་ གཞན་མི་དེ་ ད་རེས་ཀྱི་ ཁྲོམ་སྡེའི་ འགྲུལ་སྐྱེལ་བཱསི་བཞག་སའི་ ས་ཁོངས་ནང་ ཡོདཔ་ཨིན་པས།
ལས་འགུལ་དེ་ནང་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་དང་གཅིག་ཁར་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་ ཁྲིམས་སྲུང་འགག་པའི་སྣུམ་འཁོར་བརྡ་སྟོན་སྡེ་ཚན་ གླ་འཁོར་ཚོགས་པ་ དེ་ལས་ ཁྲོམ་སྡེའི་མི་མང་སྐྱེལ་འདྲེན་ཡིག་ཚུ་གིས་ མཉམ་རུབ་ཐོག་ལས་ ལཱ་འབད་དོ་ཡོདཔ་ཨིན་པས།
ཁ་ཙ་ གཟའ་ཟླ་བ་ལུ་ ཕྱགས་སྙིགས་འདེགས་སའི་ཧོད་༣,༠༠༠ དེ་ཅིག་ བགོ་བཀྲམ་འབད་ཡོད་པའི་གནས་ཚུལ།


ཉི་མ་དབང་འདུས།


No comments:

Post a Comment