གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགར་ས་ལུ་ ཆུ་རུད་ཀྱིས་ གནོད་སྐྱོན་རྐྱབ་མིའི་ འགོ་ཐོག་སྙན་ཞུ་ཕུལ་ཡོདཔ།

༡༦/༧/༢༠༡༢   ཆརཔ་རྒྱུན་ཆད་མེད་པར་ རྐྱབ་མི་ལུ་བརྟེན་ ཉམས་བཅོས་ཀྱི་ལཱ་ལུ་ བར་ཆད་རྐྱབ་དོ་ཡོདཔ་ཨིན་པས།

ཆུ་རུད་ཀྱིས་ མེདཔ་བཏང་མི་བྱཱ་ཞིང་ཚུ།
 ༉ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ མགར་ས་རྫོང་ཁག་ནང་ ཆུ་རུད་ལུ་བརྟེན་ ས་གནས་ཁག་ཚུ་ནང་ གནོད་རྐྱེན་སྦོམ་རྐྱབ་ཡོད་པའི་ འགོ་ཐོག་གི་ སྙན་ཞུ་ཚུ་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་བདག་སྐྱོང་གིས་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ལུ་ ཕུལ་ཡོདཔ་ཨིན་པས།
ས་རུད་ཆད་དེ་ མེདཔ་བཏང་མི་ནོར་ཁྱིམ།

ས་རུད་ཀྱིས་ མེདཔ་བཏང་མི་ སོ་ནམ་ཞིང་ལམ།

རྐྱེན་ངན་དེ་གིས་ སྤུ་ན་ཁ་དང་ མགར་སའི་ གཞུང་ལམ་ཁག་ཚུ་རྩིསཝ་ད་ ཀི་ལོ་མི་ཊར་ལས་བཅད་དེ་ འཕྱགས་བདའ་ཡོདཔ་མ་ཚད་ སྣུམ་འཁོར་ཟམ་༢ དང་ སྤྲིངས་ཟམ་ཅིག་ འཕྱགས་འབག་པའི་ཁར་ ཁ་སྨད་རྒེད་འོག་ནང་ ཆུ་ཞིང་དང་སྐམ་ཞིང་ ལོ་ཐོག་དང་ཤིང་འབྲས་ཀྱི་ཤིང་ ཆུ་གཡུར་དང་འཐུང་ཆུ་ ཞིང་ལམ་ཁག་༢ སྡོད་ཁྱིམ་ དེ་ལས་ སྒོ་ནོར་དང་ སྒོ་ནོར་བཞག་ཁྱིམ་ཚུ་ལུ་ གནོད་རྐྱེན་རྐྱབ་ཡོདཔ་ཨིན་པས།
རྐྱེན་ངན་དེ་གིས་ འདམ་སྦྱིས་གཡུས་ཚན་ནང་ ཁྱིམ་གུང་༤༨ ཀྱི་ ཆུ་ཞིང་བསྡོམས་ཀྱིས་ ཨེ་ཀར་༡༡.༨༧ མེདཔ་བཏང་བའི་ཁར་ སྐམ་ཞིང་ཨེ་ཀར་༥.༡ མེདཔ་བཏང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བྱཱ་ཞིང་ཨེ་ཀར་༡༡.༧༡ དང་ ཀེ་བའི་ཞིང་ཨེ་ཀར་༡.༡༨ གླི་ཤིང་༤ ཁམ་ཤིང་༡༦ དེ་ལས་ ཨེ་པཱལ་དང་ སྟར་ཤིང་ཚུ་  ར་འབལ་བཏང་ཡོདཔ་ཨིན་པས།
ཆུ་རུད་དེ་གིས་ ས་གནས་ཁག་༡༥ ནང་ ཁྱིམ་གུང་༣༦༤ ལུ་ ཕན་ཐོགས་པའི་ཆུ་གཡུར་དང་ བར་ཤ་དང་ ཇ་སྦིས་ས་གཡུས་ཚན་༢ ཀྱི་ སོ་ནམ་ཞིང་ལམ་ཁག་༢ ཁྱིམ་གུང་༣༠ དང་ སློབ་གྲྭ་ རྒེད་འོག་ཡིག་ཚང་ཚུ་ལུ་ཕན་ཐོགས་མི་ འཐུང་ཆུའི་རྐ་༩ ལུ་ གནོད་པ་རྐྱབ་ཡོདཔ་ཨིན་པས།
དགའ་ཐལ་ནང་གཡུས་ཚན་ནང་ ཐོག་ཚད་༢ འབད་མི་ རང་ལུགས་ཀྱི་ཁྱིམ་ཅིག་དང་ ས་ཁོངས་ཚུ་ནང་ གས་འགྲམ་ལེ་ཤ་བཏོན་ཡོདཔ་ད་ ད་རུང་ སི་སི་བཱ་ར་གཡུས་ཚན་ནང་ ཐོག་ཚད་༢ འབད་མི་ཁྱིམ་ཅིག་གི་ མི་ཊར་༢༠༠ དེ་ཅིག་གི་ལྟག་ལས་ གས་འགྲམ་སྦོམ་ཐོན་ཏེ་ཡོདཔ་ལས་ ཉེན་ཁའི་གནས་སྟངས་ནང་ ཡོདཔ་ཨིན་པས།
དེ་ལས་ འདམ་སྦྱིས་གཡུས་ཚན་ནང་ ལོ་ཕྱེད་དང་༢ ལང་མི་ བོའུ་ཅུང་ཅིག་དང་ གཏན་འཇགས་ཀྱི་ སྒོ་ནོར་བཞག་ཁང་༢ འཕྱགས་བདའ་ཡོདཔ་ཨིན་པས།
ཆུ་རུད་ཀྱིས་ ཁ་སྟོད་རྒེད་འོག་ནང་ གློག་མེའི་ཀཝ་མེདཔ་བཏང་མི་ལུ་བརྟེན་ ཁྱིམ་གུང་མང་ཤོས་ཅིག་ལུ་ གློག་མེའི་མཐུན་རྐྱེན་མེད་པར་ སྡོད་མི་དེ་ སྤྱི་ཟླ་༧ པ་ འགོ་བཙུགས་ཁམས་ལུ་ ལོག་ཉམས་བཅོས་འབད་ཚུགས་ནི་དེ་གིས་ ཁྱིམ་གུང་ཚུ་ གནག་དུང་ནང་ ལུས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྫོང་ཁག་འགོ་དཔོན་གིས་ སླབ་མི་དང་འཁྲིལཝ་ད་ འཐུང་ཆུའི་ཐད་ཁར་ གནས་སྐབས་ཀྱི་དོན་ལུ་ ཉམས་བཅོས་འབད་ཡི་ཟེར་ཨིན་པས།
གཞུང་ལམ་ཁའི་ ས་གནས་ཁག་མང་ཤོས་ནང་ རུད་ཆད་དེ་ བསུབས་ཡོད་མི་ཚུ་ ད་རེས་ནངས་པ་ ལམ་སེལ་ལས་ཁུངས་ཀྱིས་ ས་རྐོ་འཕྲུལ་ཆས་ཚུ་བཙུགས་ཏེ་ སེལ་བའི་བསྒང་ཡོད་རུང་ དུས་རྒྱུན་དུ་ ཆརཔ་རྐྱབ་མི་ལུ་བརྟེན་ ས་རུད་ཆད་དེ་ར་ སྡོད་མི་དེ་གིས་ གྲུབ་འབྲས་ལེགས་ཤོམ་འཐོན་ནི་ལུ་ བར་ཆད་རྐྱབ་དོ་ཡོདཔ་ཨིན་པས།
འདམ་སྦྱིས་ལུ་སྡོད་མི་ ལམ་སེལ་ལས་ཁུངས་ཀྱི་ བཀོད་ཁྱབ་བཟོ་རིག་འགོ་དཔོན་འོགམ་ དཔལ་ལྡན་དབང་ཕྱུག་གིས་ སླབ་མིའི་ནང་ ད་ལྟོ་ ཆུ་གིས་འཕྱགས་འབག་མི་ འགོ་ཐོག་གི་ ཟམ་གྱི་ས་ཁོངས་ནང་ ཟུར་ལམ་ཅིག་བསལ་ཚར་ཏེ་ ཟམ་༢ པའི་ སྦོ་ལོགས་ཁར་ཚུན་ བསལ་ཚར་ཡོད་རུང་ ཆརཔ་རྐྱབ་མི་ལུ་བརྟེན་ ལོག་ཆད་ནི་དེ་གིས་ ལོག་སྟེ་ར་ སེལ་བའི་བསྒང་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཟམ་རྐྱབ་ནིའི་ཐད་ཁར་ འགོ་ཐོག་གི་ ཟམ་གྱི་འགྱམ་རྐོཝ་ཅིག་ ས་ཆད་དེ་ བར་ཆད་རྐྱབ་ནི་དེ་གིས་ ལཱ་གི་གྲུབ་འབྲས་ལུ་ ཐོ་ཕོགཔ་ལས་ ནམ་བསལ་ཚར་འོང་ག་ ད་ལྟོ་ སླབ་མི་ཤེས་པས་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།

No comments:

Post a Comment