གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ཊའི་གླིང་གི་ ཐགས་ལས་རིག་འཕེལ་ལྟེ་བ་ སྒོ་བསྡམས་ཡོདཔ།



༡༦/༧/༢༠༡༢   མ་དངུལ་མེད་མི་ལུ་བརྟེན་ ཉིན་འཐུས་སྤྲོད་མ་ཚུགསཔ་ལས་ གྲོང་གསེབ་ཨམ་སྲུ་ཚུ་གིས་ ཐགས་ལས་སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་བཏུབ་དོ་ཡོདཔ་ཨིན་པས།


སྒོ་བསྡམས་དགོཔ་བྱུང་མི་ མོང་སྒར་ཊའི་གླིང་གི་ ཐགས་ལས་རིག་འཕེལ་ལྟེ་བ།
༉ ན་ཧིང་ སྤྱི་ཟླ་༣ པ་ལས་ མོང་སྒར་ཊའི་གླིང་ལུ་ ཐགས་ལས་རིག་འཕེལ་ལྟེ་བ་ཟེར་ རྒྱ་གར་ཨ་སཱམ་ལུ་ ཐགས་ལཱ་ལུ་ ཤུགས་བཏོན་མི་ མེ་ཅི་གི་ ཐགས་ཆས་ཁང་ཅིག་ གཞི་བཙུགས་འབད་མི་དེ་ནང་ མོང་སྒར་རྫོང་ཁག་ལས་ ཨམ་སྲུ་༤༠ ལྷགཔ་ཅིག་གིས་ ཐགས་ལས་སྦྱོང་བརྡར་འབད་བའི་ཤུལ་ལུ་ ད་རེས་འབདཝ་ད་ ཐགས་ལས་ཁང་དེ་ ལག་ལེན་འཐབ་མ་ཚུགས་པར་ ལོ་ལང་དོ་ཡོདཔ་ཨིན་པས།


འདེམས་ཁོངས་གནང་བྱིན་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ དངུལ་ཀྲམ་༤༠༠,༠༠༠ དེ་ཅིག་ ཟད་འགྲོ་བཏང་སྟེ་ གྲོང་གསེབ་ནང་གྱི་ ཨམ་སྲུ་ཚུ་ལུ་ ཐགས་ལས་ཀྱི་ སྦྱོང་བརྡར་བྱིན་དགོ་མི་དེ་ཡང་ གྲོང་གསེབ་ཀྱི་ ཨམ་སྲུ་ཚུ་ ཐགས་ལཱ་ལུ་བརྟེན་ཏེ་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་དང་ འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་ནིའི་དོན་ལུ་ཨིན་པས།
ཨིན་རུང་ ད་རེས་འབདཝ་ད་ རིག་འཕེལ་ལྟེ་བ་ཟེར་མི་ ཐགས་རིགས་ལྟེ་བ་དེ་ རྒྱུན་སྐྱོང་ཐབས་ནིའི་ ཟད་འགྲོ་མེདཔ་ལས་བརྟེན་ བྱ་ཐབས་མེད་པར་ སྒོ་བསྡམས་བཞག་དགོཔ་ཐོན་ཡོདཔ་ད་ དེ་ཡང་ གྲོང་གསེབ་ཀྱི་ ཨམ་སྲུ་ཚུ་གིས་ སྦྱོང་བརྡར་ནང་ བཅའ་མར་གཏོགས་པའི་སྐབས་ལུ་ ཉིན་བསྟར་བཞིན་དུ་ ཉིན་འཐུས་དངུལ་ཀྲམ་༡༠༠ རེ་ སྤྲོད་དགོ་མི་དེ་ ལང་མ་ཚུགས་མི་ལུ་བརྟེན་ ལུས་སོ་ཡི་ཟེར་ གྲོང་གསེབ་ཨམ་སྲུ་ཚོགས་པའི་ཁྲི་འཛིན་ ཨམ་ཆོས་སྐྱིད་ཀྱིས་ སླབ་ཨིན་པས།
མེ་ཅི་གི་ ཐགས་ཆས་༡༤ དེ་ཅིག་ཡོད་མི་ ཐགས་ལས་ཁང་དེ་གིས་ ཟླཝ་༤ དེ་ཅིག་གི་རིང་ སྦྱོང་བརྡར་བྱིན་མི་དེ་ སྡེ་ཚན་ཁག་༣  སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ ཨམ་སྲུ་ཚུ་གིས་ སྦྱོང་བརྡར་གྱི་སྐབས་ལུ་ ཐགས་མི་དཀྱི་ར་དང་ ཐགས་རས་ཚུ་ ད་ལྟོ་ ཕུད་རྡོག་གཅིག་ཡང་ བཙོང་མ་ཚུགས་པར་ཡོད་ཟེར་ གྲོང་གསེབ་ཨམ་སྲུ་ཚོགས་པའི་ཁྲི་འཛིན་གྱིས་ སླབ་ཨིན་པས།
མོ་གིས་ སླབ་མིའི་ནང་ གྲོང་གསེབ་ཀྱི་ ཨམ་སྲུ་ཚུ་གིས་ ད་ལྟོ་ དེ་འཕྲོ་ལས་ར་ འོང་འབབ་བཟོ་མ་ཚུགས་རུང་ རྩ་འགེངས་ཏེ་ སྦྱོང་བརྡར་འབད་བ་ཅིན་ མེ་ཅི་གི་ ཐགས་ལཱ་དེ་ རང་ལུགས་ཀྱི་ སྤང་ཐགས་དང་ཕྱདཔ་ད་ འཇམ་ཏོང་ཏོ་ཡོདཔ་ལས་ མ་འོངས་པ་ལུ་ འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་ནི་ཨིན་རུང་ ཨམ་སྲུ་ཚུ་གིས་ ད་ལྟོ་ ཉིན་བསྟར་གྱི་ ཐོབ་ལམ་ཅིག་ལུ་ལྟ་སྟེ་ སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་བཏུབ་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ མོང་སྒར་རྫོང་བདག་ ཤེས་རབ་བསྟན་འཛིན་གྱིས་ སླབ་མིའི་ནང་ རིག་འཕེལ་ལྟེ་བ་དེ་ སྒོ་ཕྱེ་དགོ་མི་དེ་ཡང་ གཙོ་བོ་ར་ གྲོང་གསེབ་ནང་སྡོད་མི་ ཨམ་སྲུ་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནིའི་དོན་ལུ་ཨིནམ་ད་ ཨམ་སྲུ་ཚུ་གིས་ མེ་ཅི་གི་ ཐགས་འཐག་ཐོག་ལས་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་པའི་ གོ་སྐབས་ཡོད་ཟེར་ཨིན་པས།
རྫོང་བདག་གིས་ སླབ་མིའི་ནང་ གཡུས་སྒོ་ལ་ལུ་ཅིག་ནང་ ཨམ་སྲུ་ཚུ་ མེ་ཅི་གི་ ཐགས་འཐག་ནི་ལུ་ སྤྲོ་བ་དང་ དང་འདོད་སྦོམ་འདུག་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ མོང་སྒར་རྫོང་ཁག་ ཙ་ཀ་གླིང་དང་ སྔ་ཚང་རྒེད་འོག་ནང་ མེ་ཅི་གི་ ཐགས་འཐག་ནིའི་དོན་ལུ་ ལྟེ་བ་ལས་ ཐགས་ཆས་རེ་གཉིས་ བྱིན་ཏེ་ཡོདཔ་ལས་ ད་རེས་ནངས་པ་ སོ་ནམ་གྱི་ལཱ་ལུ་བརྟེན་ ཤུགས་བཏོན་མ་ཚུགས་རུང་ དུས་ཚོད་གཞན་ཚུ་ནང་ གོ་སྐོབས་སྦོམ་སྦེ་ར་ ལེནམ་མས་ཟེར་ཨིན་པས།
ཨིན་རུང་ སྤྲོ་བ་ཡོད་མི་ཚུ་ལུ་ ན་ཧིང་ལས་ སྦྱོང་བརྡར་ཐོབ་ཚར་མི་ཚུ་གིས་ སྦྱང་བ་བྱིན་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment