གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེ་བཀྲམ་སྤེལ་ འཕྲལ་མགྱོགས་ར་ ལོག་འཐོབ་ཚུགས་པའི་རེ་བ།

འཕྲལ་ཁམས་ཅིག་ཁར་ མགར་ས་ལུ་ཐོན་མི་ཆུ་རུད།
 ༣/༧/༢༠༡༢། ༉ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ མགར་ས་རྫོང་ཁག་ནང་ ཆུ་རུད་ལུ་བརྟེན་ ས་གནས་ཁག་༢ ནང་ གློག་མེའི་ཀཝ་ མང་ཤོས་ར་ ཆུ་གིས་ འཕྱགས་བདའ་བའི་ཤུལ་ལུ་ ཁྱིམ་གུང་མང་ཤོས་ཅིག་ལུ་ གློག་མེའི་མཐུན་རྐྱེན་མེད་པར་ ཉིནམ་༡༠ ལྷགཔ་ཅིག་ ལང་ཡོདཔ་ཨིན་རུང་ འཕྲལ་མགྱོགས་ར་ ལོག་འཐོབ་ཚུགས་ནི་བཟུམ་ཅིག་ ཡོདཔ་ཨིན་པས།

རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ཟླ་༧ པའི་ཚེས་༡ ལུ་ དགོན་སྡེ་སྒང་ལུ་ གློག་མེའི་ཀཝ་༢ ཆུ་གིས་ འཕྱགས་བདའ་མི་དེ་ ལོག་ལྷོངས་ཡོདཔ་མ་ཚད་ གློག་ཐག་ཚུ་ཡང་ སྤྲིངས་ཡོདཔ་ད་ ད་རུང་ ས་གནས་དགའ་ཐལ་ནང་ལུ་ཡང་ གློག་མེའི་ཀཝ་ཚུ་ མང་ཤོས་ར་ ས་ཁར་བརྡབས་བཏང་ཡོད་མི་དེ་ ཧ་ལམ་ ལྷོངས་ཚར་ནི་དེ་གིས་ ཉིནམ་དག་པ་ཅིག་ནང་ར་ གློག་མེ་བཀྲམ་སྤེལ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ མགར་ས་རྫོང་བདག་ བསོད་ནམས་འཇིགས་མེད་ཀྱིས་ བཤད་ཅི།
ཆུ་རུད་ལུ་བརྟེན་ གློག་མེའི་ཀཝ་ཚུ་ མེདཔ་བཏང་མི་ལུ་བརྟེན་ ད་ལྟོ་ཚུན་ མགར་ས་རྫོང་ཁག་ ཁ་སྟོད་རྒེད་འོག་དང་ ཁ་སྨད་རྒེད་འོག་ དེ་ལས་ འདམ་སྦྱིས་གཡུས་ཚན་ཚུ་ནང་ གློག་མེ་མེད་པར་ སྡོད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྐྱེན་ངན་དེ་གིས་ ཟམ་དང་ སྣུམ་འཁོར་ལམ་ ཆུ་གཡུར་ བྱཱ་གི་ལྕངམ་ཚུ་ ཆ་མཉམ་ར་ འཕྱགས་བདའ་ཡོདཔ་མ་ཚད་ ས་གནས་ཁག་མང་ཤོས་ཅིག་ནང་ ལམ་བསུབས་ཡོདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ སྤུ་ན་ཁ་དང་ མགར་སའི་ལམ་ཁར་ འགོ་ཐོག་བསུབས་མི་ ས་གནས་ཀ་སྦིས་ནང་ལུ་ འཁོར་ལམ་མི་ཊར་༡༥༠ དེ་ཅིག་ ཆད་ཡོད་མི་དེ་ བསལ་ཚར་བའི་ཤུལ་ལུ་ ལམ་སེལ་འཕྲུལ་ཆས་༡ ཆུ་གིས་འཕྱགས་བདའ་མི་ འགོ་ཐོག་གི་ ཟམ་གྱི་རྩ་བ་དང་༢ ཟམ་བརྒལ་ཏེ་ ཡོདཔ་ཨིན་པས།
འདམ་སྦྱིས་ལུ་སྡོད་མི་ ལམ་སེལ་ལས་ཁུངས་ཀྱི་ བཀོད་ཁྱབ་བཟོ་རིག་འགོ་དཔོན་འོགམ་ དཔལ་ལྡན་དབང་ཕྱུག་གིས་ སླབ་མིའི་ནང་ ད་ལྟོ་ ཆུ་གིས་འཕྱགས་འབག་མི་ འགོ་ཐོག་གི་ ཟམ་གྱི་ས་ཁོངས་ནང་ ཟུར་ལམ་ཅིག་ སེལ་བའི་བསྒང་ཡོད་ཟེར་ཨིནམ་ད་ འཕྲུལ་ཆས་༢ ཟམ་བརྒལ་ཞིནམ་ལས་ ད་རུང་ ཆུ་གིས་འཕྱགས་བདའ་མི་ ཟམ་༢ པའི་བར་ན་ ཆུ་གིས་ རྩ་བ་ལས་ར་ འཕྱགས་བདའ་མི་ ལམ་ཀི་ལོ་མི་ཊར་༡.༡ དེ་ཅིག་འབད་མི་ འཁོར་ལམ་དེ་ ལོག་བསལ་ནིའི་ལཱ་ཚུ་ འགོ་བཙུགས་ཅི་ཟེར་ཨིན་པས།
མགར་ས་རྫོང་བདག་གིས་ བཤད་མིའི་ནང་ རྐྱེན་ངན་གྱི་ ཞིབ་དཔྱད་ཐད་ལུ་ རྫོང་ཁག་ལས་ སྡེ་ཚན་ཅིག་ ས་གནས་ཚུ་ནང་ བཏང་ཡོད་མི་དེ་ ད་རིས་ རྫོང་ཁག་ནང་ སྙན་ཞུ་དང་གཅིག་ཁར་ ལོག་ལྷོད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
རྫོང་ཁག་ནང་ སྡོད་མི་ཚུ་གིས་ ད་རེས་ནངས་པ་ འཚོ་སྐྱོང་ག་དེ་སྦེ་ འཐབ་དོ་ཡོད་གའི་སྐོར་ལས་ དྲི་བཀོད་འབད་བའི་སྐབས་ གནས་སྐབས་ཅིག་ མི་སེར་ཚུ་གིས་ ཚོང་ཁང་ཚུ་ནང་ལས་ བཟའ་འཐུང་ཚུ་ཉོ་སྟེ་ འཚོ་སྐྱོང་འཐབ་དོ་ཡོད་རུང་ ད་ལས་ཕར་ ག་དེ་སྦེ་འགྱོ་འོང་ག་ སླབ་མི་ཤེས་པས་ཟེར་ རྫོང་བདག་བསོད་ནམས་འཇིགས་མེད་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment