གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐྱེན་ངན་འཛིན་སྐྱོང་གི་ དཔྱད་ཡིག་དོན་ཚན་༡༡ ལུ་ ངོས་ལེན་མེདཔ།


ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ རྐྱེན་ངན་འཛིན་སྐྱོང་གི་སྐོར་ལས་ གསལ་ཞུ་འབད་བའི་བསྒང་།
 ༣/༧/༢༠༡༢། ༉ རྒྱལ་ཡོངས་ཚོགས་འདུ་ནང་ ཉིན་གྲངས་༢ ཀྱི་རིང་ རྐྱེན་ངན་འཛིན་སྐྱོང་གི་ དཔྱད་ཡིག་སྐོར་ལས་ གྲོས་བསྡུར་འབད་བའི་ཤུལ་ལུ་ ཁ་ཙ་ དོན་ཚན་༣༤ གྲོས་བསྡུར་འབད་མིའི་གྲས་ལས་ དོན་ཚན་༡༡ ལུ་ ངོས་ལེན་མེདཔ་ཨིན་པས།
ཚོགས་དཔོན་འོགམ་ གཡང་ཁུ་ཚེ་རིང་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ འབྱུང་བ་བཞིའི་རྐྱེན་ངན་ཚུ་ བྱུང་བཞིན་དུ་ཡོདཔ་ལས་བརྟེན་ རྐྱེན་ངན་འཛིན་སྐྱོང་གི་ བཅའ་ཁྲིམས་མེད་པ་ཅིན་ མ་འོངས་པ་ལུ་ དཀའ་ངལ་འབྱུང་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།


དོན་ཚན་༡༣༧ པའི་ནང་ དོན་ཚན་གསརཔ་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་དང་ རྐྱེན་ངན་འཛིན་སྐྱོང་དབང་འཛིན་ཚུ་གིས་ ཡིག་ཐོ་ཚུལ་དང་མཐུནམ་སྦེ་ བཞག་ནི་དེ་ ཁག་ཆེཝ་མ་ཚད་ མི་མང་གིས་ བརྡ་དོན་འཐོབ་ཚུགསཔ་བཟོ་དགོ་ཟེར་ འཁོད་དེ་ཡོད་མི་ལུ་ སྐྱེངས་མཁར་ ཝེ་རིང་ལ་གི་ འཐུས་མི་གིས་ ཞུ་དོ་བཟུམ་འབད་བ་ཅིན་ མི་མང་གིས་ བརྡ་དོན་འཐོབ་ཚུགསཔ་བཟོ་དགོ་ཟེར་མི་དེ་ ཕུང་གི་གཞི་ཅིག་ ཨིནམ་ལས་བརྟེན་ དབྱེ་བ་ལེགས་ཤོམ་སྦེ་དཔྱད་དགོཔ་འདུག་ཟེར་ཞུ་ཡི།
ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ ཞུ་མི་དང་འཁྲིལཝ་ད་ ཡིག་ཆ་བཞག་ནིའི་ཐད་ཁར་ གཞུང་གིས་ ཕྱག་ལཱ་གནང་ཞིནམ་ལས་ བཞག་ར་བཞག་དགོཔ་ད་ རྐྱེན་ངན་ཐོན་པའི་སྐབས་ མ་དངུལ་དང་ ཅ་ཆས་ཚུ་ གཞུང་གིས་གནང་དགོ་པའི་སྐོར་ལས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལུ་ ལོ་བསྟར་བཞིན་དུ་ སྙན་ཞུ་ཕུལ་དོ་ཟེར་ཨིནམ་ད་ མི་མང་གིས་ བརྡ་དོན་འཐོབ་ཚུགསཔ་བཟོ་དགོ་ཟེར་མི་དེ་ སྟབས་མ་བདེཝ་སྦོམ་འདུག་ཟེར་ཞུ་ཡི།
དབང་འདུས་ཀྱི་འཐུས་མི་ པ་སངས་འཕྲིན་ལས་ཀྱིས་ ཞུ་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་བྱུང་པའི་སྐབས་ གནས་ཚུལ་བསྡུ་ལེན་པ་ཚུ་གིས་ ལོགས་ཅིག་ལས་ ཨུ་ཚུགས་རྐྱབ་པའི་སྐབས་ རྐྱེན་ངན་བྱུང་སའི་ས་ཁོངས་ནང་ ལཱ་འབད་ནི་ཡང་ བཀོག་བཞག་སྟེ་ ཁོང་གི་ ལན་རྐྱབ་དགོཔ་ཐོན་དོ་ཡོདཔ་ལས་ སྟབས་མ་བདེཝ་བྱུངམ་མས་ཟེར་ཨིནམ་ད་ དེ་འབདཝ་ལས་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ མང་ཤོས་ཅིག་གི་ར་ ངོས་ལེན་མེདཔ་སྦེ་ ཞུ་བའི་ཤུལ་ལུ་ ཆ་འཇོག་གྲུབ་མ་ཚུགས།
ད་རུང་ དོན་ཚན་༢༦ པའི་༢ པ་ནང་ རྫོང་ཁག་སྐྱིད་སྡུག་འགོ་དཔོན་༡ དགོ་པས་ཟེར་མི་དེ་ལུ་ འཐུས་མི་ག་ར་གིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་རུང་ ཚིག་གི་བསྒྱུར་བཅོས་འབད་ནིའི་དོན་ལུ་ ངོས་ལེན་མེདཔ་སྦེ་བཞག་སྟེ་ སྤྱི་ཚོགས་ལྷན་ཞུགས་ནང་ གསུང་གྲོས་གནང་ནི་སྦེ་ བཞག་ཡོདཔ་ཨིན།
རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ བརྒྱ་ཆ་ལས་བརྒྱ་གིས་ ཚོགས་རྒྱན་བཙུགས་ཐོག་ལས་ སྤྱི་ཚོགས་ལྷན་བཞུགས་གནང་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment