གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྡུང་རྫོབ་འབད་མི་ ཕོ་སྐྱེས་ཅིག་ སྨན་བཅོས་འབད་བའི་བསྒང་ཡོདཔ།


༣༠/༦/༢༠༡༢། ༉ བུམ་ཐང་གི་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༥༠ ལང་མི་ ཕོ་སྐྱེས་ཅིག་ བརྡུང་རྫོབ་འབད་མི་ལུ་བརྟེན་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉེས་འཛུགས་འབད་མི་ ཕོ་སྐྱེས་དེ་གིས་ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ ཆུ་སྨད་རྒེད་འོག་ ཀེར་གཙོ་སྤྱི་འོག་གི་ ཐན་ད་སྒང་གཡུས་ཚན་ནང་ སོ་ནམ་ཞིང་ལམ་བཏོན་པའི་བསྒང་ཡོད་མི་ ས་བརྐོ་འཕྲུལ་མི་དེ་ བརྙ་དགོཔ་སྦེ་ སླབ་པའི་ཤུལ་ལས་ རྐྱེན་ངན་བྱུང་ཡོདཔ་ཨིན་པས།


དེ་ཡང་ ཉམས་རྒུདཔ་ཕོ་སྐྱེས་དེ་ འཕྲུལ་ཆས་སྲུང་མི་ཨིནམ་ལས་ ཉེས་འཛུགས་ཅན་གྱིས་ ཕྱི་རུ་ འཕྲུལ་ཆས་བརྙ་ནི་སྦེ་ སླབ་པའི་སྐབས་ ཁོ་གིས་ ས་གནས་ཀྱི་རྒཔོ་ལུ་ སྙན་ཞུ་འབད་དགོ་ཟེར་ རྒཔོ་ལུ་ བརྒྱུད་འཕྲིན་བཏངམ་ད་ བྱུང་ཡོདཔ་ད་ ཉམས་རྒུདཔ་དེ་  ལོང་མ་ཚུགས་པར་ བརྡུང་རྫོབ་འབད་ཡོདཔ་ལས་ ནདཔ་འབག་མི་ སྣུམ་འཁོར་གྱིས་ སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉམས་རྒུདཔ་ཕོ་སྐྱེས་དེ་ ཧེ་མ་ལས་ རྣམ་ཅོག་གུ་ གཤག་བཅོས་འབད་ཡོདཔ་ལས་ རྐྱེན་ངན་བྱུང་པའི་སྐབས་ ཧེང་སྐལ་ར་ གནོད་སྐྱོན་བྱུང་ཡོདཔ་ལས་ ད་ལྟོ་ ཐིམ་ཕུ་སྨན་ཁང་ནང་ སྨན་བཅོས་འབད་བར་ བཏང་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་ལུ་ བརྡུང་རྫོབ་འབད་བའི་ ཉེས་འཛུགས་འབད་ནི་ཨིནམ་ད་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

No comments:

Post a Comment