གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་རྟེན་རྩ་ཅན་ཚུ་གི་ མཇལ་ཁ་གནང་ཡོདཔ།

 མོང་སྒར་བཙན་ཕུག་སྒྲུབ་སྡེའི་ སྒྲུབ་དཔོན་ཚེ་རིང་གིས་ 
དད་ཅན་སྐྱ་སེར་བརྒྱ་ལས་བཅད་དེ་ 
འཛོམས་མི་ཚུ་ལུ་ ནང་རྟེན་རྩ་ཅན་ཚུ་གི་ དབང་གནང་པའི་བསྒང་།
༣༠/༦/༢༠༡༢། ༉ ཁ་ཙ་ སྤྲེལ་ཟླ་ཚེས་བཅུའི་ཉིནམ་ བརྩི་སྲུང་ཞུ་ནིའི་དོན་ལུ་ མོང་སྒར་གཡག་སྒང་ལྷ་ཁང་གི་ ནང་རྟེན་རྩ་ཅན་ཚུ་ མི་མང་ལུ་ མཇལ་ཁ་གནང་ཡི།
ནང་རྟེན་ཚུ་ཡང་ གཏེར་བཏོན་པདྨ་གླིང་པ་གིས་ བུམ་ཐང་ སྟང་མེ་འབར་མཚོ་ལས་ གཏེར་བཞེས་གནང་མི་ སྟོན་པའི་སྐུ་འདྲ་དང་ པདྨ་གླིང་པ་ཁོ་རའི་ ཕྱག་བཟོ་ཕུར་པ་ ནམ་མཁའི་དབྱིངས་ལས་འཕུར་བྱོན་མི་ སྤྱན་རས་གཟིགས་ཀྱི་སྐུ་འདྲ་ པད་གླིང་བླ་བརྒྱུད་ཚུ་གི་སྲུང་གའུ་ བྱམས་མགོན་གྱི་སྐུ་འདྲ་ རྗེ་བཙུན་སྒྲོལ་མའི་སྐུ་འདྲ་ སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་འདྲ་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་ལྗགས་ཚིལ་གྱི་རིང་བསྲེལ་ ཨ་ཞེ་སྣང་སའི་རིང་བསྲེལ་ རྟ་མཆོག་བྷ་ལ་ཧའི་ མཆེཝ་ཆ་གཅིག་ ཀླུའི་རྒྱལ་པོ་བྷ་སུ་རྟའི་ཐོད་པ་ དེ་ལས་ སེར་བ་བཅོམ་ཚུགས་པའི་ དུང་དཀར་ཚུ་ཨིན་པས།

དེ་མ་ཚད་ ཉིནམ་དེ་ཁར་ གཏེར་འཆམ་ལས་འགོ་བཟུང་སྟེ་ གཤིན་རྗེ་ཡབ་ཡུམ་དང་ ཞྭ་ནག་རྔ་འཆམ་ གསོལ་འདེབས་འཆམ་ལ་སོགས་པ་ཚུ་ སྟོན་ཡོདཔ་ད་ མོང་སྒར་ཁྲོམ་ཁར་སྡོད་མི་ ཚོང་པ་དང་ ཞི་གཡོགཔ་ དེ་ལས་ གཡུས་ཁའི་མི་སེར་ཚུ་གིས་ཡང་ ཉིནམ་དེ་ལུ་ དགེ་བའི་ལཱ་ལུ་བརྩོན་ནིའི་ གོ་སྐབས་བཟང་པོ་ཅིག་ཨིནམ་ལས་ སེམས་དགའ་ཡི་ཟེར་ ནང་རྟེན་ཚུ་གི་ མཇལ་ཁ་ཞུ་བར་འོང་མི་ སོ་ནམ་པ་ ཚེ་དབང་གིས་ སླབ་ཨིན་པས།
ད་རེས་ནངས་པ་ གཡག་སྒང་ལྷ་ཁང་ནང་ བླ་བརྒྱུད་འཛིན་མི་ པད་གླིང་གདུང་བརྒྱུད་ཀྱི་སྲས་ སྐྱེས་ལོ་༣༤ ལང་མི་ ཀུན་ལེགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ རང་ཟླ་༥ པའི་ཚེས་༡༠ ལུ་ སྤྲེལ་ཟླ་ཚེས་བཅུའི་སྐབས་ མི་མང་ལུ་ ལྷ་ཁང་གི་ནང་རྟེན་དང་ སྐུ་མཆམ་ཚུ་ གསལ་སྟོན་འབད་ནི་དེ་ སྔོན་དང་ཕུ་ལས་ར་ འདུག་ཟེར་ཨིན་པས།

མི་མང་ལུ་ མཇལ་ཁ་གནང་མི་ ནང་རྟེན་རྩ་ཅན་ཚུ།

གཏེར་བཏོན་པདྨ་གླིང་པའི་གདན་ས་ གཡག་སྒང་ལྷ་ཁང་གི་ ནང་རྟེན་རྩ་ཅན་ཚུ་ ལོ་བསྟར་བཞིན་དུ་ རང་ཟླ་༥ པའི་ཚེས་༡༠ ལུ་   སྤྲེལ་ཟླ་ཚེས་བཅུའི་ཉིན་མར་ དད་ཅན་སྐྱ་སེར་ཚུ་ལུ་ མཇལ་ཁ་གནང་སྲོལ་ཡོདཔ་ཨིན་པས།
དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ནང་ ནད་མུག་འཁྲུགས་རྩོད་ཚུ་ཞི་སྟེ་ བདེ་སྐྱིད་ཀྱི་ངང་ལུ་གནས་ནི་དང་ ལྷག་པར་དུ་ སྙིགས་མ་ལྔ་བདོའི་སེམས་ཅན་ཚུ་ ནང་རྟེན་མཇལ་བ་ཙམ་གྱིས་ ཁམས་གསུམ་འཁོར་བ་ལས་འགྲོལ་ཏེ་ གནས་སྐབས་ ལྷ་དང་མིའི་གོ་འཕང་དང་ མཐར་ཐུག་ སངས་རྒྱས་ཀྱི་གོ་འཕང་འཐོབ་ནིའི་དོན་ལུ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment