གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉེས་ལས་ལུ་ གདོང་ལེན་འབད་མི་ ཁྲིམས་སྲུང་འགག་པ་དང་ མི་མང་མཉམ་འབྲེལ།

སྤྱི་ཟླ་༧ པའི་ཚེས་༡༥ ལུ་ མཇུག་བསྡུ་མི་ ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ།
༡༧/༧/༢༠༡༢   ༉ ཁྲིམས་འགལ་གྱི་ ལཱ་བྱ་འཐབ་མི་ཚུ་ལུ་ གདོང་ལེན་འབད་ནིའི་ནང་ མི་སྡེ་ལས་ རོགས་རམ་མངམ་སྦེ་ འཐོབ་ནི་ལུ་དམིགས་ཏེ་ ཁྲིམས་སྲུང་འགག་སྡེ་གིས་ མོ་བཏབ་ལས་འགུལ་བཟུམ་ཅིག་སྦེ་ དུས་ཅི་ལས་ ཁྲིམས་སྲུང་འགག་པ་དང་ མི་མང་མཉམ་འབྲེལ་ལས་རིམ་ཅིག་ འགོ་བཙུག་ནི་ཨིནམ་ད་ ལས་རིམ་གྱི་ ཐབས་བྱུས་དེ་ སྤྱི་ལོ་༢༠༠༨ ལས་ཚུར་ སློབ་གྲྭའི་ངལ་གསོ་སྐབས་ ཁྲིམས་སྲུང་འགག་སྡེ་གིས་ འགོ་འདྲེན་འཐབ་མི་ ཁྲིམས་སྲུང་འགག་པ་དང་ ན་གཞོན་མཉམ་འབྲེལ་ལས་རིམ་དང་ ཆ་འདྲཝ་ཨིན་པས།


ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ མདོ་འཛིན་སྐྱིབས་ཅུང་རྣམ་རྒྱལ་གྱིས་ སླབ་མི་དང་འཁྲིལཝ་ད་ ལས་རིམ་དེ་གི་ཐོག་ལས་ མི་སྡེའི་འཐུས་མི་ཚུ་གིས་ མི་མང་རྐྱངམ་གཅིག་མིན་པར་ ཁྲིམས་སྲུང་འགག་པ་གང་རུང་ཅིག་གིས་ ཉེས་ལས་འཐབ་སར་དང་ ཡང་ཅིན་ ཁྲིམས་ལུགས་ཚུ་ལས་འགལ་བའི་ ལག་ལེན་ཚུ་ མཐོང་གསལ་བྱུངམ་ད་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
ད་རིས་སློབ་གྲྭའི་ གནམ་འབྱ་གི་ ངལ་གསོ་སྐབས་ སྤ་རོ་ལུ་ འགོ་འདྲེན་འཐབ་སྟེ་ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ མཇུག་བསྡུ་མི་ ཁྲིམས་སྲུང་འགག་པ་དང་ ན་གཞོན་མཉམ་འབྲེལ་ལས་རིམ་ནང་ སློབ་ཕྲུག་༥༥ དེ་ཅིག་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

No comments:

Post a Comment