གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲལ་བསྐྱར་བཟོའི་དཔྱད་ཡིག་༢༠༡༢ ཅན་མ་ ལོག་རྒྱལ་ཡོངས་ཚོགས་ འདུ་ལུ་ཕུལ་ནི།

༣/༧/༢༠༡༢། ༉ རྒྱལ་ཡོངས་ཚོགས་འདུ་ལས་ གྲོས་འདེབས་ཕུལ་མི་ ཁྲལ་བསྐྱར་བཟོའི་དཔྱད་ཡིག་༢༠༡༢ ཅན་མའི་ མཐའ་འཁོར་སྔོ་ལྗང་གི་ཁྲལ་དེ་ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་ལས་ ཕྱིར་འབུད་མཛད་དགོ་པའི་ ཞུ་བ་ཕུལཝ་བཞིན་དུ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་གྱིས་ རྒྱལ་ཡོངས་ཚོགས་འདུ་ལུ་ ཕུལ་ནི་འབད་ཆ་འཇོག་གྲུབ་གནང་ཡི།
དེ་ཡང་ གཞུང་ལས་ ཁྲལ་བསྐྱར་བཟོའི་དཔྱད་ཡིག་༢༠༡༢ ཅན་མ་དེ་ རྒྱལ་ཡོངས་ཚོགས་འདུ་གིས་ གསུང་གྲོས་ཞིབ་ཞིབ་གནང་སྟེ་ འཕྲི་སྣོན་མཛད་མི་ལས་ གཞུང་གིས་ འཕྲུལ་ཤུགས་སི་སི་༡༨༠༠ དང་ དེ་ལས་ ལྷག་པའི་འཕྲུལ་ཤུགས་ཀྱི་ སྐྱེལ་འདྲེན་སྣུམ་འཁོར་ལུ་ མཐའ་འཁོར་སྔོ་ལྗང་གི་ཁྲལ་བརྒྱ་ཆ་༤༠ བཀལ་མི་དེ་ རྒྱལ་ཡོངས་ཚོགས་འདུ་གིས་ ཕྱིར་འབུད་མཛད་དེ་ བརྒྱ་ཆ་༢༠ ལུ་དང་ སྣུམ་འཁོར་ཆུང་བ་དང་ བཱསི་ པིཀ་ཨཔ་ ཊཱག་ཚུ་ལུ་ ཁྲལ་བརྒྱ་ཆ་༥ བཀལ་ཡོདཔ་ཨིན་པས།


ཨིན་རུང་ རྒྱལ་ཡོངས་ཚོགས་སྡེའི་ བུམ་ཐང་གི་འཐུས་མི་ ཚེ་དབང་འགྱུར་མེད་ཀྱིས་ གསལ་ཞུ་འབད་མི་དང་འཁྲིལཝ་ད་ གཞུང་གིས་ སྔོ་ལྗང་གི་ཁྲལ་བཀལ་དགོ་མི་དེ་ གནད་དོན་དྭངས་གསལ་སྦེ་བཀོད་དགོ་པའི་ཁར་ སྣུམ་འཁོར་ཆ་ེབ་ཊཱག་དང་ པིག་ཨཔ་ བཟོ་གྲྭ་འཕྲུལ་ཁང་ འཕྲུལ་ཆས་གཞན་གྱི་རིགས་ཚུ་གིས་ རང་བཞིན་གནས་སྟངས་ལུ་ གནོད་པ་མེད་པའི་གསལ་སྟོན་འབདཝ་ཨིན་ཟེར་ཞུ་ཡི།
སྤྱི་ལོ་༢༠༡༡ ལུ་ཡང་ གཞུང་གི་ གྲོས་འདེབས་བལྟར་དུ་ སྤྱི་ཚོགས་ཀྱིས་ སྣུམ་འཁོར་ནང་འདྲེན་ལུ་ ཁྲལ་བཀལ་ཡོདཔ་ཨིན་རུང་ དེ་གིས་ཡང་ རྒྱལ་ཁབ་ལུ་ ཕན་ཐོགས་བྱུང་མ་ཚུགསཔ་ལས་ གཞུང་གིས་ གྲོས་འདེབས་ཕུལ་མི་དང་ ལག་ལེན་འཐབ་མི་གཉིས་ཀྱི་བར་ན་ ཕན་ཚུན་འབྲེལ་བ་མེདཔ་ལས་ སྔོ་ལྗང་གི་ཁྲལ་དེ་ ཕྱིར་འབུད་གཏང་དགོ་པའི་ཞུ་བ་ཕུལ་ཡི།
ལྷུན་རྩེའི་འཐུས་མི་ རིག་འཛིན་གྱིས་ སྔོ་ལྗང་གི་ཁྲལ་བཀལ་མི་གིས་ ཚོང་ནང་འདྲེན་དང་ རུ་པིའི་དཀའ་ངལ་ སྣུམ་འཁོར་མར་ཕབ་ བཙོག་རླུང་མར་ཕབ་འབད་ནི་ དེ་ལས་ རང་བཞིན་གནས་སྟངས་ལུ་བརྟེན་ རྒྱལ་ཁབ་གོང་འཕེལ་བརྒྱ་ཆ་ལས་བཅད་དེ་ བཏང་ཚུགས་པའི་གསལ་བཀོད་མེདཔ་ལས་ ལག་ལེན་དེ་གིས་ མི་སེར་ཉམ་ཆུང་ཚུ་ལུ་ དཀའ་ངལ་བྱུངམ་མས་ཟེར་ཞུ་ཡི།
སྤྱི་ལོ་༢༠༡༡ ལུ་ ནང་འདྲེན་བཀག་ཐབས་ལུ་ གཞུང་གིས་ ཁྲལ་ཡར་སེང་འབད་རུང་ སྣུམ་འཁོར་ནང་འདྲེན་རྒྱ་ཆེཝ་སྦེ་ར་ འབད་མི་ལུ་བལྟཝ་ད་ དེ་གིས་ ཕན་ཐོགས་མིན་འདུག་ཟེར་ཞུ་ཡི།
རྒྱལ་ཁབ་ནང་ སྐྱེལ་འདྲེན་གྱི་ཞབས་ཏོག་དེ་ར་ ལེགས་ཤོམ་སྦེ་ཡོད་པ་ཅིན་ མི་སེར་གྱིས་ མཁོ་འདོད་ཡང་ མི་བསྐྱེད་ཟེར་ཨིནམ་ད་ མི་སེར་ཚུ་རྒྱུ་ནོར་ལྷག་སྟེ་ སྣུམ་འཁོར་ཉོ་འདྲེན་འབདཝ་མེན་པར་ གནས་སྟངས་དང་འཁྲིལ་ ངེས་པར་དུ་ མཁོ་སྒྲུབ་འབད་དགོཔ་བྱུངམ་ལས་བརྟེན་ཨིན་མས་ཟེར་ཞུ་ཡི།
ཐིམ་ཕུ་ལས་ འཐུས་མི་སངས་རྒྱས་བཟང་མོ་གིས་ དཀའ་ངལ་ག་ཅི་ར་ཐོན་རུང་ དེ་བཀག་འཐབ་འབད་ནིའི་དོན་ལུ་ ཁྲལ་བཀལ་ནི་རྐྱངམ་གཅིག་ལུ་ དམིགས་གཏད་བསྐྱེད་དེ་ ཨིན་མས་ཟེར་ཞུ་བའི་ཁར་ ད་ཚུན་ལུ་ ཁྲལ་བཀལ་མི་གིས་ གཞུང་ལུ་ མ་དངུལ་འབོར་ཆེ་ཏོག་ཏོ་བཟོ་བའི་སྐོར་ སྙན་ཞུ་མ་ལྷོད་ཟེར་ཨིནམ་ད་ ལོ་༢༠ འི་ ཧེ་མ་ལས་ རྒྱལ་ཁབ་ནང་ སྣུམ་འཁོར་ཉོ་འདྲེན་འབད་བཞིན་དུ་ཡོདཔ་ལས་ དེ་གིས་ རང་བཞིན་གནས་སྟངས་ལུ་ གནོད་སྐྱོན་དེ་ཅིག་ཞུགས་ནུག་ཟེར་བའི་ ཐོ་བཀོད་མིན་འདུག་ཟེར་ ཞུ་ཡི།
རྒྱལ་ཁབ་ནང་ ཁྲལ་ཡར་སེང་ག་དེ་སྦེ་འབད་རུང་ སྣུམ་འཁོར་ནང་འདྲེན་འབད་བཞིན་དུ་ར་ཡོདཔ་མ་ཚད་ ཐབས་ལམ་དེ་གིས་ སྣུམ་འཁོར་ཉོ་འདྲེན་བཀག་ཐབས་ལུ་ ཕན་ཐོགས་མ་ཚུགས་པའི་ཁར་ ད་རུང་ གཞུང་གིས་ ཤུལ་མའི་ཚོགས་འདུ་ནང་ཡང་ ཁྲལ་ཡར་སེང་འབད་དགོ་པའི་སྐོར་ལས་ གྲོས་འདེབས་ཕུལཝ་ཕུལ་ས་ར་ སྡོད་ནི་བཟུམ་ཅིག་འདུག་ དེ་འབདཝ་ལས་ སྤྱིར་བཏང་སྔོ་ལྗང་གི་ཁྲལ་བཀལ་དགོ་པའི་རྒྱུ་མཚན་ཁ་གསལ་ཅིག་ ག་ནི་ཡང་མིན་འདུག་ཟེར་ ཞུ་བ་ཕུལ་ཡི།
བསམ་གྲུབ་ལྗོངས་མཁར་འཐུས་མི་འཇིགས་མེད་དབང་ཕྱུག་དང་ དར་དཀར་ན་འཐུས་མི་བསོད་ནམས་རྡོ་རྗེ་ དེ་ལས་ བཀྲིས་གཡང་རྩེ་འཐུས་མི་སྐལ་བཟང་རྣམ་རྒྱལ་གྱིས་ ཁྲལ་བསྐྱར་བཟོའི་དཔྱད་ཡིག་༢༠༡༢ ཅན་མའི་ སྔོ་ལྗང་གི་ཁྲལ་བཀལ་ནི་ཟེར་མི་དེ་ འོས་འབབ་མ་ལྡནམ་མ་ཚད་ དེ་གིས་ མི་སྡེའི་དཔལ་འབྱོར་ཡར་དྲག་གཏང་ནི་དང་ དབུལ་ཕོངས་ཀྱི་དཀའ་ངལ་བསལ་ནི་ལུ་ ཕན་ཐོགས་མིན་འདུག་ཟེར་ཞུ་མི་དེ་ཡང་ དཔེར་ན་ ས་མར་ཁུ་དང་ མེ་རླུང་གཱེསི་ པེ་ཏྲོལ་ ཌི་ཟིལ་ འཕྲུལ་ཆའི་བྱུག་སྣུམ་ ཁྱེགས་སྒྲོམ་ཆེ་ཆུང་ དེ་ལས་ བསིལ་དྲོད་སྙོམ་འཕྲུལ་གྱི་ཁྲལ་བཀལ་ནི་ཟེར་མི་གིས་ ཧེང་བཀལ་ར་གནོད་པ་ཡོདཔ་ལས་ དེ་ཚུ་ ཕྱིར་འབུད་གཏང་དགོ་པའི་ ཞུ་བ་ཕུལ་ཡི།
རྒྱལ་ཡོངས་ཚོགས་ཁང་ནང་ ཆང་རིགས་ཀྱི་ནང་ཁྲལ་བསྐྱར་བཟོ་༢༠༡༢ ཅན་མ་ལུ་ ལྷུན་རྩེ་འཐུས་མི་རིག་འཛིན་རིག་འཛིན་གྱིས་ ཞུ་དོ་བཟུམ་འབད་བ་ཅིན་ གཞུང་གིས་ ན་ཧིང་ ནང་འཁོད་ཀྱི་ ཆང་རིགས་ལུ་ ནང་ཁྲལ་བརྒྱ་ཆ་༣༠ ལས་༧༥ ཚུན་ ཡར་སེང་འབད་ཡོདཔ་ལས་ བསྐྱར་བཟོ་འབད་ཡོད་པའི་ཁྲལ་རིགས་ལུ་ ཡང་བསྐྱར་དུ་ ཁྲལ་བརྒྱ་ཆ་༥༠ བཀལ་དགོ་པའི་འོས་འབབ་མེདཔ་མ་ཚད་ ན་ཧིང་ ཁྲལ་བཀལ་མི་གིས་ ཕན་ཐོགས་མིན་པར་ ལྷག་པར་དུ་ མི་སེར་ཚུ་ལུ་སྡུག་གྱོང་ཅིག་ཨིནམ་ལས་ དེ་ལུ་ རྒྱབ་སྐྱོར་མེད་ཟེར་ཞུ་ཡི།
རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་ འཐུས་མི་མང་ཤོས་ཅིག་གིས་ སྔོ་ལྗང་གི་ ཁྲལ་ཚད་༢༠༡༢ ཅན་མ་དེ་ ཕྱིར་འབུད་བཏང་དགོ་པའི་ ཞུ་བ་ཕུལཝ་བཞིན་དུ་ ཆ་འཇོག་གྲུབ་དོན་ལུ་ ཚོགས་རྒྱན་བཙུགས་པའི་སྐབས་ རྒྱལ་ཡོངས་ཚོགས་སྡེ་ལས་ འཐུས་མི་༢༢ ཆ་མཉམ་གྱིས་ མོས་མཐུན་ཐོག་ཚོགས་རྒྱན་བཙུགས་ཡོདཔ་ལས་ ཆ་འཇོག་མཛད་གནང་ཡི།
རྒྱལ་ཡོངས་ཚོགས་སྡེ་ལས་ སྔོ་ལྗང་གི་ཁྲལ་བསྐྱར་བཟོ་དང་ ཆང་རིགས་ཀྱི་ནང་ཁྲལ་གཉིས་ འཕྲི་སྣོན་འབད་དེ་ རྒྱལ་ཡོངས་ཚོགས་འདུ་ནང་ ཕུལ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment